རྒྱའི་སློབ་དཔོན་ཆེན་པོ་རྨི་ལམ་རོལ་བ་(梦参)ཞུ་བ་སྐུ་གཤེགས།(图文)

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-29 18:23:03     རྩོམ་པ་པོ།   རུ་མང་ལུང་རྟོགས།    ཀློག་ཐེངས།  

 timg.jpg

རྒྱའི་སློབ་དཔོན་ཆེན་པོ་རྨི་ལམ་རོལ་བ་(梦参)ནི་སྐུ་གཞོན་ནུའི་དུས་སུ་དམག་གྲལ་དུ་ཞུགས་ཏེ་ལས་དེ་ལ་འཇུག་བཞིན་པའི་སྐབས་སུ་རྨི་ལམ་ལས་རབ་ཏུ་བྱུང་བར་བསྐུལ་བ་ལ་བརྟེན་ནས་དང་པོ་རབ་ཏུ་བྱུང་བ་ཞིག་ཡིན། དེ་ནས་བཟུང་རྨི་ལམ་དུ་ལུང་བསྟན་སྣ་ཚོགས་ནར་མར་ཡོད་ཅིང་།  བོད་ཡུལ་དུ་ལོ་བཅུ་ལྷག་ལ་སློབ་གཉེར་གནང་བས་མཚོན། ཆོས་ཕྱིར་དཀའ་སྤྱད་བཟོད་པའི་རང་བཞིན་དང་། ཡང་ཀྲང་གོ་ཧྭ་སོགས་ཀྱིས་དམག་དང་ལྷན་ཅིག་བོད་ནང་དུ་ལོ་ཙཱར་ཕེབས་དགོས་སོགས་ཀྱི་རེ་བ་ལ་ངོས་ལེན་མ་བྱས་སྟབས།  བསམ་ཕུགས་དཀར་བོ་མིན་པའི་དོགས་པའི་འོག་ལོ་སུམ་ཅུ་ལྷག་ལ་བཙོན་འཇུག་བྱས་མོད་དེ་དག་ལ་འཁུ་བའི་བསམ་པ་ཅུང་ཙམ་ཡང་མེད་ཅིང་། བཙོན་ནས་ཐོན་རྗེས་སླར་ཡང་ལྟས་མང་པོར་དཔག་ཏེ་སྔོན་ལོ་སུམ་ཅུ་འཐུས་ཤོར་སོང་བ་དེ་ཁ་གསབ་པའི་ཆེད་དུ་ད་ནི་ལོ་སུམ་ཅུར་ཆོས་གསུང་དགོས་གསུངས་བ་བཞིན་དེ་ལྟར་བྱུང་འདུག་པ་སོགས་གང་ལ་བལྟས་ཀྱང་སྐྱེས་བུ་དམ་པའི་རང་རྟགས་ལྷང་ངེར་ཡོད་པའི་རྒྱའི་སློབ་དཔོན་ཆེན་པོ་རྨི་ལམ་རོལ་བ་(梦参)ཞུ་བ་འདི་ཉིད། བསྟན་པ་དང་འགྲོ་བའི་དོན་དུ་འཚོ་ཞིང་བཞུགས་ཏེ་དགུང་གྲངས་བརྒྱ་དང་ལྡོག་པོ་གསུམ་སོང་བའི་ཉིན་མོ་སྟེ་ཕྱི་རྩིས་༢༠༡༧ལོའི་ཟླ་༡༡ཚེས༢༧ཉིན་གྱི་ཕྱི་དྲོ་ཡི་དམ་གྱི་གནས་མཆོག་རི་བོ་རྩེ་ལྔ་ནས་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་འདུག 

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

 

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn            

 

 

བརྒྱུད་འགོད།