རྒྱལ་ཁབ་བརྒྱ་ལྷག་ཅིག་གིས་སྲོག་ཆགས་ལ་གནོད་འཚེ་མི་བྱེད་པའི་སྒྲིག་ཁྲིམས་གཏན་ལ་ཕབ།

ཡོང་ཁུངས།   བསམ་བློའི་ཤེས་རིག     སྤེལ་དུས།  2016-02-19 22:23:21     རྩོམ་པ་པོ།   བྱ་མདོ་ཀླུ་མོ་མཚོ།    ཀློག་ཐེངས།  

                             u=3242193885,3892780497&fm=21&gp=0.jpg

 
མིག་སྔར་ཕྱིའི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ནང་སྲོག་ཆགས་ལ་རང་དང་མཚམས་པའི་ཁེ་དབང་ཅིག་ཡོད་པ་མ་ཟད་རྒྱལ་ཁབ་མང་ཆེ་ཤོས་ཤིག་གིས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་ཁྲིམས་ལུགས་གཏན་ལ་ཕབ་ཡོད། དབྱིན་ཇིའི་བ་ནི་དེར་དོ་སྣང་བྱེད་མཁན་ཐོག་མ་ཡིན་པས་ཁྲིམས་ལུགས་ཀྱི་ལག་ལེན་ཁྲོད་ནས་ཀུན་སྤྱོད་ཀྱི་བྱ་སྤྱོད་ངན་པ་དག་ཐག་གཅོད་བྱས་ཡོད།༡༨༢༢ལོར་“མི་ཆོས་རིང་ལུགས་སྨྲ་བ”མཱ་ཏིན་གྱིས་སྲོག་ཆགས་ལ་གནོད་འཚེ་མི་བྱེད་པའི་བསམ་འཆར་ཞིབ་དཔྱོད་ཁང་དང་གྲོས་ཚོགས་ཁང་གོང་འོག་གཉིས་ཀྱིས་གྲོས་འཆམ་བྱུང༌། ཁྲིམས་ལུགས་འདི་ལ་“མཱ་ཏིན་གྱི་ཁྲིམས་ལུགས”ཟེར་ལ་དེ་ནི་འཛམ་གླིང་ཐོག་སྲོག་ཆགས་ལ་གནོད་འཚེ་མི་བྱེད་པའི་ཁྲིམས་ལུགས་ཐོག་མའང་ཡིན། དེ་ནི་ཐོག་མར་ཁྲིམས་ལུགས་ཀྱི་དོན་ཚན་སྒོ་ནས་སྲོག་ཆགས་ཀྱི་ཁེ་དབང་ལ་བརྩི་འཇོག་བྱས་ཡོད་པ་དང༌། ཧྥ་རན་སིའི་རྒྱལ་ཁབ་ཀྱིས་སྤྱི་ལོ༡༨༥༠ལོར་སྲོག་ཆགས་ལ་གནོད་འཚེ་མི་བྱེད་པའི་ཁྲིམས་ལུགས་གཏན་ལ་ཕབ་པ་དང༌། དེའི་རྗེས་ཨར་ལན། འཇར་མན། ཨོ་སི་ཁྲུ་རི་ཡ། པེ་ལེ་ཧྲི་དང་ཧི་ལན་སོགས་རྒྱལ་ཁབ་རེ་རེ་བཞིན་ཁྲིམས་ལུགས་གསར་བ་གཏན་ལ་ཕབ། སྤྱི་ལོ༡༨༦༦ལོར་ཨ་རིའི་ནིག་ཡོག་གྲོང་ཁྱེར་དུ་སྲོག་ཆགས་ལ་གནོད་འཚེ་མི་བྱེད་པའི་ཚོགས་པ་ཞིག་བཙུགས་བ་དང་འབྲེལ་ཡོད་ཀྱི་ཁྲིམས་ལུགས་ཡང་གཏན་ལ་ཕབ། མི་འགྱངས་པར་ཨ་རིའི་ཁུལ་སོ་སོར་དར་ཁྱབ་སུ་སོང་ནས་རི་སྐྱེས་སྲོག་ཆགས་དང་ཁྱིམ་ཕྱུགས་གང་ལ་ཡང་སྲུང་སྐྱོབ་བྱེད་འགོ་བརྩམས། མིའི་རིགས་ཀྱིས་སྲོག་ཆགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་དེ་ཁྲིམས་ལུགས་ཀྱི་སྒྲིག་གཞི་ནང་གསལ་བོར་བཀག་ཡོད་པ་དང༌། དབྱིན་ཇི་དང་ཨ་རིའི་རྒྱལ་ཁབ་སོགས་སུ་མིས་སྲོག་ཆགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་མཐོང་ཚེ།“མཐོང་མཁན”ཚོས་ཐད་ཀར་སྲོག་ཆགས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཆོག“མཐོང་མཁན”དག་སྲོག་ཆགས་ཀྱི་ཚབ་བྱས་ནས་ཞུ་གཏུགས་བྱས་ཆོག་པ་མ་ཟད་ད་རུང་ཁྲིམས་རྩོད་པ་གདན་ཞུ་བྱས་ནས་སྲོག་ཆགས་ལ་ཁྲིམས་རྩོད་ཀྱང་བྱས་ཆོག   གནོད་འཚེ་ཐེབས་པའི་སྲོག་ཆགས་ཀྱིས་ཁྲིམས་ཁང་ནང་རྨས་སྐྱོན་ཕོག་པར་བདེན་དཔང་བྱེད་དུ་སོང་ཆོག
དུས་རབས་ཉི་ཤུའི་དུས་དཀྱིལ་ནས་དུས་མཇུག་བར་ཡ་གླིང་གི་རྒྱལ་ཁབ་མང་ཤོས་ཀྱིས་ཕྱི་གླིང་པས་སྲོག་ཆགས་ཕན་བདེ་དང་ཁྲིམས་འཛུགས་སོགས་ནང་འདྲེན་བྱས་རྗེས་ཁྲིམས་ལུགས་ཁ་ཚང་ཞིག་གཏན་ལ་ཕབ། མིག་སྔར་རྒྱལ་ཁབ་བརྒྱ་ལྷག་གིས་སྲོག་ཆགས་ལ་གནོད་འཚེ་མི་བྱེད་པའི་ཁྲིམས་ལུགས་བཟོས།   སྲོག་ཆགས་ཀྱི་ཚེ་སྲོག་རིན་ཐང་ཁྲིམས་ལུགས་ཀྱི་སྒོ་ནས་དང་ལེན་བྱས།   སྤྱི་ལོ༢༠༠༢ལོའི་ཟླ་༥བའི་ཚེས༡༧ཉིན་འཇར་མན་གྲོས་ཚོགས་འོག་མས་རྩ་ཁྲིམས་ལ་བསྐྱར་བཟོ་བྱས་ནས་སྲོག་ཆགས་ཀྱི་ཁེ་དབང་ཕྱོགས་རྩ་ཁྲིམས་ནང་ཁ་ཇེ་གསལ་དུ་བཏང༌།   འདི་ནི་ཁྲིམས་ལུགས་ཀྱི་སྒོ་ནས་ཐེངས་དང་བོར་སྲོག་ཆགས་དང་འགྲོ་བ་མི་གཉིས་ལ་འདྲ་མཉམ་གྱི་གོ་གནས་ཐོབ་པ་གཏན་ལ་ཕབ།   ཡིན་ཡང༌།   རང་རྒྱལ་ལ་སྤྱི་ལོ་༢༠༠༤ལོའི་ཟླ༨པའི་ཚེས་༢༨སྔོན་ཐད་ཀར་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་ཁྲིམས་ལུགས་གཏན་ལ་ཕབ་མེད།   ཁྲིམས་ལུགས་འདིས་རང་རྒྱལ་གྱི་སྲོག་ཆགས་ཀྱི་ཕན་བདེ་སྲུང་སྐྱོབ་ཕྱོགས་ལ་འཕེལ་རྒྱས་སུ་བཏང་མོད་ཕྱིའི་རྒྱལ་ཁབ་དང་བསྡུར་ན་ད་རུང་བར་ཐག་ཆེན་པོ་ཡོད།
     ད་ལྟ་དར་ཁྱབ་དུ་སོང་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་རྩ་ཁྲིམས་ལ་ད་རུང་མི་འདང་ས་དང་གནད་དོན་མང་བོ་ཡོད།   ལོ་འདི་དག་རིང་ལ་ཆེད་མཁས་མི་སྣས་སྲོག་ཆགས་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་ཡང་དག་པར་སྒྲིག་བཟོ་བྱེད་རྒྱུར་རེ་འབོད་བྱེད་དང་བྱེད་བཞིན་མུས།
     རྒྱལ་སྤྱིའི་སྲོག་ཆགས་སྲུང་སྐྱོབ་ཐེབས་རྩ་ཚོགས་པའི་ཀྲུང་གོའི་ལས་གཞི་འགོ་བ་དཔའ་ཉིན་གྱིས་ཕྱིའི་རྒྱལ་ཁབ་ཀྱི་སྲོག་ཆགས་ཕན་བདེ་སྲུང་སྐྱོབ་ཉམས་མྱོང་ནང་འདྲེན་བྱས་ནས་འགྲོ་བ་མིའི་འདུ་ཤེས་འཛིན་སྟངས་དང་སྒྲིག་ཁྲིམས་སྲུང་སྐྱོབ་སོགས་ཕྱོགས་སོ་སོའི་སྒོ་ནས་སྲོག་ཆགས་ཀྱི་ཕན་བདེ་ཕྱོགས་འཐུས་ཇེ་ཚང་དུ་གཏོང་དགོས་ཞེས་གསུངས་ཡོད། ཨ་རིའི་བཙོན་ཁང་གི་ཉེས་ཅན་དག་ལས་མང་ཤོས་ཅིག་གིས་ལོ་ན་ཆུང་དུས་སྲོག་ཆགས་ལ་མནར་གཅོད་བཏང་བའི་བརྒྱུད་རིམ་ཡོད་པས་ཨ་རིའི་སྲོག་ཆགས་ཀྱི་ཕན་བདེ་སྲུང་སྐྱོབ་ཕྱོགས་ཅུང་ཁ་ཚང་བ་རེད།མིའི་རིགས་ཀྱི་འདུ་ཤེས་འཛིན་སྟངས་དང་ཀུན་སྤྱོད་ཚད་གཞི་ཇེ་མཐོར་བཏང་ནས་ཚེ་སྲོག་ཡོངས་ལ་བྱམས་སྐྱོང་དང་སྲུང་སྐྱོབ་བྱེད་རྒྱུར་སྐུལ་འདེབས་བྱས་ཡོད།
     ཆེད་མཁས་རྣམས་ཀྱིས་ཁྲིམས་སྲོལ་འདི་འདྲ་ཞིག་གཏན་འཁེལ་བྱས་ཏེ་མིག་སྔར་སྒྲིག་གཞི་ལ་བརྟེན་ནས་སྤྱི་ཚོགས་ཀུན་སྤྱོད་འཛུགས་སྐྲུན་ཕྱོགས་མཐོར་འདེགས་བྱེད་དགོས་གསུངས་པ་དང༌།ཡིན་ཡང་ཀུན་སྤྱོད་ནི་ཡོད་ཚད་ཀྱི་མ་རྩ་ཡིན།   སྤྱི་ཚོགས་ཤིག་གིས་སྲོག་ཆགས་ལ་བཟུང་བའི་འདུ་ཤེས་བཅོས་བསྒྱུར་བྱ་རྒྱུ་ནི་ཡུན་རིང་བའི་བྱ་གཞག་གལ་ཆེན་ཞིག་ཡིན་པས་བསམ་བློ་ངན་པ་རྩ་བ་ནས་དོར་ཏེ་བརྩི་འཇོག་དང་རྒྱུན་རིང་གིས་ཚེ་སྲོག་ལ་བྱམས་སྐྱོང་བྱེད་པའི་འདུ་ཤེས་ཤིག་གསོ་སྐྱོང་བྱེད་དགོས།   དེ་ལས་སྒྲིག་ཁྲིམས་འཛུགས་བཟོ་བྱེད་རྒྱུ་ནི་ནང་གསེས་ཆེས་མངོན་འགྱུར་སླ་བའི་གོམ་པ་དང་བོ་ཡིན།
 རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             
རྩོམ་ཁུངས།  རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn
 
     
 
བརྒྱུད་འགོད།