བསེ་ངག་དབང་བཀྲ་ཤིས་ཀྱི་གསུང་འབུམ་པར་དུ་བསྐྲུན་ནས་འགྲེམ་སྤེལ་བྱས་པ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-04-02 07:31:29     རྩོམ་པ་པོ།   དགེ་ལུགས་དྲ་བ།    ཀློག་ཐེངས།  

微信图片_20190402073607.jpg

༄༅།།གཏེར་ལུང་དགོན་པའི་དབུ་བཟུང་ནས་སྨྲ་བའི་ཁྱུ་མཆོག་བསེ་ངག་དབང་བཀྲ་ཤིས་ཀྱི་གསུང་འབུམ་འཚོལ་སྡུད་དང་།ཕྱོགས་བསྒྲིགས་དང་།ཞུ་དག་བཅས་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ཅིང་སྤྱི་ཚོགས་ཀྱི་དཔེ་ཁང་སོ་སོར་བཀྲམ།

བསེ་ངག་དབང་བཀྲ་ཤིས་ནི་འཆད་རྩོད་རྩོམ་གསུམ་ལ་འགྲན་ཟླ་དང་བྲལ་བའི་སྨྲ་བའི་ཁྱུ་མཆོག་ཅིག་ཡིན་པ་མ་ཟད་ཀུན་མཁྱེན་འཇམ་དབྱངས་བཞེད་པའི་ཐུགས་སྲས་གཅིག་པུ་ཡིན།ཁོང་ཨ་མདོ་རེབ་གོང་དུ་འཁྲུངས་ཤིང་དབུས་གཙང་དུ་སློབ་གཉེར་གནང་ནས་མཁས་ཤིང་གྲུབ་པའི་དབང་ཕྱུག་ཏུ་གྱུར་ཅིང་།ཕྱིས་མདོ་སྨད་དུ་ཕེབས་ནས་ཀུན་མཁྱེན་ཆེན་པོར་རམ་འདེགས་ཀྱིས་བཀྲ་ཤིས་འཁྱིལ་བའི་བཤད་སྒྲུབ་འཛིན་སྐྱོང་སྤེལ་གསུམ་གྱིས་བོད་ཀྱི་བསྟན་པ་དང་འགྲོ་བ་སྤྱི་ལ་མཛད་རྗེས་ཆེན་པོ་བཞག་ཡོད།

གསུང་འབུམ་འདི་ནི་ནང་བསྟན་ལ་སློབ་གཉེར་བྱེད་མཁན་དག་དང་ཁྱད་པར་ཀུན་མཁྱེན་འཇམ་དབྱངས་བཞེད་པའི་ཡིག་ཆར་སློབ་གཉེར་བྱེད་པ་ལ་མེད་དུ་མི་རུང་བའི་གསུང་གལ་ཆེན་དག་དག་ཡིན་ནོ༎

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།