སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མའི་གསུང་འབུམ་དཔེ་བསྐྲུན་གྱིས་བཀྲམ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-05-20 12:55:50     རྩོམ་པ་པོ།   དགེ་ལུགས་དྲ་བ།    ཀློག་ཐེངས།  

微信图片_20230520144018.jpg

སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མའི་གསུང་འབུམ་ཉེ་ཆར་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་གྱིས་ཕྱོགས་སུ་བཀྲམ།༧སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མ་དཔལ་བཟང་བོའི་གསུང་འབུམ་འདི་འབུམ་རམས་པ་མགོན་པོ་སྐྱིད་ཀྱིས་ལོ་ངོ་དུ་མར་འཚོལ་བསྡུ་དང་དག་སྒྲིག་བྱས་པ་ཞིག་གོ ། 

རྩོམ་པ་པོ་སྡེ་བ་་འཇམ་དབྱངས་ཐུབ་བསྟན་ཉི་མ་དཔལ་བཟང་བོ་ནི། མདོ་སྨད་རྩེ་གཞུང་ཧ་ཐོན་མདའ་ཚན་ཞེས་བྱ་བར་ཡབ་ངག་དབང་ཕུན་ཚོགས་དང་ཡུམ་ལྷ་མོ་སྐྱིད་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༧༧༩ལོར་སྐུ་འཁྲུངས་ཤིང་། ཆུང་དུས་ནས་མདོ་སྔགས་གཞུང་ལུགས་མཐའ་དག་ལ་ཐོས་བསམ་སྒོམ་གསུམ་དཔྱིས་ཕྱིན་པ་བྱས་ཞིང་། སྐུ་ཚེ་གང་བོར་དུས་འཁོར་དབང་ཆེན་ཐེངས་ལྔ་བཅུ་ལྷག་གནང་བར་གྲགས་པ་སོགས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་བརྩོན་པའི་ལས་ཀྱིས་དུས་འདའ་བར་མཛད། དགུང་ལོ་གྱ་བཞི་པ་སྟེ་སྤྱི་ལོ་༡༨༦༢ལོའི་ཟླ་གཉིས་པའི་ཚེས་བཞི་ཉིན་སྐུ་གཤེགས། 

རྗེ་བཙུན་འཇམ་དབྱངས་ཐུབ་བསྟན་ཉི་མ་དཔལ་བཟང་བོའི་གསུང་འབུམ་ལ་པོད་དྲུག་བཞུགས་ཤིང་། འདིར་ཐུའུ་བཀྭན་བློ་བཟང་བཤད་སྒྲུབ་དབང་ཕྱུག་རྒྱ་མཚོས་མཛད་པའི་རྗེ་བཙུན་འཇམ་དབྱངས་ཐུབ་བསྟན་ཉི་མ་དཔལ་བཟང་པོའི་རྣམ་ཐར་བ་དང་། ཀུན་མཁྱེན་་སྐུ་འཕྲེང་གསུམ་པའི་གསང་རྣམ་གསོལ་འདེབས། གུང་ཐང་འཇམ་པའི་དབྱངས་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསང་བའི་རྣམ་ཐར་རྫོགས་ལྡན་སྤྲིན་གྱི་སྒྲ་དབྱངས། རྩེ་དབུས་པ་འཇམ་དབྱངས་བཤེས་གཉེན་གྱི་རྣམ་ཐར་རིན་ཆེན་ཕྲེང་མཛེས། མེར་གན་མཁན་པོ་བློ་བཟང་ཚེ་འཕེལ་བའི་རྣམ་ཐར་པདྨ་དཀར་པོའི་ཕྲེང་བ། འདུལ་བ་མདོ་རྩའི་བསྡུས་དོན་ནོར་བུའི་དོ་ཤལ་དང་། མངོན་རྟོགས་རྒྱན་གྱི་འགྲེལ་བ་དོན་གསལ་གྱི་བསྡུས་དོན་སྣང་བའི་ཉི་མ། མངོན་རྟོགས་རྒྱན་གྱི་མཆན། མདོ་སྡེ་རྒྱན་གྱི་ཆོས་མོས་ཆོས་ཚོལ་གྱི་ལེའུའི་བསྡུས་དོན། དུས་འཁོར་གྱི་བླ་མའི་རྣལ་འབྱོར་དང་། ཕྱག་རྡོར་འཁོར་ཆེན་གྱི་བླ་མའི་རྣལ་འབྱོར། དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་གྱི་རྣམ་བཞག་འཇམ་དཔལ་ཞལ་ལུང་། དཔལ་དུས་ཀྱི་འཁོར་ལོའི་ཐུགས་དཀྱིལ་གྱི་འདོན་བསྒྲིགས་བདུད་རྩིའི་བུམ་བཟང་། དུས་འཁོར་བསྙེན་ཡིག་བདུད་རྩིའི་ཐིགས་པ། དུས་འཁོར་བདག་འཇུག ངག་འདོན་བདུད་རྩིའི་ཉིང་ཁུ་སོགས་ངེས་པར་མཁོ་བའི་ཡིག་ཆ་རྩ་ཆེན་གང་མང་བཞུགས་ཡོད།

微信图片_20230520144028.jpg

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།