བྲག་དགོན་པ་བསྟན་པ་རབ་རྒྱས་ཀྱི་གསུང་འབུམ་པར་དུ་བསྐྲུན་ནས་བཀྲམས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-09-11 12:05:32     རྩོམ་པ་པོ།   དགེ་ལུགས་དྲ་བ།    ཀློག་ཐེངས།  

ངེད་དྲ་བས་ད་ནས་བཟུང་དཔེ་འཕྲིན་འགོད་རྒྱུ་ཡིན་པས་གསུང་འབུམ་གྱི་དཔེ་འཕྲིན་བསྐུར་རོགས་དང་དེ་དང་མཉམ་དུ་དཔེ་ཆ་མཁོ་བ་དག་ལ་དཔེ་ཁང་སོ་སོ་དང་དཔེ་ཚོང་དག་ལ་འབྲེལ་བ་བྱེད་པ་ལས་ངེད་དྲ་བར་དཔེ་ཆ་དེ་དག་དང་འབྲེལ་བ་ཅི་ཡང་མེད་པའང་ཐུགས་འཇགས་ཞུ། 

དགེ་ལུགས་དྲ་བས་ཕུལ། 

བྲག་དགོན་པ་བསྟན་པ་རབ་རྒྱས་ཀྱི་གསུང་འབུམ་པར་དུ་བསྐྲུན་ནས་བཀྲམས།

བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་དཔལ་བཟང་བོ་མཆོག་གི་གསུང་འབུམ་ཕྱོགས་བསྒྲིགས་པོད་དྲུག་གི་བདག་ཉིད་ཅན་དཔར་དུ་བསྐྲུན་ནས་ཚོང་རར་འགྲེམ་འཚོང་བྱེད་ཀྱིན་ཡོད།  ཁོང་གི་གསུང་རབ་ཁ་འཐོར་མགོ་འཚེམ་དུ་མ་ཐོན་པ་དག་ལ་ཐུགས་ཁུར་ཟབ་བཞེས་གནང་སྒོས་གསུང་རབ་གཏགས་སྒྲིག་དཔར་ཚོང་གི་ལས་ཁོ་ནའི་ཆེད་དུ་བརྩོན་པ་དག་དང་མི་མཚུངས་པར་གསུང་རྩོམ་གླེགས་བམ་དག    ཐོར་བུའམ་སིལ་བུའི་དཔར་དུ་བཏབ་པ་འགའ་རེ་དང་ཤིང་དཔར་མའི་དཔར་གཞི་ཐར་ཐོར་རེ་ལས་དཔེ་རྒྱུན་ཤིན་ཏུ་དཀོན་པ་དང་ཧ་ཅང་ཉག་ཕྲ་བའི་གནས་སུ་གྱུར་བ་དག་ཕྱོགས་གཅིག་ཏུ་བསྡུས་ཡོད།

དཔར་གཞི་མི་འདྲ་བ་འགའ་ལ་ཞལ་གཏུགས་བྱས་ཏེ་གསུང་འབུམ་འདི་ལ་སྔ་ཕྱིར་ཞུ་དག་ཐེངས་དྲུག་བགྱིས་པ་དང་ཞུས་ཆེན་གྱི་བགྱི་བ་ཡང་ཡོངས་སུ་ལེགས་པར་གྲུབ་ཡོད། ཞུ་དག་གི་བརྒྱུད་རིམ་ཁྲོད་མ་ཕྱི་མི་གསལ་བ་དང་ཞལ་གཏུགས་དུས་གསལ་ཁ་དོད་པོ་མེད་པ། དོན་གཅིག་ལ་མིང་མི་འདྲ་བ། མིང་གཅིག་ལ་ཡི་གེ་ཐ་དད་པ། ཕྲད་དང་རྣམ་དབྱེ། བརྡ་དང་ཐ་སྙད། བདག་གཞན་དང་དུས་གསུམ། སྐར་རྩིས་རིག་པར་ཨང་གྲངས་ཐོ་མི་ཐུག་པ། རེའུ་མིག་འགོད་མཚམས་ནོར་བ། ལོ་ཚིགས་མི་འདྲ་བ་བཅས་ཀྱི་ཐད་གཅིག་གྱུར་མིན་པ་ཡང་གང་མང་ཞིག་འདུག་པ་རྣམས་འོལ་ཚོད་དང་རང་བཟོས་མ་སླད་པར་ཁུངས་བཙུན་པའི་དེབ་འགའ་སོར་བཞག་དང་སྒོ་གཏུགས་ཅི་ཐུབ་ཀྱི་ཞུ་དག་བགྱིས་པས་ནང་གི་སྤུས་ཀ་བཟང་།

མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོདེབ་གཟུགས་སུ་བཟོས་པ་འདི་ཉིད་ལ་ཡང་སྔོན་མའི་དཔར་གཞི་དག་དང་མི་འདྲ་བའི་ཁྱད་པར་འགའ་མཆིས་ཏེ་ མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོར དཀར་ཆག་རྒྱས་པར་བཀོད་དེ་ལོ་རྒྱུས་ཀྱི་གནད་མང་བོ་འཚོོལ་བདེ་བར་བཟོས་ཡོད་པ་དང་།

      ཕྱིའི་འགྲོ་སོང་ཙམ་ལ་མ་བལྟས་པར་སྔོན་མའི་ཤོག་ཚད་དང་བསྡུར་ན་རྒྱུ་ཇེ་བཟང་དང་། ཤོག་ངོས་མང་དུ་བཏང་ནས་མདོ་སྨད་ཆོས་འབྱུང་གཅིག་པུ་པོད་གསུམ་གྱི་བདག་ཉིད་ཅན་དུ་བཟོས་ཏེ་རྒྱུ་བཟང་བ་དང་། སྤུས་ཀ་དག་པ། གཟིགས་བདེ་བ།  ལོ་རྒྱུས་སྨྲ་བ་དག་གིས་དཔེ་གཟིགས་གནང་བར་མཐུན་རྐྱེན་ཅི་འབྱོར་གནང་ཡོད།

  འབྲེལ་གཏུག་ཁ་པར། 

15597118899

     ༢༠༢༠/༡༢/༢༢ཉིན།  


ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་དཔལ་བཟང་པོའི་གསུང་འབུམ་པར་དུ་བསྐྲུན་ནས་བཀྲམས།

 

00.jpg

 

ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་དཔལ་བཟང་པོའི་གསུང་འབུམ་པོད་༡~༡༠   པར་དུ་བསྐྲུན་ནས་བཀྲམས། མ་གོང་780  ཚར་ལྔ་ནས་བཅུ་  %30  ཚར་བཅུ་ནས་ཉི་ཤུ %35  ཚར་ཉི་ཤུ་ནས་སུམ་བཅུ་ %40 ཚར་སུམ་བཅུ་ནས་ལྔ་བཅུ་ %45 ཚར་50ནས་100 %50

འབྲེལ་བ་བྱ་ས། 

 

微信图片_20201113070010.jpg

 

རྗེ་བཙུན་འཇིགས་མེད་དམ་ཆོས་རྒྱ་མཚོའི་གསུང་འབུམ་པོད༡༩ཡོད་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་གྱིས་པར་དུ་བསྐྲུན་ནས་ས་གནས་སོ་སོར་བཀྲམ།རིན་གོང་། ༢༨༠༠

 

微信图片_20200911151541.jpg

 

ཨ་ལགས་བླ་ཁོ་རིན་པོ་ཆེའི་གསུང་འབུམ་པོད་བདུན་པར་དུ་བསྐྲུན་ནས་བཀྲམ

བླ་བྲང་བཀྲ་ཤིས་འཁྱིལ་གྱི་མདོ་སྔགས་མན་ངག་རྒྱ་མཚོའི་མངའ་བདག་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་སྟེ་ཡོངས་གྲགས་སུ་ཨ་ལགས་བླ་ཁོ་རིན་པོ་ཆེའི་གསུང་འབུམ་པོད་བདུན་གྱི་བདག་སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྒྲིགས་ཏེ་པར་དུ་བསྐྲུན་ནས་བཀྲམ་འདུག བླུ་ཡོན་ལ་518རེད།

 

微信图片_20200912143952.jpg

 

  པཎ་ཆེན་སྣང་བ་མཐའ་ཡས་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ།

 

1564146238120695.jpg

 

         པཎ་ཆེན་སྣང་བ་མཐའ་ཡས་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་པོད་ང་གཅིག་གི་བདག་ཉིད་ཀྱི་དཔེ་ཚོགས་དེ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ཏེ་བཀྲམ།གསུང་འབུམ་གྱི་དཔེ་ཚོགས་འདི་ཉིད་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་པཎ་ཆེན་ཞིབ་འཇུག་ཁང་དང་།བཀྲ་ཤིས་ལྷུན་པོ་དགོན་གཉིས་ཀྱིས་མཉམ་འབྲེལ་གྱིས་ལོ་ལྔའི་རིང་ལ་ཕྱོགས་བསྒྲིགས་དང་ཡིག་གཏག   ཞུ་དག་སོགས་བགྱིས་ནས་པར་དུ་བསྐྲུན་ནས་ས་གནས་སོ་སོར་བཀྲམ་འདུག གསུང་འབུམ་འདིར་མཁས་གྲུབ་རྗེའི་གསུང་འབུམཔོད་12དངཔཎ་ཆེན་སྐུ་ཕྲེང་གསུམ་པ་ནས་བཅུ་བའི་བར་གྱི་གསུང་འབུམཔོད་39བཅས་བསྡོམས་པོད་51འདུས་ཡོད། དེ་ལ་ཤོག་གྲངས་37696དང་ཡིག་གྲངས་ཁྲི་3400ལྷག བར་བཅུག་པར་རིས་400ལྷག་བཅས་བཞུགས།

《རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ》སེར་གཙུག་གིས་པར་དུ་བསྐྲུན།

 

微信图片_20200912150311.jpg

 

《རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ》དང《རྒྱལ་ཚབ་དར་མ་རིན་ཆེན་གྱི་གསུང་འབུམ》། 《མཁས་གྲུབ་དགེ་ལེགས་དཔལ་བཟང་གི་གསུང་འབུམ》བཅས་ནི་སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས་པའི་གངས་ཅན་ཁྱད་ནོར་དཔེ་ཚོགས་ཞེས་པའི་ཁག་ཅིག་ཡིན་ཞིང་། དེ་ལས《རྗེ་ཙོང་ཁ་བའི་གསུང་འབུམ》དང《རྒྱལ་ཚབ་དར་མ་རིན་ཆེན་གྱི་གསུང་འབུམ》གཉིས་ནི་སོ་སོར2012ལོ་དང2013ལོར་པར་བསྐྲུན་འགྲེམ་སྤེལ་བྱས་པ་དང་། 《མཁས་གྲུབ་དགེ་ལེགས་དཔལ་བཟང་གི་གསུང་འབུམ》ནི་2014་ལོའི་ཟླ་ལྔ་བར་ཐོག་དང་པོར་པར་བསྐྲུན་གནང་།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

 

བརྒྱུད་འགོད།