རོང་བོ་མཁན་ཆེན་དགེ་འདུན་རྒྱ་མཚོ་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་དཔར་དུ་བསྐྲུན།(图文)

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-29 22:11:29     རྩོམ་པ་པོ།   ངེད་དགེ་ལུགས་པའི་དྲ་བ།    ཀློག་ཐེངས།  

 微信图片_20170929215817.jpg

མཁན་ཆེན་དགེ་འདུན་རྒྱ་མཚོ་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ཏེ་ཧོར་ཟླ་བརྒྱད་པའི་ཚེས་གསུམ་ཉིན་གསུང་འབུམ་དངོས་སུ་ཕྱོགས་སུ་བཀྲམ།

གསུང་འབུམ་འདིར་པོད་ལྔ་ཡོད་ཅིང་། གསུང་འབུམ་འདིར་མཁན་ཆེན་སྐུ་གོང་མ་གཡུ་རྔོག་བསམ་གཏན་རྒྱ་མཚོས་མཛད་པའི་བླ་མ་མཆོད་པའི་ཆོ་གའི་ཊཱིཀྐ་དང་། རྩོད་པའི་ཁྱུ་མཆོག་མཁན་ཆེན་དགེ་འདུན་རྒྱ་མཚོས་མཛད་པའི་བསྡུས་གྲྭའི་ལེགས་བཤད་གྲངས་མེད་སྐལ་བཟང་གི་བློ་གྲོས་ཀྱི་པད་ཚལ་བཞད་པའི་ལུང་རིགས་ཀྱི་ཉི་མ། མཁན་ཆེན་དགེ་འདུན་རྒྱ་མཚོའི་གསུང་རྩོམ་ཐོར་བུའི་སྐོར། བདེ་ཆེན་པཎྚི་ཏ་ངག་དབང་དཔལ་ལྡན་གྱིས་མཛད་པའི་མཁན་ཆེན་དགེ་འདུན་རྒྱ་མཚོའི་རྣམ་ཐར་རྒྱས་པ་དང་། མཁན་ཆེན་བློ་བཟང་དཔལ་ལྡན་རྒྱ་མཚོས་མཛད་པའི་སྐྱབས་རྗེ་བློ་བཟང་ལུང་རིགས་རྒྱ་མཚོའི་རྣམ་ཐར། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་མཛད་པའི་དཔལ་ཆོས་མཁན་ཆེན་སྐུ་ཕྲེང་དྲུག་པ་ཆེན་པོ་བློ་བཟང་ལུང་རྟོགས་ཆོས་ཀྱི་རྒྱ་མཚོའི་རྣམ་ཐར་སོགས་བཞུགས་པས་ལེགས་བཤད་ཀྱི་སྐྱེས་རིན་ཐང་བྲལ་བ་ཞིག་ཡིན།

 

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn            

བརྒྱུད་འགོད།