སྐྱབས་རྗེ་ཕ་བོང་ཁས་མཛད་པའི་ཡིད་བཞིན་འཁོར་ལོའི་རྒྱུན་འཁྱེར་འཆི་མེད་བཅུད་སྤུངས་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-28 23:30:24     རྩོམ་པ་པོ།   ཕ་བོང་ཁ་བ།    ཀློག་ཐེངས།  

 

398997927407002640.jpg

            རྗེ་བཙུན་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྒྱུན་འཁྱེར་འཆི་མེད་བཅུད་སྤུངས་ཞེས་བྱ་བ་ནི། སྐྱབས་སེམས་སངས་རྒྱས་ཆོས་ཚོགས་མ་ལན་གསུམ་བརྗོད། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོཉཧཾ། སྟོང་པའི་ངང་ལས་པད་དཀར་ཟླ་དཀྱིལ་སྟེང༌། རང་སེམས་ཏཱཾ་ཡིག་ཨུཏྤལ་ཏཱཾ་གྱིས་མཚན། ། ཡོངས་གྱུར་རང་ཉིད་ཚེ་སྦྱིན་འཕགས་མའི་སྐུ། ། ཞལ་གཅིག་ཕྱག་གཉིས་གཡས་པས་མཆོག་སྦྱིན་དང༌། ། གཡོན་པས་ཨུཏྤལ་བསྣམས་ཤིང་སྤྱན་བདུན་མངའ། ། མཚན་དཔེའི་ལང་ཚོ་ཟླ་བའི་རྒྱབ་ཡོལ་ལྡན། ། གནས་གསུམ་ཡི་གེ་གསུམ་མཚན་ས་བོན་ལས། ། འོད་འཕྲོས་ཡེ་ཤེས་པ་དང་དབང་གི་ལྷ། ། སྤྱན་དྲངས་གཉིས་མེད་བསྟིམ་ཞིང་དབང་གི་ལྷས། ། དབང་བསྐུར་ཚེ་དཔག་མེད་ཀྱིས་དབུ་ལ་བརྒྱན། ། ཐུགས་ཀའི་ཏཱཾ་ལས་འོད་འཕྲོས་འཁོར་འདས་ཀྱི། ། ཚེ་བཅུད་མཐའ་དག་སྙིང་གར་བསྟིམ་པར་གྱུར། ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུརྤུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་ཡེ་སྭཧཱ། ལན་ཉེར་གཅིག་ནས་མ་ཆག་པ་བཟླ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཅི་ནུས་བཟླ། མཇུག་ཏུ་དབྱངས་གསལ་དང༌། ཡི་གེ་བརྒྱ་པ་ཅི་རིགས་བརྗོད། དུས་མིན་འཆི་བའི་མཚན་མ་མཐོང་བ་ན། ། དེ་ཡི་མོད་ལ་ཡིད་བཞིན་འཁོར་ལོའི་སྐུ། ། གསལ་བར་མཐོང་ནས་འཆི་བདག་དཔའ་བཅོམ་སྟེ། ། འཆི་མེད་རིག་འཛིན་མྱུར་དུ་འགྲུབ་པར་ཤོག། འདི་ཡང་མཛོད་པའི་ངག་འདོན་རྒྱུན་འཁྱེར་དུ་ཕ་བོང་ཁ་བས་སྦྱར། ། ། །

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།
གསལ་འདེབས།                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།