དགོན་སྡེའི་འཇུག་སྒོའི་སློབ་དེབ་པར་དུ་བསྐྲུན་ནས་བཀྲམ་པ།(པར་རིས།)

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-07-15 06:36:08     རྩོམ་པ་པོ།   དགེ་ལུགས་དྲ་བ།    ཀློག་ཐེངས།  

དགོན་སྡེའི་འཇུག་སྒོའི་སློབ་དེབ་པར་དུ་བསྐྲུན་ནས་བཀྲམ་པ།


ཉེ་ལམ་དགོན་སྡེའི་འཇུག་སྒོའི་སློབ་དེབ་དེབ་དང་བོ་ནས་བདུན་པའི་བར་པར་དུ་བསྐྲུན་ཏེ་ཡོངས་སུ་བཀྲམ་འདུག སློབ་དེབ་འདི་ནི་དགོན་སྡེའི་ཁྱད་ཆོས་དམིགས་སུ་བཟུང་ཞིང་། བོད་རང་གི་སྔོན་སྲོལ་ལྟར་གོ་སླ་བ་དང་སྟབས་བདེ་བ། སྦྱང་སླ་བར་བསྒྲིགས་པས། དགོན་སྡེའི་ཀློག་གསར་དུ་སློབ་པའི་ན་ཆུང་གྲྭ་བ་དག་ལ་ཕན་པ་མ་ཟད། བོད་ཡིག་གསར་དུ་སྦྱོང་བ་དག་ལའང་ཕན་ངེས་ཅན་ཞིག་ཐོགས་པའི་སློབ་དེབ་ཅིག་ཡིན་པ་གདོན་མི་ཟ། 

སློབ་དེབ་འདི་དེབ་དང་བོའི་སྐབས་སུ་ཀློག་ལ་བྱང་བ་དམིགས་སུ་བཟུང་སྟེ། དེབ་གཉིས་པ་དང་གསུམ་པར་དག་ཆ་དང་ཐོབ་ཐང་དམིགས་སུ་བཟུང་ཞིང་རྨང་གཞི་གཙོ་བོར་བྱས་ནས་བསྒྲིགས། དེབ་བཞི་བ་དང་། དེབ་ལྔ་བར་སུམ་ཅུ་བ། དེབ་དྲུག་པ་དང་བདུན་པར་རྟགས་འཇུག་གི་བརྗོད་བྱ་གཏན་ལ་ཕབ་ནས་སྐབས་སྐབས་སུ་སྔོན་གྱི་རྩོམ་ཡིག་ལེགས་པོ། ནང་བསྟན་གྱི་རྒྱུན་ཤེས་གལ་ཆེན། གཏམ་རྒྱུད་དང་དམ་པའི་གསུང་འགྲོས་སོགས་གང་ལ་གང་འཚམ་གྱིས་ཟུར་བརྒྱན་ནས་བསྒྲིགས་འདུག

ལྷག་པར་སློབ་དེབ་འདིའི་ནང་དོན་བཀོད་སྒྲིག་ལེགས་ཤིང་།ཇུས་འགོད་བཟང་།སྔོན་གྱི་སྲོག་བཟུང་ནས་ད་ལྟའི་རྣམ་པས་བརྒྱན་ཏེ་བསྒྲིགས་པས་དགོན་སྡེའི་གསར་སློབ་རྣམས་དང་ཆོས་དང་ཡི་གེ་ཟུང་དུ་སྦྲེལ་ནས་སྦྱོང་འདོད་པ་དག་ལ་མཚོན་ན་སློབ་དེབ་ལེགས་པོ་ཞིག་རེད།

དགེ་ལུགས་དྲ་བས་སྤེལ།

第一册.jpg

སློབ་དེབ་ཀྱི་གླེང་གཞི།

༄༅། །ད་ལྟ་དགོན་སྡེ་མང་བོས་འཇུག་སྒོའི་སློབ་གསོ་ལ་དམིགས་ནས་ལོ་ན་ཆུང་བའི་རབ་བྱུང་བ་དག་ལ་སློབ་གྲྭ་ཞིག་བཙུགས་ཡོད། རབ་བྱུང་བ་འདི་དག་ནི་དགོན་སྡེའི་མ་འོངས་པའི་རེ་བ་གཏོད་ས་ཉག་གཅིག་ཡིན། 

དེ་བས་ང་ཚོར་དགོན་སྡེའི་ཁྱད་ཆོས་དང་མཐུན་པའི་འཇུག་ སྒོའི་སློབ་དེབ་ཅིག་གལ་ཆེ་ཞིང་།  ལྷག་པར་དགོན་སྡེ་སོ་སོར་གཅིག་གྱུར་གྱི་སློབ་དེབ་ཅིག་བསྒྲིག་རྒྱུ་ཤིན་ཏུ་གལ་ཆེ། 

དགོན་པ་རེ་གཉིས་ཀྱིས་འཇུག་སྒོའི་སློབ་དེབ་རེ་གཉིས་བསྒྲིགས་ཡོད་མོད། དེ་དག་ཕལ་ཆེར་གཞུང་གི་སློབ་དེབ་ཁ་བསྒྱུར་བ་ཙམ་ཡིན་པས་དགོན་སྡེའི་རབ་བྱུང་བ་དག་ལ་ཅུང་མི་འཚམ། 

དེ་བས་ངེད་དགོན་པའི་རིག་གནས་འཛིན་གྲྭས་སློབ་དེབ་འདི་བསྒྲིག་པའི་གྲོས་འཆར་བཀོད་དེ་རྩོམ་སྒྲིག་བྱས་པ་ཡིན། 

དེབ་དང་བོའི་སྐབས་སུ་ཀློག་ལ་བྱང་བ་དམིགས་སུ་བཟུང་སྟེ། དེབ་གཉིས་པ་དང་གསུམ་པར་དག་ཆ་དང་ཐོབ་ཐང་དམིགས་སུ་བཟུང་ཞིང་རྨང་གཞི་གཙོ་བོར་བྱས་ནས་བསྒྲིགས། དེབ་བཞི་བ་དང་། དེབ་ལྔ་བར་སུམ་ཅུ་བ། དེབ་དྲུག་པ་དང་བདུན་པར་རྟགས་འཇུག་གི་བརྗོད་བྱ་གཏན་ལ་ཕབ་ནས་བསྒྲིགས་ཡོད། 

འདི་དག་སྒྲིག་དུས་དགོན་སྡེའི་ཁྱད་ཆོས་དམིགས་སུ་བཟུང་ཞིང་། བོད་རང་གི་སྔོན་སྲོལ་ལྟར་གོ་སླ་བ་དང་སྟབས་བདེ་བ། སྦྱང་སླ་བར་བསྒྲིགས། 

འདི་ནི་དགོན་སྡེའི་ཀློག་གསར་དུ་སློབ་པའི་ན་ཆུང་གྲྭ་བ་དག་ལ་ཕན་པ་མ་ཟད། བོད་ཡིག་གསར་དུ་སྦྱོང་བ་དག་ལའང་ཕན་ངེས་ཅན་ཞིག་ཐོགས་པའི་སློབ་དེབ་ཅིག་ཡིན་པ་གདོན་མི་ཟ། 

འདི་ལས་དང་བོ་བའི་ཆེད་དུ་བསྒྲིགས་པ་ཡིན་པས་སྟབས་བདེ་ཕྱིར་མ་རྩོམ་གྱི་ཚིག་རེ་འགའ་བཅོས་ཡོད་ཅིང་། སུམ་རྟགས་ལས་དགག་གཞག་གོ་དཀའ་བ་རྣམས་བཀོད་མེད། གོ་རིམ་དང་ནང་དོན་ཡང་སྔ་སྣུར་ཕྱི་ནུར་ཅུང་ཟད་བྱས་ཡོད་པ་ཐུགས་འཇགས་ཞུ།

འོན་ཀྱང་ངེད་ཅག་ཡོན་ཚད་དམའ་ཞིང་སྒྲིག་པའི་དུས་ཡུན་ཐུང་བ་མ་ཟད། ལས་ཞོར་དུ་བསྒྲིགས་པ་ཡིན་པས་འདི་ལ་ཞན་ཆ་གང་མང་ཞིག་ཡོད་པ་སྨོས་མ་དགོས་པས་དགེ་བའི་ལས་ལ་འཇུག་པའི་དགེ་སློབ་དག་གིས་སློབ་སྟོན་གང་མང་གནང་བར་བཀའ་དྲིན་ཆེ་ཞུ། 

ཞེས་རྙེ་དགོན་བཤད་སྒྲུབ་དར་རྒྱས་དགེ་འཕེལ་གླིང་རིག་གནས་འཛིན་གྲྭས་ཕུག་ལུགས་སྟོན་པའི་འདས་ལོ2897བོད་མེ་བྱ་ལོའི་ཧོར་ཟླ་དྲུག་པའི་ཚེས་བཞི་ཉིན་ཕུལ།

第一册.jpg


寺院藏文课本第一册_00.png

寺院藏文课本第一册_01.png

寺院藏文课本第一册_02.png

第二册.jpg

寺院藏文课本第二册改_00.png寺院藏文课本第二册改_01.png

第三册.jpg

寺院藏文课本第三册改_00.png寺院藏文课本第三册改_01.png

第四册.jpg

第四册改_00.png

第四册改_01.png

第五册.jpg

寺院藏文课本第五册_00.png

寺院藏文课本第五册_01.png

第六册.jpg

寺院藏文课本第六册改_00.png

寺院藏文课本第六册改_01.png

第七册.jpg

寺院藏文课本第七册改_00.png

寺院藏文课本第七册改_01.png

འབྲེལ་གཏུག་བྱ་ས།

       བློ་བཟང་ཆོས་ལྡན།15009742981

      བསྟན་འཛིན་རྒྱ་མཚོ།138970422


རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།