རྗེ་གུང་ཐང་བསྟན་པའི་དབང་ཕྱུག་མཆོག་གིས་ངོས་འཛིན་གནང་བའི་སྨན་ཆུ་བདུད་རྩི་འཁྱིལ་བའི་ངོ་མཚར།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-04-28 23:50:03     རྩོམ་པ་པོ།   ངེད་དགེ་ལུགས་དྲ་བ།    ཀློག་ཐེངས།  

微信图片_20220428234913.png

微信图片_20220428235832.jpg

微信图片_20220428235823.jpg

བསང་ཁོག་ཏུ་བཞུགས་པའི་གུང་ཐང་སྨན་ཆུ།

      འདི་ཉིད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་མི་རིང་བར་བསང་ཁོག་གི་སྒྲོག་གི་ནང་ཁྱེབས་ཀྱི་ངོས་ཞེས་པར་ཡོད་ཅིང་།  ཆུ་མིག་འདིའི་མིང་ལ་དཀར་མོ་གཡས་འཁྱིལ་ཟེར།གུང་ཐང་བསྟན་པའིདབང་ཕྱུག་མཆོག་གིས་སྨན་ཆུར་ངོས་བཟུང་ཞིང་། ཐེངས་མང་བོར་ཕེབས་ནས་སྐུའ་འཕྲོད་བསྟེན་མཛད།


མཛོད་དགེ་ན་བཞུགས་པའི་གུང་ཐང་སྨན་ཆུ།

གཙོས་གྲོང་ཁྱེར་ནས་སྤྱི་ལེ་ཉི་ཤུའི་ཡས་མས་ཡོད་ཅིང་།མཛོད་དགེའི་སྒར་རྙིང་ནས་རུ་སྟོད་མར་འགྲོ་སའི་ལམ་ཁའི་འབུམ་ཁང་ཞེས་པའི་ས་ཆར་ཡོད


ཁོ་ཚེ་ན་བཞུགས་པའི་སྨན་ཆུ་ནོར་བུ་དགའ་འཁྱིལ།

རྣམ་འཇོམས་གྲིབ་ཆ༣.jpg

སྐ་བུར་སྟག་རྩེ་ན་བཞུགས་པའི་རྣམ་འཇོམས་གྲིབ་ཆུ།

སྐ་བུར་སྨནཆུ.jpg

སྐ་ཁོག་ན་བཞུགས་པའི་གུང་ཐང་སྨན་ཆུ།

རྣམ་ཐར་དཔག་བསམ་ལྗོན་བཟང་དུ།  ཚེས་བཅུ་དྲུག་ལ་སྐྱོར་དཔོན་སྤྲུལ་བའི་སྐུ་གློ་བུར་དུ་སྐུ་གཤེགས་པའི་རྐྱེན་གྱིས་ཁོ་ཚེ་གུར་སྒར་དུ་ཕེབས་ཏེ་ཆོག་ཁྲུས་སོགས་གསུངས་ཤིང་སྤྲུལ་སྐུ་མྱུར་བྱོན་གྱི་སྨོན་ཚིག་བརྩམས།  དེ་ནས་ཕྱིར་མདའ་ཚན་ལ་ཕེབས་ནས་ཁྱིམ་སོ་སོར་ཕེབས་བཞུདཀྱི་མཇུག་རྫོགས་པར་མཛད།  མདའ་ཚན་དཔོན་སྡེ་དང་བཅས་པས་དུས་འཁོར་དབང་ཆེན་ཅིས་ཀྱང་གནང་དགོས་ཚུལ་གྱི་ཞུ་བ་ནན་ཏན་དུ་བྱས་པས་དབང་གནང་རྒྱུའི་གསུང་ལན་གནང་། དེ་ནས་ཡར་སྐ་ཁོག་ལ་ཕེབས་ཤིང་ཕྱོགས་དེར་སྨན་ཆུ་ཞིག་ཀྱང་ཕུད་དེ་ཕན་འདོགས་ཀྱི་བཀའ་དྲིན་ཚད་མེད་པ་བསྩལ། ཞེས་གསུངས།


༡༩༥༦ལོའི་དབྱར་ཁར།  རིན་པོ་ཆེ་འཁོར་བཅས་ཀྱིས་བཅིབ་རྟ་བཅིབས་ནས་(噶科洛)༼དེང་གི་སི་ཁྲོན་ཞིང་ཆེན་ཁྱུང་མཆུ་རྫོང་ཁོངས།༽ས་ཆའི་བྲག་རི་ཞིག་བརྒྱུད་པར།  མི་རྣམས་ཁ་སྐོམ་པར་གྱུར་བའི་སྐབས་ཤིག་ལ།  རིན་པོ་ཆེའི་བཅིབ་རྟའི་རྨིག་པ་གློ་བུར་དུ་ཁུང་བུ་ཞིག་ཏུ་ཤོར་བར།  དེར་ཆུ་དྭངས་མོ་ཞིག་ཐོལ་ཐོལ་དུ་འཕྱུར་ཏེ།  ལྷོག་ལྷོག་བཞུར་བའི་ཆུ་མིག་ཅིག་གྲུབ།  ཚང་མ་དགའ་ཐག་ཆོད་དེ་ཆུ་མིག་ལས་ཆུ་བཏུངས་ཤིང་སྐོམ་པ་སེལ།  ཆུའི་བྲོ་བ་དེ་འདྲའི་ཞིམ་པོ་མེད་ནའང་ཕོ་བར་ཤིན་ཏུ་འཕྲོད་པ་བྱུང་།  མི་རྣམས་ཀྱིས་དེའི་གནས་ཚུལ་ཤེས་ཏེ་ནད་སེལ་ཐུབ་ཚུལ་བསྒྲགས་པ་ན།  ཉེ་རིང་གི་མི་མང་བོ་ཆུ་དེ་འཐུང་བར་ལྷགས།  འཐུང་མཁན་མང་དུས་མི་ཉིས་སྟོང་ལྷག་ལ་འབུད་ཅིང་།  ཕྱིས་སུ་མི་རྣམས་ཀྱིས་ཆུ་མིག་དེ་ལ་གུང་ཐང་སྨན་ཆུ་ཞེས་འབོད།  

༡༩༥༨ལོར་རིན་པོ་ཆེ་བཙོན་ཁང་དུ་ཕེབས་རྗེས།  ས་གནས་དེའི་འགོ་ཁྲིད་ཀྱིས་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་དུ་བལྟས་ནས་མང་ཚོགས་ལ་འཐུང་དུ་མ་བཅུག  འོན་ཀྱང་མང་ཚོགས་རྣམས་ལྐོག་ཏུ་སོང་ནས་འཐུང་བ་སོགས་བྱས།  འགོག་མ་ཐུབ་པས།  ངན་སེམས་ཅན་དག་གིས་ཆུ་མིག་ཏུ་འབུ་གསོད་བྱེད་ཀྱི་དུག་ཕྱེ་བཏབ།  འོན་ཀྱང་དུག་ཕྱེ་དག་འཕྲལ་མར་ཆུ་མིག་ལས་བརྡོལ་བའི་ཆུས་འཁྱེར་བར་བྱེད།  ཡང་ལ་ལས་ཁྱི་དང་ཞི་ལའི་རོ་ལྟ་བུའི་བཙོག་པ་དག་ནང་དུ་འཕངས་ནའང་།  མི་རྣམས་ཀྱིས་དེ་དག་བསལ་ནས་སྔར་བཞིན་འཐུང་།  ལོ་རབས་བརྒྱད་ཅུ་བའི་མགོར་ཆེད་མཁས་པས་བརྟགས་ཏེ།  ཆུའི་ནང་དུ་གཏེར་རྫས་ཀྱི་ཆ་འདུས་པས་དངོས་གནས་ནད་སེལ་བའི་ནུས་པ་ཡོད་པར་ཐག་བཅད།  སྐབས་དེར།  མི་ཞིག་ཕྱུག་པོ་ཆགས་འདོད་ཀྱིས་ཆུ་མིག་ལྕགས་དྲས་བསྐོར་ཞིང་།  མི་རེ་ལ་སྒོར་གཅིག་རེ་དང་ནོར་ལུག་ལ་ཟུར་ལྔ་རེ་ལེན་རྒྱུའི་སྲོལ་བཙུགས།  རྗེས་སུ་རིན་པོ་ཆེས་ཚུལ་དེ་གསན་ནས་བཀའ་བཀྱོན་དྲག་པོ་གནང་བས།  ད་བཟོད་ཁྲལ་ལེན་རྒྱུ་བསྐྱུར་ཏེ་མང་ཚོགས་ཀྱིས་རང་དབང་གིས་འཐུང་ཐུབ་པ་བྱུང་། 



ཨ་མཆོག་མཚན་ཉིད་བཞུགས་པའི་གུང་ཐང་སྨན་ཆུ།



(འདི་ལེགས་པར་མ་གྲུབ་བར་དུ་གཞན་དུ་འགོད་མི་འགོད་པར་འཚལ།

འདི་དག་གི་པར་དང་ངག་རྒྱུན་ཡོད་ན་གནང་རོགས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།