ཨ་རོལ་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱི་བྱང་ཆུབ་བདེ་ལམ་གྱི་དམིགས་ཁྲིད་པར་དུ་བསྐྲུན་ནས་རིན་མེད་གཟིགས་འབུལ་ཞུ་བཞིན་ཡོད།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-09-11 12:16:25     རྩོམ་པ་པོ།   དགེ་ལུགས་དྲ་བ།    ཀློག་ཐེངས།  

དགེ་ལུགས་དཔེ་འཕྲིན།

ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱི་བྱང་ཆུབ་བདེ་ལམ་གྱི་དམིགས་ཁྲིད་པར་དུ་བསྐྲུན་ནས་རིན་མེད་གཟིགས་འབུལ་ཞུ་བཞིན་ཡོད།

微信图片_20201016223400.jpg

  ༄༅།། མདོ་སྨད་བསྟན་པའི་མཛེས་རྒྱན་རྗེ་བཙུན་ཨ་རོལ་སྐུ་ཕྲེང་གསུམ་པ་༧བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་བོས་མཛད་པའི་༼རང་རྒྱུད་ཆོས་ལ་སྐུལ་བྱེད་བྱང་ཆུབ་བདེ་ལམ་གྱི་དམིགས་ཁྲིད་གོ་བདེ་བར་བརྗོད་པ་ངོ་མཚར་འོད་ཀྱི་དྲ་བ་སྤྲོ་བའི་ཉི་ཟླའི་སྣང་བ་བློ་མུན་སེལ་བའི་རྒྱན་ཞེས་བྱ་བ་༽འདི་ཉིད་རྗེ་བཙུན་ཨ་རོལ་སྐུ་ཕྲེང་བཞི་བ་༧བསྟན་འཛིན་དགེ་ལེགས་དཔང་བོའི་ཐུགས་བཀོད་བཞིན་ཁོང་གི་གདན་ས་ཁྱད་པར་ཅན་སྤྲེལ་རྫོང་དགོན་པའི་ཤིང་དཔར་གཞིར་བྱས་ཏེ་རང་དགོན་པའི་དགེ་བཤེས་ལྷ་རམས་པ་དང་རྒན་པ་རྣམས་ཀྱིས་དཔེ་བསྡུར་གནད་སྨིན་བགྱིས་པ་དང་ཆོས་གྲོགས་རྣམས་ཀྱིས་ཀྱང་ཡིག་གཏག་སོགས་ཀྱི་རྒྱབ་སྐྱོར་མི་དམན་པ་གནང་བས་ད་ལྟ་པར་དུ་བསྐྲུན་ཡོད།

བྱང་ཆུབ་ལམ་བཟང་། 18209753303

ཡོན་ཏན་ལྷུན་གྲུབ 15597084455

བློ་བཟང་ལེགས་བཤད 15909743838


      རེབ་གོང་ཡོན་ཏན་གྱིས་རང་གི་མ་དྲིན་མོ་ཆེའི་དགེ་རྩར་༼བསྟན་རིམ་ཆེན་མོ༽༥༠༠པར་དུ་བསྐྲུན་ནས་དགོན་སྡེ་ཁག་དང་དཔེ་མཛོད་ཁག་ལ་རིན་མེད་འབུལ་བཞིན་ཡོད། 


微信图片_20200911121537.jpg

འདུལ་འཛིན་གྱི་གླེང་འབུམ་ཆེན་མོ་རྙེད་དེ་པར་རྒྱུན་སྤེལ་བ།

དཔེ་རྒྱུན་ཤིན་ཏུ་དཀོན་པའི་འདུལ་འཛིན་གྲགས་པ་རྒྱན་མཚན་གྱིས་མཛད་པའི་འདུལ་བའི་གླེང་འབུམ་འདི་ཉིད་བླ་བྲང་དགོན་པའི་དཔེ་མཛོད་ཁང་ནས་འབྲེལ་ཡོད་མི་སྣས་ཆེད་དུ་བཙལ་ནས་རྙེད་དེ་དགོན་གཞུང་ནས་བསྐྱར་པར་གྱིས་དཔེ་ཆ་འདི་གྲྭ་མང་ལ་གནང་སྦྱིན་མཛད་པ་དང་། ནང་བསྟན་ཤེས་རབ་དངོས་འབུལ་ཁང་གིས་ཚར་༡༥༠༠དཔར་ཏེ་དགེ་ལུགས་པའི་དགོན་སྡེ་སོ་སོ་དང་དགོན་པའི་དགེ་རྒན་སློབ་མ་སོ་སོར་རིན་མེད་གཟིགས་འབུལ་ཞུས།

1577405759140825.jpg


རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།