དགེ་ལུགས་པའི་དགེ་བསྙེན་གྱི་ཞལ་འདོན་རྒྱས་བསྡུས་དང་ན་གཞོན་གྱི་ཞལ་འདོན་གསུམ་པར་དུ་བསྐྲུན་ནས་རིན་མེད་གཟིགས་འབུལ་བྱས།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-30 08:33:57     རྩོམ་པ་པོ།   དགེ་ལུགས་པའི་དྲ་བ།     ཀློག་ཐེངས།  

 

居士常念经.jpg

 དགེ་ལུགས་པའི་དགེ་བསྙེན་གྱི་ཞལ་འདོན་རྒྱས་འབྲིང་བསྡུས་གསུམ་ནང་བསྟན་ཤེས་རབ་གསུང་རབ་དངོས་འབུལ་ཁང་གིས་དབུ་འཛིན་ཤེས་རབ་བསྟན་དར་གྱིས་དགེ་བའི་བཤེས་གཉེན་དང་བླ་སྤྲུལ་མང་བོ་ལ་བློ་དྲིས་ཏེ་རྩོམ་སྒྲིག་བྱས་ནས་ནང་བསྟན་ཤེས་རབ་གསུང་རབ་དངོས་འབུལ་ཁང་གིས་དེབ་རྒྱས་པ་དེབ་9000དང་། འབྲིང་བ།8000 ན་གཞོན་གྱི་ཞལ་འདོན།3000 པར་དུ་བསྐྲུན་ནས་རིན་མེད་གཟིགས་འབུལ་བྱས་པས་ཀློག་པ་བོ་མང་བོས་དགའ་བསུ་ཐོབ། 

དགེ་ལུགས་པའི་དགེ་བསྙེན་གྱི་ཞལ་འདོན་གྱི་གླེང་གཞི།

༄༅། །དགེ་བསྙེན་ནི་བདག་ཅག་གི་སྟོན་པའི་འཁོར་རྣམ་བཞིའི་གྲས་ཏེ། སྔོན་རྒྱ་གར་དུ་ཁྱིམ་བདག་མགོན་མེད་ཟས་སྦྱིན་དང་རྒྱལ་བོ་གཟུགས་ཀྱི་སྙིང་བོ། བཙུན་མོ་ལུས་འཕགས་མ་སོགས་དང་བོད་དུ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། ས་སྐྱ་བསོད་ནམས་རྩེ་མོ་དང་། མར་བ་ལོ་ཙཱ་བ། མ་གཅིག་ལབ་སྒྲོན་སོགས་དགེ་བསྙེན་མང་བོ་བྱུང་།

དགེ་བའི་ཆོས་ལ་བརྩོན་པར་འདོད་པའི་ཁྱིམ་པ་ཕོ་མོ་དག་གིས་ཚེ་འདིར་རབ་ཏུ་བྱུང་མ་ཐུབ་མོད་ཀྱང་དགེ་བསྙེན་གྱིས་བསྲུང་བྱ་ནི་རྩ་བ་ བཞི་དང་ཆང་བཅས་ལྔ་ཡིན་པས་བསྲུང་སླ་ཞིང་ཕན་པ་ཆེ།

བོད་ལ་རབ་བྱུང་བའི་སྡེ་རྒྱ་ཆེན་པོ་དར་བས་དགེ་བསྙེན་ལ་དོ་སྣང་བྱས་མེད། པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གྱིས། དགེ་ལུགས་པར་དགེ་བསྙེན་གྱི་སྡེ་འཛུགས་དགོས་པའི་སྐོར་གསུངས་མྱོང་ནའང་ཁོང་གློ་བུར་དུ་སྐུ་  གཤེགས་པས་ཐུགས་དགོངས་ཇི་བཞིན་དུ་འགྲུབ་མ་ཐུབ། དེ་བས་ཆོས་འདུལ་བའི་དགོངས་དོན་བཞིན་དུས་དང་མཐུན་པར་དགེ་བསྙེན་གྱི་སྡེ་འཛུགས་པ་ཤིན་ཏུ་གལ་ཆེ།

དགེ་བསྙེན་འགའ་རེ་བྱུང་མྱོང་ནའང་དེ་དག་ལ་ཆེད་དུ་འཚོག་ས་མེད་ཅིང་སློབ་གཉེར་གྱི་ལམ་ལུགས་ཀྱང་ཆ་ཚང་བ་ཞིག་བྱུང་མེད། ད་ལྟའི་སྡེ་བ་མང་ཆེ་བར་མ་ཎི་ཁང་ཡོད་པས་དེ་དག་ནི་དགེ་བསྙེན་གྱི་སྡེ་འཛུགས་ པའི་ཆ་རྐྱེན་ལེགས་པོ་ཞིག་ཡིན།

དགེ་བསྙེན་གྱི་སྡེ་བཙུགས་ན་དེའི་སློབ་གཉེར་དང་ཆོས་ཐོག་བཅས་བཅའ་ཡིག་རེ་གཏན་འཁེལ་བྱས་ན་རང་རང་གི་དགེ་བསྙེན་གྱི་སྡེའི་འགྲོ་ལུགས་རང་རང་གི་མཐུན་རྐྱེན་ལྟར་གཏན་འཁེལ་བྱས་ཆོག ས་ཆ་མི་འདྲ་བ་དང་དུས་རབས་མི་འདྲ་བས་གྲོང་བའི་དགེ་བསྙེན་གྱི་སྒྲིག་གཞིའང་མི་འདྲ་བ་བྱུང་ན་ཆོག

དེ་བས་དགེ་བསྙེན་གྱི་སྡེ་ཞིག་བཙུགས་ན་དེ་ལ་ངེས་པར་ཆོས་ཐོག་ཅིག་དགོས་ཤིང་། དེ་ཡང་ནང་བའི་དུས་ཆེན་རྒྱལ་ལོ་སྨོན་ལམ་དང་། བཞི་བའི་བཅོ་ལྔ། དྲུག་པའི་ཚེས་བཞི། བཅུ་བའི་ལྔ་མཆོད། བཞི་བའི་སྨྱུང་  གནས། དགུ་བའི་ཉེར་གཉིས་བཅས་དགེ་ལུགས་པའི་དགོན་སྡེ་ཁག་གི་ཆོས་ཐོག་ལས་གཙོ་བོ་དག་བཙུགས་ན་ཆོག དེ་ཡང་ཉིན་མང་མི་དགོས་ཏེ། རང་རང་གི་གནས་ཚུལ་དང་བསྟུན་ནས་གཏན་འཁེལ་བྱས་ན་ལེགས།

དེ་བས་དགེ་བསྙེན་དག་ལ་ཉེ་བར་མཁོ་བར་དམིགས་ནས་བདག་གིས་དགེ་བཤེས་དང་བླ་སྤྲུལ་སོགས་སྐྱེས་བུ་དམ་པ་མང་བོ་གྲོས་བསྡུར་ནས་དགེ་ལུགས་པའི་དགེ་བསྙེན་གྱི་ཞལ་འདོན་འདི་བསྒྲིགས་པ་ཡིན།

དེ་བས་ཕོ་མོ་སུ་ཡིན་རུང་རང་ཉིད་རབ་ཏུ་འབྱུང་མི་ཐུབ་ཀྱང་དགེ་བསྙེན་ཞིག་ཏུ་འགྱུར་བ་ནི་མི་ཚེའི་དོན་སྒོ་ཞིག་ཏུ་བསམ་ནས་ལག་ལེན་དང་བརྩོན་པ་བྱེད་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས།

ཞེས་ཤེས་རབ་བསྟན་དར་གྱིས་ཀུན་སློང་རྣམ་པར ་དག་པས་བྲིས།

居士常念经_页面_1.jpg

居士常念经_页面_2.jpg

居士常念经_页面_3.jpg

14念诵总要.jpg

17念诵总要修改.jpg

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

དྲ་བའི་སྦྲེལ་ཐགhttp://www.tb1025.cn           

བརྒྱུད་འགོད།