གཙུག་ལག་ཁང་ཆེན་མོ་ནཱ་ལེནྡྲ་ལོ༨༠༠རྗེས་སུ་སླར་ཡང་སྒོ་ཕྱེས།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2015-12-06 11:03:49     རྩོམ་པ་པོ།   དགེ་ལུགས་པའི་དྲ་བ།    ཀློག་ཐེངས།  
        nalanda.jpg
             ལོ་ངོ༡༤༠༠ལྷག་གི་ཡར་སྔོན་དུ་རྒྱའི་ཧྭ་ཤང་ཐང་ཟན་ཙང་ནུབ་ཕྱོགས་འཕགས་པའི་ཡུལ་དུ་དམ་ཆོས་སྦྱོང་པར་འགྲོ་བའི་སྐབས་སུ་རྒྱ་གར་གྱི་པི་ཧར་ནས་སངས་རྒྱས་ཆོས་ལུགས་ལ་སྦྱངས་པ་བྱས།ད་ལོའི་ཟླ༩པའི་ཚེས༡ཉིན། ཐང་ཟན་ཙང་དང་ལྷག་པར་དུ་བོད་ཀྱི་སྐྱེས་ཆེན་དམ་པ་གང་མང་གིས་སློབ་སྦྱོང་བྱས་མྱོང་བའི་སློབ་གྲྭ་ཆེན་མོ་དཔལ་ནཱ་ལེནྡྲ་རུ་ད་ལྟའི་བར་དུ་ལོ་ངོ༨༠༠འདས་པའི་དུས་ལ་སླར་ཡང་སློབ་ཁྲིད་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་དང་།ཐོག་དང་བོར་སློབ་མ༡༥གནའ་བོའི་སློབ་གྲྭ་འདིར་ཕྱིན་ནས་ཤེས་རིག་ལ་སྦྱོང་བ་བྱེད་རྒྱུ་རེད།

རྒྱ་གར་གྱི་ཚགས་པར་ལས་ཚེས༡ཉིན་སྤེལ་བའི་བརྡ་འཕྲིན་ལ་གཞིགས་ན།དཔལ་ནཱ་ལེནྡྲའི་སློབ་གསོའི་སྒྲིག་གཞི་ནི་ཟླ༩པའི་ཚེས༡ཉིན་སླར་གསོ་བྱུང་བ་དང་། རྒྱལ་ཁབ༤༠ལྷག་གི་སློབ་ཞུགས་ཀྱི་རེ་ཞུ་ཕུལ་མཁན༡༠༠༠ཁྲོད་ནས་སློབ་མ༡༥འདེམས་ཐོན་བྱུང་སྟེ་སློབ་སྐབས་གསར་བའི་སློབ་སྦྱོང་གི་འགོ་ཚུགས་པ་རེད།སློབ་གྲྭའི་སློབ་གཙོ་གཞོན་པ་གུ་པ་ཟ་པུ་ཧྭ་ལྭ་ཨེར་གྱིས་བསྟན་རྒྱུར། ༢༠༢༠བར་དུ། སློབ་གྲྭས་སློབ་གླིང༧འཛུགས་རྒྱུ་ཡིན་པ་དང་།ཤེས་རམས་པ་དང་འབུམ་རམས་པ་མ་གཏོགས་བསྡུ་རྒྱུ་མིན་པ། སློབ་ཚན་ལ་ཚན་རིག་དང་མཚན་ཉིད་རིག་པ།སེམས་ཁམས་རིགས་པ་དང་སྤྱི་ཚོགས་རིག་པ་སོགས་འཛུགས་རྒྱུ་རེད།

ནཱ་ལེནྡྲ་ནི་རྒྱ་གར་མ་ག་དྷ་རྒྱལ་ཁབ་ཀྱི་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་ཡོད་པའི་དགོན་པ་གྲགས་ཅན་ཞིག་ཡིན།དུས་རབས་ལྔ་པ་ནས་དྲུག་པའི་དུས་འགོའི་བར་དུ་བཏབ། དེར་དགོན་ཆེན་བརྒྱད་ཡོད་པ་དང་དགེ་འདུན་གཞིས་བྱེས་མི་གྲངས་ཆིག་ཁྲི་ཙམ་ཞིག་རྒྱུན་དུ་བཞུགས།དེར་ཐེག་ཆེན་ཐེག་ཆུང་དང༌། རིག་བྱེད། ཚད་མ། སྒྲ་རིག་པ། གསོ་བ་རིག་པ་སོགས་བསླབ་པའི་གནས་ཡིན་པས་རྒྱ་གར་དུ་སངས་རྒྱས་ཆོས་ལུགས་ཀྱི་སློབ་གྲྭ་མཐོ་ཤོས་ཤིག་ཏུ་གྱུར།ཐང་རྒྱལ་རབས་ཀྱི་ཤྱན་ཙང་ཐང་ཟན་བླ་མ་དང་། དབྱི་ཅིང་སོགས་དེར་སློབ་གཉེར་ལོ་མང་མཛད། དུས་རབས་བཅུ་གཉིས་པའི་དུས་མཇུག་ཏུ་དྲུ་གུའི་དམག་གིས་སློབ་ཆེན་འདི་གཏོར་བརླགས་བྱས་ཏེ་བསྣུབས་ཤིང༌།ཉེ་རབས་གཞི་ནས་དེའི་རྗེས་ཤུལ་ཁག་གཅིག་ས་འོག་ནས་བཏོན། དེ་སྔོན་རྒྱ་བོད་སོགས་འཛམ་གླིང་གི་ཡུལ་གྲུ་སོ་སོ་ནས་མཁས་པ་ཁྲི་མ་འབུམ་གྱི་ཡིད་དབང་བཀུག་མྱོང་།ནཱ་ལེནྡྲ་ཡི་སླར་བསྐྲུན་ནི་རྒྱ་གར་དང་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་རྒྱལ་ཁབ༡༨ཀྱིས་ཐུན་མོང་གི་གྲོས་འགོ་བཏོན་པ་རེད།དེའི་ཁྲོད་དུ་ཀྲུང་གོས་ཨ་སྒོར་ཁྲི༡༠༠མཁོ་འདོན་བྱས་ཡོད།

ཁ་བྱང་ཕྱི་མོ། བོད་བརྒྱུད་ནང་བསྟན་གྱི་ཕ་ས་རྒྱ་གར་གྱི་གཙུག་ལག་ཁང་ཆེན་མོ་ནཱ་ལེནྡྲ་ལོ༨༠༠རྗེས་སུ་སླར་ཡང་སྒོ་ཕྱེས།ཙུག་ལག་ཁང་ཆེན་མོ་ནཱ་ལེནྡྲ་ལོ༨༠༠རྗེས་སུ་སླར་ཡང་སྒོ་ཕྱེས།

བརྒྱུད་འགོད།