༄༅།།ཆོས་ཀྱི་རྒྱལ་བོ་ཙོང་ཁ་པ་ཆེན་པོའི་རྗེས་དྲན་མདོ་སྨད་ཀླུ་ཚང་དགོན་ཆེན་དུ་ཚོགས་པ།

    སྤེལ་དུས།  2019-11-20 21:21:14         ཀློག་ཐེངས།  

༄༅།།ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་ཚུལ་བསྟན་ཏེ་ལོ་འཁོར་དྲུག་བརྒྱ་ལོན་པའི་རྗེས་དྲན་མདོ་སྨད་ཀླུ་ཚང་དགོན་ཆེན་དུ་ཚོགས་པ།

微信图片_20191120201705.jpg

   དེ་ཡང་རང་ཅག་རྣམས་ལ་བཀའ་དྲིན་བླ་ན་མ་མཆིས་པ༧མཉམ་མེད་ཙོང་ཁ་པ་ཆེན་པོ་མྱ་ངན་ལས་འདས་ནས་ལོ་འཁོར་དྲུག་བརྒྱ་ལོན་པའི་རྗེས་དྲན་ལ་ད་ལོར་འདུས་སྡེ་རིན་པོ་ཆེ་གྲྭ་ཚང་ཡོངས་དང་ལྷ་སྡེ་མི་སྡེ་བཅས་ནས་༧རྙེ་ཐམས་ཅད་མཁྱེན་པའི་ཐུགས་རྗེའི་བཀའ་ལུང་བཞིན་དམིགས་བརྩེ་མ་དུང་ཕྱུར་གཉིས་ལྷག་བསོགས་སྒྲུབ་གནང་བ་དང་།རྗེའི་སྐུ་འབུམ་གསུམ་བཅས་ལེགས་པར་གྲུབ་པ་རྣམས་དགེ་བ་རྫོགས་བྱང་དུ་བསྔོ་བ་དང་འབྲེལ་དད་ལྡན་མང་ཚོགས་རྣམས་ལ་ནང་ཆོས་ངོ་སྤྲོད་དང་བཅས་ཧོར་ཟླ་བཅུ་བའི་ཚེས་ཉེར་གསུམ་དང་༼ བོད་ཟླ་དགུ་བའི་ཉེར་གཉིས།༽   ཉེར་བཞི། ལྔ་མཆོད་ཆེན་མོ་བཅས་ཉིན་གསུམ་གྱི་རྗེས་དྲན་ཆོས་ཚོགས་མཛད་སྒོའི་གོ་རིམ་གཤམ་གསལ་ལྟར་གནང་འདུག

微信图片_20191120204903.jpg

微信图片_20191120201244.jpg       གདན་ས་ཆེན་པོ་རྗེ་སྐུ་འབུམ་བྱམས་པ་གླིང་གིས་ཆེད་དུ་ཀླུ་ཚང་དགོན་པར་གནང་བའི་གསུང་རྟེན་ཁྱད་པར་ཅན་རྗེ་ཡབ་སྲས་གསུང་འབུམ་ལེགས་སྦྱར་མ།  

微信图片_20191120214052.jpg

        ཀླུ་ཚང་དགོན་པའི་གྲྭ་ཚང་འདུས་པ་རྒྱ་མཚོ།

微信图片_20191120202940.jpg

        ཐེངས་འདིའི་རྗེས་དྲན་ཚོགས་ཡུལ་དངོས། 

 微信图片_20191120211042.jpg            ཐེངས་འདིའི་ལས་རིམ་ཁག་ཕྱག་ཤུལ་སྤྲུལ་བའི་སྐུས་མདོ་འཛིན་བྱས་ཏེ་དེའི་གོ་རིམ་རྣམས་གསལ་པོར་བསྒྲགས།  

微信图片_20191120211901.jpg     དགོན་བདག་༧རྙེ་ཐམས་ཅད་མཁྱེན་པས་རྗེས་དྲན་འཚོགས་དགོས་པའི་རྒྱུ་མཚན་དང་དགེ་བའི་སྐོར་གསུང་བཞིན་པ།      

微信图片_20191120231441.jpg      དགོན་འདིར་བཀའ་དྲིན་བླ་ན་མ་མཆིས་པའི་༧ཆོས་རྗེ་སྤྲུལ་བའི་སྐུ་རིན་པོ་ཆེ།  

    微信图片_20191121220717.jpg

       ཐེངས་འདིའི་རྗེས་དྲན་སྟེང་བཞུགས་པའི་དགོན་འདིའི་སྤྲུལ་བའི་སྐུ་རྣམ་པ།

ཐེངས་འདིའི་རྗེས་དྲན་སྟེང་བཞུགས་པའི་དགོན་འདིའི་དགེ་བཤེས་ལྷ་རམས་རྣམ་པ།


微信图片_20191120215302.jpg         དགེ་བའི་བཤེས་གཉེན་ཤེས་རབ་དབང་བོ་ནས་རྗེ་བླ་མའི་རྣམ་ཐར་སྐོར་གསུང་བཞིན་པ།

微信图片_20191120215606.jpg

        དགེ་བའི་བཤེས་གཉེན་བསམ་གཏན་རྒྱ་མཚོ་ནས་སྐྱབས་འགྲོའི་སྐོར་གསུང་བཞིན་པ།  

微信图片_20191120220015.jpg

          ཉིན་དང་བོར་ཆོས་འཁོར་དམ་བཅའི་བགྲོ་གླེང་གནང་བཞིན་པ།

微信图片_20191120220239.jpg

         དགེ་བའི་བཤེས་གཉེན་ཤེས་རབ་བསྟན་དར་ནས་སློབ་གཉེར་སྐོར་གྱི་བསླབ་བྱ་གནང་བཞིན་པ། 

微信图片_20191120220434.jpg

        དགེ་བའི་བཤེས་གཉེན་བློ་བཟང་བསྟན་དར་ནས་ལས་འབྲས་སྐོར་གསུང་བཞིན་པ།  

微信图片_20191120221116.jpg

       དགེ་བའི་བཤེས་གཉེན་དར་རྒྱས་རྒྱ་མཚོ་ནས་ལས་འབྲས་དང་མཐུན་སྒྲིལ་སྐོར་གསུང་བཞིན་པ།

微信图片_20191120221440.jpg

微信图片_20191120221503.jpg

      ཉིན་གཉིས་པར་དབུ་མ་ཐལ་བཟློག་གི་དམ་བཅའི་བགྲོ་གླེང་གནང་བཞིན་པ།    

微信图片_20191120224016.jpg

        དགེ་བའི་བཤེས་གཉེན་བློ་བཟང་ཐབས་མཁས་ནས་ཡིག་དྲུག་སྐོར་གསུང་བཞིན་པ།

微信图片_20191121152659.jpg

      དགེ་བའི་བཤེས་གཉེན་བརྩོན་འགྲུས་རྒྱ་མཚོ་ནས་བཤེས་གཉེན་བསྟེན་ཚུལ་སྐོར་གསུང་བཞིན་པ།

 微信图片_20191121152715.jpg

         དགེ་བའི་བཤེས་གཉེན་འཇམ་དབྱངས་ཐུབ་བསྟན་ནས་ཡན་ལག་བདུན་པའི་སྐོར་གསུང་བཞིན་པ།

      微信图片_20191121152643.jpg

     དགེ་བའི་བཤེས་གཉེན་འཇམ་དབྱངས་ཆོས་འཕེལ་ཆེ་ནས་སྨྱུང་གནས་སྐོར་གསུང་བཞིན་པ།

微信图片_20191121152710.jpg

       དགེ་བའི་བཤེས་གཉེན་འཇམ་དབྱངས་ཆོས་འཕེལ་ཆུང་བ་ནས་དད་པ་ཇི་ལྟར་བྱེད་ཚུལ་གསུང་བཞིན་པ།

微信图片_20191120230533.jpg微信图片_20191120230508.jpg微信图片_20191120230542.jpg    微信图片_20191121214414.jpg          རྗེས་དྲན་གླིང་མེ་མཆོད་འབུལ།

微信图片_20191121214936.jpg微信图片_20191121214929.jpg    མདོ་སྨད་ཀྱི་ཆོས་གྲྭ་ཆེན་མོ་ཀླུ་ཚང་དགོན་ཆེན།  

微信图片_20191120230458.jpg       རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།ནོར་བཟང་རྒྱ་མཚོ།  འཇམ་དབྱངས་ཤེས་རབ།

             གསལ་འདེབས།
     རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།