རྗེ་བཙུན་ཨ་རོལ་སྐུ་ཕྲེང་གསུམ་པ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་གི་གསུང་འབུམ་འཚོལ་བསྡུ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2021-02-02 16:50:54     རྩོམ་པ་པོ།   བྱང་ཆུབ་ལམ་བཟང་སོགས།    ཀློག་ཐེངས།  

微信图片_20210202164528.jpg

1འཁྲུངས་རབས་གསོལ་འདེབས་དཔག་བསམ་ཡོངས་འདུའི་སྙེ་མ།

2བྱང་ཆུབ་བདེ་ལམ་གྱི་དམིགས་ཁྲིད་ངོ་མཚར་འོད་ཀྱི་དྲ་བ་སྤྲོ་བའི་ཉི་ཟླའི་སྣང་བ་བློ་མིན་སེལ་བའི་རྒྱན་གྱི་ས་བཅད་གོ་བདེ་བར་བཀོད་པ་འོ་མའི་བཅུད་བསྡུས།

3རང་རྒྱུད་ཆོས་ལ་སྐུལ་བྱེད་བྱང་ཆུབ་བདེ་ལམ་གྱི་དམིགས་ཁྲིད་གོ་བདེ་བར་བརྗོད་པ་ངོ་མཚར་འོད་ཀྱི་དྲ་བ་སྤྲོ་བའི་ཉི་ཟླའི་སྣང་བ་བློ་ཡི་མུན་པ་སེལ་བའི་རྒྱན།

4དྲིན་ཅན་བླ་མ་དམ་པ་ངག་དབང་བྱམས་པའི་ཞལ་སྔ་ནས་ལམ་རིམ་འཇམ་དབྱངས་ཞལ་ལུང་གི་ཁྲིད་གནང་སྐབས་ཟིན་བྲིས་སུ་བཏབ་པ།

5ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཐོས་བསམ་རྣམ་རྒྱལ་གླིང་གི་དགེ་འདུན་པ་རྣམས་བཀའ་པོད་ལྔའི་འཆད་ཉན་གཙོ་བོར་གྱུར་པའི་ཐོས་བསམ་ལ་འཇུག་པར་བསྐུལ་བའི་བསླབ་བྱའི་རིམ་པ་མཁས་གྲུབ་ངང་མོ་རྩེན་པའི་ངོ་མཚར་རླབས་ཕྲེང་།

6བསྐལ་བཟང་རྣམ་འདྲེན་བཞི་བ་སྟོན་པ་ཐུབ་པའི་དབང་བོས་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་རྒྱལ་སྲས་ཀྱི་སྤྱོད་པ་མཛད་པའི་དུས་ཀྱི་རྟོགས་པ་བརྗོད་པ་དཔག་བསམ་མེ་ཏོག་བཞད་པའི་དྲི་བསུང་།

7དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་བྲག་དཀར་སྤྲེལ་རྫོང་དུ་གྲགས་པའི་གནས་ཀྱི་བསྔགས་པ་བརྗོད་པ་ཏམ་བུ་རའི་སྒྲ་དབྱངས།

8སྐྱོ་བའི་མགུར་དབྱངས་ཚིགས་བཅད་དུ་བསྡེབས་པ་རང་ལ་དགའ་བའི་གཏམ་སྙན་གླེང་བའི་ཡིད་མཐུན་སྙིང་གི་མཛའ་གྲོགས།

9དབེན་པའི་གནས་མཆོག་བཀྲ་ཤིས་གཡས་འཁྱིལ་གྱི་བསྔགས་པ་མདོར་བསྡུས།

10རྗེ་ཚེ་འཛིན་མ་ལ་བརྟེན་ནས་ཚེ་བུམ་འབུལ་ཚུལ།

11རིག་གནས་སྨོན་ལམ།

12འཆད་ཉན་གཡང་འབོད་བྱེད་ཚུལ།

13བསླབ་བྱ་མདོར་བསྡུས།

14བྱིན་རླབས་འཇུག་སྒོ་བླ་མའི་རྣལ་འབྱོར་དངོས་གྲུབ་འདྲེན་པའི་ཤིང་རྟ།

15འཇམ་དཔལ་སྨྲ་བའི་སེངྒེའི་སྒྲུབ་ཐབས་མདོར་བསྡུས།

16སྐྱབས་མཆོག་ཨ་རོལ་ཚང་གིས་བསེ་རྡོ་རྗེ་འཆང་ལ་གནང་བའི་བཀའ་སློབ།

17གངས་ལྗོངས་འགྲོ་བའི༧སྐྱབས་མགོན་རྒྱལ་བ་རྣམ་གཉིས་ཀྱི་ཞབས་པད་བརྟན་པའི་གསོལ་འདེབས་གང་བསམ་འདོད་པ་འཇོ་བའི་གསེར་གྱི་པདྨོའི་འཁྲི་ཤིང་ཞེས་བྱ་བ།

18དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཁྱབ་བདག་འཁོར་ལོའི་མགོན་པོ་རྗེ་བཙུན་བླ་མ་འཇིགས་མེད་བསམ་གཏན་དཔལ་བཟང་པོའི་བཀའ་འབུམ་རིན་པོ་ཆེའི་དཀར་ཆག་ལེགས་བཤད་གསལ་བྱེད་ངོ་མཚར་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།

19ཞབས་བརྟན་གསོལ་འདེབས་རྫོགས་ལྡན་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ།།

20དགེ་བའི་བཤེས་གཉེན་ཟླ་བྲལ་མཚུངས་མེད་དག་གིས་རྗེས་སུ་འཛིན་པའི་སྨོན་ཚིག་བྱིན་རླབས་འགུགས་བྱེད་ཨུཏྤལ་དམར་པོའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ།།

21རྒྱལ་བ་དབེན་ས་པ་ཆེན་པོ་ནས་ཉེ་བར་བརྒྱུད་པའི་སྙན་བརྒྱུད་གཅོད་ཀྱི་སྒོ་ནས་གཉན་ཁྲོད་བརྒྱ་ཚ་འགྲིམས་ཚུལ་གྱི་ཡིག་ཆུང་བདུད་རྩིའི་ཟིལ་མངར་སྙིང་གི་ཐིག་ལེ་བཞུགས་སོ།།

22ཚེ་རབས་ཐམས་ཅད་རྗེས་སུ་འཛིན་པའི་སྨོན་ཚིག་ཐུགས་རྗེའི་འཕྲུལ་གྱི་ཞགས་པ་ཞེས་བྱ་བ་བཞུགས་སོ།།

23རྗེས་འཛིན་སྨོན་ཚིག་སྐལ་བཟང་ཡིད་ཀྱི་རེ་སྐོང་ཞེས་བྱ་བ་བཞུགས་སོ།།

24བྲག་དཀར་སྤྲེལ་རྫོང་གི་གནས་རིའི་གསོལ་འདེབས་བཞུགས་སོ།།

25རྟ་མགྲིན་ཡང་གསང་གི་རྒྱུན་འཁྱེར་མདོར་བསྡུས་བཞུགས་སོ།།

26ལྷ་ཆེན་རྭ་རྫོང་ལ་བསང་འཕྲིན་འབུལ་ཚུལ་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ།།

27ཞབས་བརྟན་སྨོན་ཚིག་དགེ་ལེགས་དཔལ་སྟེར་བཞུགས་སོ།།

28དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་མདོར་བསྡུས་བཞུགས་སོ།།

29དཔལ་ལྡན་ལྷ་མོའི་བསྐང་བཤགས་བསྡུས་པ་བཞུགས་སོ།།

30བླ་མའི་རྣལ་འབྱོར་དང་འབྲེལ་བའི་སྨོན་ཚིག་རྫོགས་ལྡན་ཉིན་བྱེད་འདྲེན་པའི་སྐྱ་རེངས་བཞུགས་སོ།།

31གསུང་མགུར་བྱིན་རླབས་དཔལ་སྟེར་བཞུགས་སོ།།

32རྨད་བྱུང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་གི་བཅའ་ཁྲིམས་གསེར་གྱི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།།

33གསུང་ཐོར་བུའི་སྐོར།

གོང་གི་དཀར་ཆག་འདི་དག་གསུང་འབུམ་སྔོན་མའི་ནང་ནས་འཁོལ་པ་ཡིན།གསུང་འབུམ་བསྐྱར་དུ་བསྡུ་སྒྲིག་བྱེད་བཞིན་ཡོད་པས་འདིའི་ནང་དུ་མ་ཐོན་པའི་གསུངས་དང་འདྲ་པར་རྩ་ཆེན་ཁག་སོགས་རྙེད་ན་ངེད་དགོན་པར་འབྲེལ་བ་གནང་རྒྱུ་མཁྱེན།ལྷན་རྒྱས་ཀྱིས་ཐུགས་འཇགས་གནང་བར་ཐུགས་རྗེ་ཆེ།

འབྲེལ་གཏུག་བྱེད་ཡུལ་སྤྲེལ་རྫོང་དགོན་པའི་བྱང་ཆུབ་ལམ་བཟང་།

བློ་བཟང་ལེགས་བཤད།ཡོན་ཏན་ལྷུན་གྲུབ་བཅས།

འབྲེལ་གཏུག་ཨང་གྲངས་ཡོན་ཏན15597084455

ལམ་བཟང་ 189 9744 7886

ལེགས་བཤད 159 0974 3838

སྐད་འཕྲིན་ཨང་གྲངས་ཡོན་ཏན2817887850

ལེགས་བཤད 159 0974 3838

ལམ་བཟང  YS720558

微信图片_20210202164548.jpg

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

 

བརྒྱུད་འགོད།