མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྟོན་པའི་དུས་ཆེན་ཉིན་མོ་བསུ། 庆祝联合国卫塞节

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-05-10 15:48:57     རྩོམ་པ་པོ།   གསར་འགྱུར།    ཀློག་ཐེངས།  

  དེ་རིང་ནི་སྟོན་པ་ཐུགས་རྗེ་ཅན་སྐུ་འཁྲུངས་པ་དང་། མངོན་པར་སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་དུས་ཆེན་སུམ་འཛོམས་ཀྱི་ཉིན་མོ་ཡིན་ལ། བོད་བརྒྱུད་ནང་བསྟན་གྱི་ས་ག་ཟླ་བའི་དུས་ཆེན་དང་ལྷོ་བརྒྱུད་ནང་བསྟན་གྱི་བེ་སེལ་ཅེ་ཟེར། འཛམ་གླིང་འདིའི་སྟེང་གི་ནང་པ་ཐམས་ཅད་ཀྱིས་རང་ནུས་ཀྱི་སྡིག་སྤོང་དགེ་སྒྲུབ་ལ་འབད་པའི་དུས་ཁྱད་པར་ཅན་ཞིག་གོ།
  今日是释迦牟尼佛诞生、成道、涅槃三期同一庆,藏传佛教称萨嘎达瓦节,南传佛教国家又叫卫塞节。全世界佛教徒共同福慧共修,祈愿法界一切众生都能破除烦恼黑暗、证悟佛性、德智圆满、福慧具足。
  716310529531908335.jpg

            ཕྱི་ལོ་ ༡༩༩༩ ལོོར་སྐབས་ང་བཞི་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་། རྒྱལ་ཁབ་བཅུ་དྲུག་གི་འཐུས་མིས་ཐུན་མོང་གིས་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་རྒྱལ་སྤྱིའི་སྟོན་པའི་དུས་ཆེན་དུ་ཁས་ལེན་དགོས་པའི་འཕྲིན་ཡིག་རེ་ཞུ་ནང་བསྟན་དོན། སྟོན་པའི་བཀའ་སློབ་ལམ་སྟོན་དང་། ཁོང་གི་བྱམས་སྙིང་རྗེ། ཞི་བདེའི་ཐུགས་དགོངས། གཤིས་བཟང་བཅས་འཛམ་གླིང་གི་མི་ཁྲི་སྟོང་མང་པོར་ཡིད་འགུལ་ཐེབས་སུ་བཅུགས་ཡོད་ལ། འཛམ་བུ་གླིང་འདིའི་མི་གྲངས་མེད་ཅིག་གིས་སྟོན་པའི་བཀའ་སློབ་ཉམས་སུ་ལེན་བཞིན་སྟོན་པའི་དུས་ཆེན་ཏེ་སྐུ་འཁྲུངས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོ་བརྩི་སྲུང་བྱེད་བཞིན་ཡོད་ཅེས་དང་། ལོ་དེར་ཀེ་རི་སེ། ནོར་ལྦེ། ཐུར་ཁེ། ཨ་རི་སོགས་རྒྱལ་ཁབ་ཁག་ཀྱང་གྲོས་གཞིའི་གྲལ་དུ་ཞུགས། ༡༩༩༩ལོའི་ཟླ་༡༢ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲེམས་སྤེལ་བྱས་པའི་འཕྲིན་གཏོང་ཁྲོད་ས་ག་ཟླ་བའི་བཅོ་ལྔའི་ཉིན་ནི་སྟོན་པའི་དུས་ཆེན་དུ་འདེམས་ཤོག་མ་འཕངས་པའི་གནས་ཚུལ་འོག་བེད་སྤྱོད་ཆོག་པར་གཏན་ཁེལ་གནང་།
  ནང་བའི་རྒྱལ་ཁབ་སོ་སོའི་ནང་ཐུན་མིན་གྱི་བརྩི་སྲོལ་ལྟར་ཉིན་གཅིག་ཏུ་ཁེལ་བ་དཀའ་མོད། ཡིན་ཡང་ཚང་མས་ཟླ་བཞི་བའི་ཚེས་བཅོ་ལྔ་སྟེ་ཟླ་བ་ཉ་གང་གི་ཉིན་མོར་ངོས་འཛིན་བྱེད་བཞིན་ཡོད།
         རྒྱ་ནག་ལྟར་ན་བཞི་བའི་ཚེས་བརྒྱད་ཉིན་འཁྲུངས་པར་བརྩི་མོད། སྔོན་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དགེ་བསྙེན་ཀྲའོ་ཕའུ་ཁྲུའུ་ཡིས་གྲོས་འགོ་བཏོན་པ་ལྟར་རྒྱ་བརྒྱུད་ནང་བསྟན་ཁག་ནས་ཀྱང་བཞི་བའི་བཅོ་ལྔའི་ཉིན་སྟོན་པའི་བཀྲ་ཤིས་པའི་ཉིན་མོར་བརྩི་སྲུང་གིས་རྒྱལ་སྤྱིའི་ནང་བ་བ་རྣམས་དང་མཉམ་དུ་རྟེན་འབྲེལ་ཞུས་པ་རེད།
  དུས་ཆེན་སུམ་འཛོམས་ཀྱི་ཉིན་མོ་འདི་ལ་ཨེ་ཤ་ཡ་ཤར་ལྷོ་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་དཔེར་ན་སི་རི་ལན་ཁ། ཐེ་ལན་ཊི། འབར་མ། སིང་ག་ཕོར། མ་ལེ་ཞི་ཡ། ཧིན་རྡུ་ཉི་ཞི་ཡ། རྒྱ་གར། བལ་བོ། བོད་བཅས་ནང་བའི་ཡུལ་ཕྱོགས་མང་པོར་མཉམ་དུ་དུས་ཆེན་སུམ་འཛོམས་ཀྱི་ཉིན་མོར་ཆོས་ལུགས་ཀྱི་མཛད་སྒོ་དང་བྱེད་སྒོ་གཟབ་རྒྱས་གྱིས་བཀྲ་ཤིས་པའི་དུས་བཟང་འདི་བརྩི་སྲུང་བྱེད་པ་ཡིན།
 296149890592274629.jpg

         在1999年的第54届联合国大会上,由十六国代表共同签署的信件中,请求了对“卫塞节的国际认同”。信中指出:“佛陀的教导,和他的慈悲、和平、善良的信息感动了世界上千千万万的人。”“世界上无数的人跟随佛陀的教导,而且在卫塞节纪念佛陀的诞生、成道、涅槃。” 同年,希腊、挪威、土耳其、美国等国亦加入倡议行列。
  1999年12月,在联合国发表的通讯中,表示有关卫塞节的倡议草案在没有投票的情况下被采用。
  卫塞是月圆日的意思,有些国家,用佛教独有的历法来计算日子,会有差异,一般而言在农历四月十五左右。
  在中国是以每年农历四月初八为释迦牟尼佛诞生之日,经中国佛教协会前会长赵朴初居士提议,汉传佛教界以夏历四月十五日为“佛吉祥日”,以与国际佛教界一同庆祝。
  释迦牟尼佛祖诞生、成道、涅槃的节日。东南亚和南亚国家如斯里兰卡、泰国、缅甸、新加坡、马来西亚、印度尼西亚、尼泊尔、藏地等的佛教徒,均在这一年一度的重要节日中举行盛大的庆典活动
 

              རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།