སྐྱབས་མགོན་ཡོངས་འཛིན་ཆོས་ཀྱི་རྒྱལ་བོའི་གསུང་འབུམ་དཔར་དུ་བརྐོས་ནས་ཡོངས་སུ་གྲུབ།(图文)

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-29 11:50:43     རྩོམ་པ་པོ།   ཐར་ཤུལ་བཟོད་པ་རྒྱ་མཚོ།    ཀློག་ཐེངས།  

微信图片_20180329114805.jpg

༄༅།།སྐྱབས་མགོན་ཡོངས་འཛིན་ཆོས་ཀྱི་རྒྱལ་བོའི་གསུང་འབུམ་དཔར་དུ་བརྐོས་ནས་ཡོངས་སུ་གྲུབ། གསུང་འབུམ་ནང་དུ་རྣམ་ཐར་དང་ལོ་རྒྱུས་དགོན་པའི་བཅའ་ཡིག་གི་སྐོར་དང་།ཆབ་ཤོག་སྙན་ངག་གི་སྐོར།  ལྷག་ལྷ་དུ་མའི་སྒྲུབ་ཆོག་དང་བསྟོད་ཚོགས། བརྟན་གསོལ་སྨོན་ཚིག་དང་བསང་མཆོད་ཀྱི་སྐོར་བཅས་ཁྱོན་བསྡོམས་དཔར་ཤིང་ཆིག་སྟོང་སུམ་བརྒྱ་ནས་བཞི་བརྒྱ་ལྷག་འདུག་པས་ཕལ་ཆེར་གླེགས་བམ་དུ་བྱས་ན་འང་གླེགས་བམ་གསུམ་ནས་བཞི་ཡོད་སྙམ།

འདི་ནི་རིག་གསར་རྗེས་སུ་བརྩམས་ནས་ཉར་ཚགས་བྱས་པའི་གསུང་རྣམས་ལོ་ངོ་བརྒྱད་ནས་དགུ་བར་དུ་བཙལ་ནས་རྙེད་པ་རྣམས་ཡིན་ལ། ལོ་བཅུའི་རིག་གནས་གོད་ཆག་ཁྲོད་དུ་ཁོང་གིས་ཚད་མ་རྣམ་འགྲེལ་གྱི་རིགས་པའི་དཀའ་གནས་ལས་བརྩམས་པའི་བསྡུས་གྲྭ་དང་བྱང་ཆུབ་ལམ་གྱི་སྒྲོན་མེའི་འགྲེལ་བ་ཞིག་ཀྱང་ཡོད་མོད།རང་ཅག་གི་བསོད་ནམས་ཀྱི་བགོ་སྐལ་དུ་མ་སྨིན་པ་ནི་ཡིད་ཕངས་པའི་གནས་སོ།།མཆོད་དཔོན་བློ་བཟང་དཔལ་ལྡན་གྱིས་ཉར་ཚགས་དང་བསྡུ་སྒྲིག་གི་ལས་འགན་བཞེས་ཤིང་སྐུ་ཚ་བློ་བཟང་བཀྲ་ཤིས་ཀྱིས་དཔར་བསྐྲུན་ཐད་ཀྱི་ལས་འགན་དང་དུ་བླངས་ནས།སྤྱི་ལོ་2018 ཟླ་2་ཚེས་11འགོ་བཀྲ་ཤིས་པ་ནས་མཇུག་ཕུན་སུམ་ཚོགས་པར་གྲུབ་ནས་གསུང་འབུམ་རིན་པོ་ཆེ་གནས་སྐབས་སུ་མདའ་བཞིའི་དགོན་གསར་རྣམ་རྒྱལ་གླིང་གི་ཁོང་གི་བླ་བྲང་དུ་གདན་དྲངས་འདུག 

དབྱར་ཟླ་དང་བོ་སྟེ་ཟླ་བཞི་བའི་ཚེས་འགོར་ཚོད་ལྟས་ཐེངས་གཅིག་དཔར་ཏེ་ཆད་ལྷག་དང་ནོར་སྐྱོན་ཡོད་མེད་ལ་ཞིབ་ཏུ་ཞུ་དག་ཅིག་བྱེད་གྲབས་ཡོད་ཅིང་། དེ་ནས་ད་དུང་ཁར་སྣོན་རྒྱུ་འགའ་འང་ཡོད་པས་དཔར་རྐོ་བ་རྣམས་ཀྱིས་དུས་ལྟར་སྒྲུབ་ཐུབ་མིན་མི་འཚལ་ཞིང་།  དགུན་ཁ་ཐོན་དུས་གྲང་ངར་ཆེ་བས་དཔར་ཤིང་ལ་གནོད་སྐྱོན་འོང་ངེས་པས་དཔར་མཚམས་འཇོག་དགོས་པའི་རྐྱེན་གྱིས་2019དཔྱིད་ཀ་བར་དུ་དཔར་བསྐྲུན་བྱེད་མི་ཐུབ་མོད།  དེ་ནས་གང་མགྱོགས་ཀྱིས་དཔར་དུ་བཏབ་སྟེ་གླེགས་བམ་དུ་བསྐྲུན་རྗེས་གདན་ས་ཐར་ཤུལ་དགོན་དུ་གདན་དྲངས་ཏེ་སྤྱི་ཚོགས་སུ་དགྲམ་འཆར་ཡོད་དོ།།

微信图片_20180329114811.jpg

微信图片_20180329114818.jpg

微信图片_20180329114824.jpg

微信图片_20180329114829.jpg

ཐར་ཤུལ་བཟོད་པ་རྒྱ་མཚོ།

སྤྱི་ལོ་2018-2-12 ཉིན་ཐར་ཤུལ་དགོན་དུ་བྲིས་སོ།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

དྲ་བའི་སྦྲེལ་ཐགhttp://www.tb1025.cn   

བརྒྱུད་འགོད།