རྗེས་དྲན་ཆེད་བསྒྲིགས། ཡོངས་འཛིན་ཆོས་ཀྱི་རྒྱལ་བོའི་གསུང་འབུམ་ཤིང་པར་དུ་བསྐྲུན་པའི་གནས་ཚུལ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-06-12 07:50:00     རྩོམ་པ་པོ།   བློ་སངས།    ཀློག་ཐེངས།  

微信图片_20170611095122.jpg 

 ལ་མོ་ཡོངས་འཛིན་ཆོས་ཀྱི་རྒྱལ་བོའི་གསུང་འབུམ་གྱི་ཐད་ནས་ཅུང་ཙམ་ཞུ་བའི་དབང་དུ་བཏང་ན། ཉིས་སྟོང་བདུན་ནས་བཟུང་ཤིང་དཔར་དུ་བརྐོ་མགོ་བརྩམས་ཏེ་ལོ་ངོ་བཞི་ལྷག་གི་འབད་བརྩོན་ལ་བརྟེན་ཕལ་ཆེར་ལེགས་པར་གྲུབ་སྟེ། ལ་མོའི་གདན་ས་ཁྱད་འཕགས་ཀུན་བདེ་གླིང་གི་ཁོང་གི་ནང་ཆེན་དུ་ཤིང་དཔར་དུ་བརྐོས་ཟིན་ཡོངས་ཞུས་ཟིན་མོད། དཀར་ཆག་སོགས་ཉུང་ཙམ་ད་དུང་དཔར་དུ་བརྐོ་མ་ཐུབ་པར་ཡུན་རིང་ནར་འགྱངས་སུ་ལྷག 

འོན་ཀྱང་མི་འགྱངས་པར་ཡོངས་སུ་ལེགས་པར་གྲུབ་སྟེ་ཀུན་གྱིས་སྤྱན་ལམ་དུ་ཕུལ་ཐུབ་བྱུང་ན་ཕལ་ཆེར་པོད་ལྔ་ཙམ་ཡོད་སྙམ། ཡིད་ཕངས་པ་ཞིག་ལ་ཁོང་གིས་བརྩམས་གནང་བའི་བསྡུས་གྲྭ་ནི་རིག་གསར་སྐབས་འཕྲིན་ལས་ཀྱི་མཇུག་བསྡུས་པ་དང་། གཞན་ཡང་ལམ་སྒྲོན་གྱི་འགྲེལ་བའི་པར་རྩ་ཡང་བཀྲ་ཤིས་འཁྱིལ་གྱི་དཔར་ཁང་དུ་བཞུགས་འདུག་མོད་གདན་འདྲེན་ཞུ་ཐབས་བྲལ།

 ང་ཚོའི་ལག་ཏུ་སོན་ཟིན་པ་ཁག་ནི་རྣམ་ཐར་དང་ལོ་རྒྱུས་ཀྱི་ཕྱོགས། དབང་བཀའ་ཆོས་ཀྱི་སྐོར། དགོན་སྡེ་ཁག་གི་བཅའ་ཡིག་སྣ་ཚོགས། མཎ་བཤད་དང་བསྟན་པའི་བྱུང་རབས། འདོད་གསོལ་དང་མྱུར་འབྱོན་གསོལ་འདེབས་སོགས། བསྟན་འགྲོའི་སྤྱི་ཕན་གྱི་སླད་དུ་སྤྲིང་བའི་སྤྲིངས་ཡིག་གང་མང་དང་བསླབ་བྱ་ཁག་གོ།། 

          རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

དྲ་བའི་སྦྲེལ་ཐགhttp://www.tb1025.cn    

 

བརྒྱུད་འགོད།