རྒྱ་བོད་ཀྱི་དགེ་ལུགས་པའི་སྐྱེས་ཆེན་དམ་པ་གཉིས་སྐུ་གཤེགས།(图文)

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-06 20:23:47     རྩོམ་པ་པོ།   དགེ་ལུགས་པའི་དྲ་བ།    ཀློག་ཐེངས།  

ཁ་སང་དང་དེ་རིང་རྒྱ་བོད་ཀྱི་དགེ་ལུགས་པའི་བསྟན་འཛིན་ཆེན་པོ་གཉིས་སྐུ་དངོས་ཀྱི་གདུལ་བྱ་ཡོངས་སུ་རྫོགས་སྟེ་སྐྱེ་བོ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་ཞི་བའི་དབྱིངས་སུ་གཞོལ་བའི་ཚུལ་བསྟན།

ཁ་སང་དགུང་མོ་སྟེ་༢༠༡༧ལོའི་ཧོར་ཟླ་༦པའི་༡༤ཉིན་གྱི་དགུང་མོའི་ཆུ་ཚོད་བརྒྱད་སྟེ་རྒྱ་ནག་གི་དགེ་ལུགས་པའི་བསྟན་འཛིན་ཆེན་པོ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་དྲི་མིན་དཔལ་བཟང་བོ་དགོངས་པ་ཞི་བའི་དབྱིངས་སུ་གཞོལ་ཞིང་། དེ་རིང་སྟེ་ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔའི་ཉིན་བསྟན་འཛིན་ཆེན་པོ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་དགེ་ཀྱྰ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོ་དགོངས་པ་ཞི་བའི་དབྱིངས་སུ་གཞོལ། 

རྣམ་པ་གཉིས་ནི་ཤེར་མདོ་ལས། དེ་བཞིན་གཤེགས་པ་ནི་མཐོང་བས་ཀྱང་སེམས་ཅན་གྱི་དོན་བྱེད། ཡོངས་སུ་མྱ་ངན་ལས་བདའ་བས་ཀྱང་སེམས་ཅན་གྱི་དོན་བྱེད་ཅེས་གསུངས་པ་ཇི་བཞིན་ལགས་ན་མཛད་པ་འདི་ལ་བརྟེན་ནས་ཐུགས་ཀྱི་དགོངས་པ་མ་ལུས་ཡོངས་སུ་རྫོགས་པར་གྱུར་ཅིག

微信图片_20170806202212.jpg

微信图片_20170806202204.jpg

微信图片_20170806202231.jpg

微信图片_20170806202221.jpg

微信图片_20170806202135.jpg

འདྲ་པར་དག་དྲ་བ་ལས་བཤུས།  

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn            

བརྒྱུད་འགོད།