བཀའ་གདམས་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་བགྲོས་ཐོར་བུའི་བཤད་ལུང་གི་ཟིན་བྲིས་པར་དུ་བསྐྲུན་ནས་ཕྱོགས་སོ་སོར་རིན་མེད་གཟིགས་འབུལ་ཞུས།(པར་རིས།)

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-10-18 08:50:05     རྩོམ་པ་པོ།   དགེ་ལུགས་དྲ་བ།    ཀློག་ཐེངས།  

4aed1072d4c887ef063d8de1a2a0a0be.jpg

བཀའ་གདམས་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་བགྲོས་ཐོར་བུའི་བཤད་ལུང་གི་ཟིན་བྲིས་བདུད་རྩིའི་རྒྱ་མཚོ་ཞེས་བྱ་བ་ནང་བསྟན་གསུང་རབ་དངོས་འབུལ་ཁང་གིས་པར་དུ་བསྐྲུན་ནས་ཕྱོགས་སོ་སོར་རིན་མེད་གཟིགས་འབུལ་ཞུས།

དེབ་འདི་ནི་དེང་འདིར་འཆད་རྩོད་རྩོམ་གསུམ་ལ་འགྲན་ཟླ་བྲལ་ཞིང་། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མངོན་དུ་གྱུར་པ།བཀའ་གདམས་དགེ་བའི་བཤེས་གཉེན་རྣམས་ཀྱི་རྣམ་ཐར་བདག་གིར་བཞེས་པ།ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ༧དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ་མཆོག་གི་ཞལ་སྔ་ནས་བོད་མེ་བྱ་ལོར་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོར་བླ་བྲང་བཀྲ་ཤིས་འཁྱིལ་བའི་ཆོས་སྡེ་ཆེན་མོར་ཉིན་གསུམ་གྱི་རིང་ཆོས་སྡེ་ཆེན་པོ་དེའི་གཉུག་མར་གནས་པའི་དགེ་འདུན་རྣམས་དང་ཕྱོགས་ཕྱོགས་ནས་ཕེབས་པའི་དགེ་འདུས་པ་སྟོང་ཕྲག་འགར་བཀའ་གདམས་གཙང་མའི་ཕྱག་ལེན་ཉམས་གསོའི་ཆེད་དུ་བཤད་པ་རྒྱ་ཆེན་པོ་གནང་བ་དག་ཟིན་བྲིས་མཛད་པ་ཞིག་ཡིན།

བཀའ་གདམས་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་བགྲོས་ཐོར་བུ་ནི་བཀའ་གདམས་པ་ཡབ་སྲས་ཀྱིས་གསུང་འགྲོས་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་ལ།ཐེངས་འདིར་ཁོང་གིས་བཀའ་གདམས་པའི་ཉམས་ལེན་དང་།སྒོས་སུ་བླ་བྲང་བཀྲ་ཤིས་སོགས་ཆོས་སྡེ་དག་གི་ཕྱག་སྲོལ་གྱིས་བརྒྱན་ཏེ་གསུངས་པ་ཞིག་ཡིན་པས།མཆོག་དམན་མཐའ་གསུམ་གྱིས་ངེས་པར་བཀླག་འོས་པའི་རིན་ཐང་དང་བྲལ་བའི་དེབ་ཅིག་ཡིན།

དེབ་འདིར་ད་དུང་རྗེ་དེ་ཉིད་ཀྱི་གསུང་གསེར་གྱི་སྦྲམ་བུ་ལྟ་བུ་སྟོང་ཐུན་གྱི་ཚུལ་དུ་ཟིན་བྲིས་བཏབ་པ། རྗེ་བཙུན་འཇིགས་མེད་དཔལ་ལྡན་རྒྱ་མཚོའི་ཞལ་གདམས་ཐོར་བུ་བདུད་རྩིའི་ཐིགས་པ་ཞེས་བྱ་བ་ལྷན་ཐབ་དུ་བཀོད་ཡོད་པས།དགོན་པའི་ཕྱག་ལེན།གྲྭ་བའི་སྤྱོད་སྟངས་སོགས་དུས་དང་འཚམ་ཞིང་བསྟན་བསླབ་བྱ་ཉི་མ་ལྟ་བུ་མང་དུ་བཀོད་ཡོད།

དེ་བས་ནང་བསྟན་ཤེས་རབ་གསུང་རབ་དངོས་འབུལ་ཁང་གིས་དེབ་འདིའི་རིན་ཐང་གཞལ་དུ་མེད་པ་མཐོང་ནས་བསྟན་པ་དང་འགྲོ་བའི་ཆེད་དང་། རང་གི་རྒྱུད་ཀྱི་ཉོན་མོངས་དུག་གསུམ་གྱི་བྲན་དུ་གྱུར་པའི་གླང་ཆེན་སྨྱོན་པ་འདི་འདུལ་བའི་ཆེད་དུ་དང་།སྐལ་བ་མཉམ་པའི་ཆོས་ཀྱི་གྲོགས་པོ་གཞན་དང་གཞན་ལའང་ཆོས་ཀྱི་བགོ་སྐལ་ཅུང་ཟད་རེ་འཐོབ་ན་ཅི་མ་རུང་སྙམ་དུ་ཡིད་སྤྲོ་བ་ཆེན་པོས་པར་དུ་བསྐྲུན་ཏེ་དགོན་སྡེ་བརྒྱ་ཕྲག་འགའ་དང། ཕྱོགས་སོ་སོར་རིན་མེད་གཟིགས་འབུལ་ཞུས།

(སུ་ཞིག་ལ་དཔེ་ཆ་འདི་མཁོ་ན་ནང་བསྟན་གསུང་རབ་དངོས་འབུལ་ཁང་གི་སར་ལེན་དུ་ཡོང་བ་ལས་མི་བསྐུར་ལ། མི་གཅིག་ལ་གཅིག་ལས་མང་བོ་འབུལ་གྱིན་མི་འདུག་པའང་ཐུགས་འཇགས་ཞུ།

搬坝叭.jpg

                    རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།