ལ་མོ་ཡོངས་འཛིན་རིན་པོ་ཆེའི་རྗེས་དྲན་མདའ་བཞིའི་དགོན་གསར་དུ་འཚོགས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-06-10 20:23:30     རྩོམ་པ་པོ།   དགེ་ལུགས་པའི་དྲ་བ།    ཀློག་ཐེངས།  

 

微信图片_20170610205304.jpg

ལ་མོ་ཡོངས་འཛིན་རིན་པོ་ཆེ་བློ་བཟང་མཁས་གྲུབ་རྒྱ་མཚོ་འཁྲུངས་ནས་ལོ་བརྒྱ་དང་བཅུ་ལོན་པའི་རྗེས་དྲན་མདའ་བཞིའི་དགོན་གསར་དགེ་ལྡན་རྣམ་རྒྱལ་གླིང་དུ་འཚོགས་པ།

微信图片_20170610202757.jpg

             ༄༅།།ལ་མོ་ཡོངས་འཛིན་རིན་པོ་ཆེ་བློ་བཟང་མཁས་གྲུབ་རྒྱ་མཚོ་འཁྲུངས་ནས་བརྒྱ་དང་བཅུ་ལོན་པའི་རྗེས་དྲན་ཚོགས་འདུ་ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན་མདའ་བཞི་དགོན་གསར་དགེ་ལྡན་རྣམ་རྒྱལ་གླིང་དུ་འཚོགས། 

 

微信图片_20170610210107.jpg

           ཐེངས་འདིར་དགོན་གསར་རྣམ་རྒྱལ་གླིང་གི་དགོན་བདག་སྐུ་ཞབས་བེ་རུ་ཚང་སོགས་སྤྲུལ་སྐུ་དང་། ལ་མོ་བདེ་ཆེན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་ལ་མོ་བློ་བཟང་རྒྱ་མཚོ་སོགས་དགེ་བའི་བཤེས་གཉེན་མང་བོ། དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་སོགས་སྤྱི་ཚོགས་སྟེང་གི་སྐུ་ཡོན་ཅན་དུ་མ་འཚོགས་ཏེ་ལ་མོ་ཡོངས་འཛིན་ཆོས་ཀྱི་རྒྱལ་བོ་གང་གི་མཛད་པ་འཕྲིན་ལས་དང་བཅས་ལ་ཕྱིར་དྲན་བྱས།

           ཚེས་བཅུ་དྲུག་གི་སྔ་དྲོའི་ཆུ་ཚོད་དགུའི་སྟེང་ལ་མོ་སྒར་ཐོག་ཀུན་བདེའི་གླིང་དུ་གང་གི་སྐུ་གདུང་མཆོད་རྟེན་མཐོང་གྲོལ་ཆེན་མོའི་མདུན་དུ་བླ་མའི་རྣལ་འབྱོར་གསུངས་ཤིང་མཆོད་མཇལ་གནང་། 

          དུས་ཚོད་དགུ་དང་ཕྱེད་ན་འཚོགས་འདུ་དངོས་གཞིའི་དབུ་བརྩམས་ཤིང་། འདིར་ཞུགས་པའི་དགེ་བའི་བཤེས་གཉེན་སྐོར་ཞིག་གིས་རྗེས་དྲན་གསུང་བཤད་གནང་།

02.jpg

༡མདའ་བཞིའི་སྒར་ཐོག་གི་དགེ་རྒན་བློ་བཟང་དོན་འགྲུབ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། དེ་དང་བསྟུན་ནས་དམ་པ་གང་གི་འཁྲུངས་ཡུལ་དང་རིགས་རུས་སོགས་ངོ་སྤྲོད་བྱས།

微信图片_20170610202809.jpg

༢ལ་མོ་སྡེ་ཆེན་གྱི་དགེ་བའི་བཤེས་གཉེན་གྱི་ལ་མོ་བློ་རྒྱམ་ལགས་ཀྱིས་སྙིགས་དུས་ཀྱི་འདྲེན་པ་ཆེན་མོ་གང་གི་ལ་མོ་སྐུ་ཐོག་གཉིས་ཀྱི་ཡོངས་འཛིན་མཛད་ཚུལ་དང་། ལ་མོའི་གདན་སར་བཀའ་དྲིན་བླ་མེད་ཀྱིས་སྐྱོང་ཚུལ་ལས་བརྩམས་ཏེ་གསུང་བཤད་གནང་།

 

微信图片_20170610202822.jpg

༣ཐར་ཤུལ་དགོན་པའི་དགེ་བའི་བཤེས་གཉེན་བཀྲ་ཤིས་རྒྱ་མཚོས་ཡོངས་འཛིན་ཆོས་ཀྱི་རྒྱལ་བོས་སློབ་གཉེར་དང་ཐུགས་གཉེར་གནང་ཚུལ་སྐོར་ལས་བརྩམས་ཏེ་གསུང་བཤད་གནང་།

微信图片_20170610202815.jpg

༤ཀླུ་ཚང་དགོན་པའི་དགེ་བའི་བཤེས་གཉེན་ཡེ་ཤེས་བཟང་བོས་བླ་མ་རྡོ་རྗེ་འཆང་གི་བཀའ་རྩོམ་སྙན་ངག་གི་སྐོར་ལས་བརྩམས་ཏེ་གསུང་བཤད་གནང་བ།

微信图片_20170610202834.jpg

༥ལ་མོ་ཀུན་བདེ་གླིང་གི་དགེ་སློང་འཇམ་དཔལ་རྒྱ་མཚོ་མཆོག་གིས་དམ་པ་གང་གི་མཛད་འཕྲིན་ལས་འཕྲོས་ཏེ་གསུང་བཤད་གནང་། 

微信图片_20170610204743.jpg

༦ཀླུ་ཚང་དགོན་པའི་དགེ་བའི་བཤེས་གཉེན་ཤེས་རབ་བསྟན་དར་གྱིས་རྗེ་བླ་མའི་རྣམ་ཐར་གྱི་ཕར་ཕྱིན་དྲུག་གི་མཛད་པ་ལས་འཕྲོས་ཏེ་གསུང་བཤད་གནང་། 

 

微信图片_20170610204752.jpg

༧ཐར་ཤུལ་དགོན་པའི་དགེ་བའི་བཤེས་གཉེན་ངག་དབང་བཤད་སྒྲུབ་ཀྱིས་རྗེ་བླ་མའི་དབང་ལུང་རྗེས་གསུམ་གྱི་སྐོར་ཇི་ལྟར་སྤེལ་བའི་བསམ་གཞིག་ལས་འཕྲོས་ཏེ་གསུང་བཤད་གནང་།

微信图片_20170610202828.jpg

༨མཐོ་ལས་དགོན་པའི་དགེ་བའི་བཤེས་གཉེན་ངག་དབང་རྒྱ་མཚོས་ཐེངས་འདིའི་བགྲོ་གླེང་ལ་ཕྲ་ཞིང་ཞིབ་པའི་སྒོ་ནས་སྤྱི་བསྡོམས་བྱས།

 

微信图片_20170610202841.jpg

༩མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མཚོ་ཁ་བ་བཀྲ་བྷོས་ཐེངས་འདིའི་ཚོགས་འདུ་ལས་འཕྲོས་ཏེ་གསུང་བཤད་གནང་།  

微信图片_20170610204736.jpg

       ཕྱི་དྲོ་དུས་ཚོད་གསུམ་གྱི་སྟེང་ཐུགས་སྨོན་རྒྱ་ཆེན་གནང་ནས་གྲོལ། 

                                                 རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

དྲ་བའི་སྦྲེལ་ཐགhttp://www.tb1025.cn    


བརྒྱུད་འགོད།