ཀུན་མཁྱེན་འཇིགས་མེད་དབང་པོའི་གསུང་འབུམ་དཔར་བསྐྲུན་ལེགས་པར་གྲུབ་པ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-04-02 07:30:41     རྩོམ་པ་པོ།   འབར་ཞུན།    ཀློག་ཐེངས།  

微信图片_20190402124248.jpg

༄༅།།དེའང་གདན་ས་ཆེན་པོ་འབྲས་སྤྲུངས་བཀྲ་ཤིས་སྒོ་མང་དཔེ་མཛོད་ཁང་ནས་ལོ་ཟླ་དུ་མའི་རིང་ཀུན་མཁྱེན་ཆེན་པོ་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་གསུང་འབུམ་པོད་བཅུ་གཉིས་ཀྱི་བདག་ཉིད་ཅན་གང་གི་ཐོག་མའི་མ་ཕྱིའི་ཡི་གེ་གཏགས་འཇུག་ནས་འགོ་བཙུགས་ཏེ། བར་དུ་མ་དཔེར་ཞིབ་བསྡུར་དང་། ཐ་མར་ཞི་དག་སྒྲིག་སྤྱོར་སོགས་ཚེགས་ཆེ་ཞིང་ངལ་ལྕི་བའི་ལས་གཞི་འདིའི་སྔ་ཕྱིའི་བགྱི་བ་མཐའ་དག་དང་དུ་བླངས་ཤིང་། ཕྱིའི་དེབ་གཟུགས་དང་ནང་པར་ངོས་ཀྱི་ཇུས་འགོད་སོགས་ལའང་ཡིད་གཟབ་ནན་གྲུང་གསུམ་གྱིས་རུ་ངར་ཞིབ་ཚགས་སུ་བགྱིས་ཏེ། མཐར་དཔར་བསྐྲུན་ལས་རིམ་གྱི་སྦྱོར་དངོས་རྗེས་གསུམ་ཡོངས་སུ་གྲུབ་པ་འདི་ཡིན་ལ། ད་ལྟར་གསུང་འབུམ་དཔར་གྲོན་གྱི་ས་གནས་ལྟར་དུ་རྒྱ་ཆེའི་དོན་གཉེར་ཅན་རྣམ་པར་བླུ་ཡོན་ཞུ་འབུལ་བྱེད་ཀྱིན་ཡོད།

འགྲེམས་སྤེལ་ལྟེ་གནས། འབྲས་སྤུངས་སྒོ་མང་དཔེ་མཛོད་ཁང་གི་དཔེ་དེབ་བླུ་ཡོན་ཞུ་འབུལ་ཁང་།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།