དགེ་བསྙེན་དགའ་ལྡན་ཆོས་འཛིན་གླིང་ཞེས་པའི་སྤྱི་བའི་འཕྲིན་སྟེགས་ཀྱི་གཡང་སྒོ་ཕྱེས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-30 10:21:04     རྩོམ་པ་པོ།   དགེ་ལུགས་པའི་དྲ་བ།    ཀློག་ཐེངས།  

微信图片_20180530102854.jpg

       ས་ག་ཟླ་བའི་དུས་ཆེན་སུམ་འཛོམས་ཀྱི་ཉི་ཤར་གྱི་རྩེ་མོ་ལ་དགེ་བསྙེན་དགའ་ལྡན་ཆོས་འཛིན་གླིང་ཞེས་པའི་སྤྱི་བའི་འཕྲིན་སྟེགས་ཀྱི་གཡང་སྒོ་ཕྱེས། འདི་ནི་བོད་ཀྱི་ལོ་རྒྱུས་སྟེང་གསར་དུ་བྱུང་བའི་དྲ་ལམ་གྱི་དགེ་བསྙེན་གྱི་འཕྲིན་སྟེགས་ཤིག་ཡིན་པ་མ་ཟད། ཁྱིམ་པར་ཁ་གཏད་པའི་ནང་བསྟན་གྱི་འཕྲིན་སྟེགས་ཤིག་ཀྱང་ཡིན།

འཕྲིན་སྟེགས་འདི་ནི་བསླབ་ལྔའི་རྒྱན་དང་ལྡན་པའི་དགེ་བསྙེན་སྐོར་ཞིག་གིས་གཉེར་བ་ཡིན་ལ། ཁོང་ཚོ་བོད་ཀྱི་ཁྱིམ་ཚང་རེ་རེའི་ཉོག་འཛིང་གི་གནད་དོན་དང་དཀའ་ངལ་སོགས་ལ་རྒྱུས་ཆེ་བས་གནད་དོན་དེ་རིགས་ཐག་གཅོད་པའི་ཕྱིར་དུ་འཕྲིན་སྟེགས་འདིས་ཆོས་དང་མཐུན་པར་སྤྱི་ཚོགས་ལ་ཕན་པ་དང་། ཁྱིམ་ཚང་ལ་ཕན་པ། མི་སྒེར་ལ་ཕན་པ་བཅས་དམིགས་སུ་བཟུང་ཡོད།

དེ་བས་འཕྲིན་སྟེགས་འདིས་དགེ་བསྙེན་གྱི་སྐོར་གྱི་གནད་དོན་སོགས་དམིགས་སུ་བཟུང་ནས་ཚིག་བཟང་ཞིང་དོན་ཟབ་པའི་རྩོམ་ཡིག་མང་བོ་སྤེལ་བ་ལ་བརྟེན་ནས་ཁྱིམ་ཚང་དང་སྤྱི་ཚོགས་སྐོར་ཀྱི་གནད་མང་བོ་མ་ཤེས་པ་ཤེས་པར་བྱེད་པ་དང་། ཤེས་ནས་ཚུལ་བཞིན་དུ་འཇུག་པ་སོགས་སུ་ནུས་པ་འདོན་ངེས།

དེ་བས་འཕྲིན་སྟེགས་འདི་གཞན་དང་མི་འདྲ་བར་བསྐྲུན་པའི་ཀུན་སློང་དང་གཉེར་བའི་ཐབས་ལམ།བཀོད་པའི་རྩོམ་ཡིག་སོགས་ལ་དམིགས་བསལ་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས་པས་འདིའི་རྩོམ་ཡིག་ཀློག་པའི་ཚེ་ན་མི་སོ་སོར་ངེས་ཤེས་གསར་བ་རེ་འབྱུང་སྲིད།

འཕྲིན་སྟེགས་ཀྱི་རྩ་གཉིས་ཨང་ཏར།

 微信图片_20180530102903.jpg

རྩོམ་སྒྲིག་པ། ཤེས་རབ་རལ་གྲི།

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 དྲ་བའི་སྦྲེལ་ཐགhttp://www.tb1025.cn     

བརྒྱུད་འགོད།