འཇིགས་བྱེད་དཔའ་གཅིག་རྒྱུན་འཁྱེར་མདོར་བསྡུས་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2016-06-08 23:19:19     རྩོམ་པ་པོ།   འཇིགས་མེད་འཕྲིན་ལས་རྒྱ་མཚོ།    ཀློག་ཐེངས།  

 418126031756023466.jpg

         ༄༅། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། །སེམས་ཅན་ཐམས་ཅད་བདག་གིས་དགྲོལ། །བྱང་ཆུབ་གནས་ལ་འགོད་པར་བགྱི། །བྱང་ཆུབ་སེམས་ནི་ཡང་དག་བསྐྱེད། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷ་ཝ་ཤུདྡྷོ྅་ཧཾ། ཆོས་ཀུན་མི་དམིགས་སྟོང་བའི་ངང་ཉིད་ལས། །འབྱུང་བཞི་རིམ་བརྩེགས་སྲུང་འཁོར་ཆོས་འབྱུང་ནང་། །གཞལ་མེད་ཁང་དབུས་རང་ཉིད་འཇམ་དབྱངས་སུ། །གསལ་བ་མངོན་བྱང་ལྔ་ཡིས་འཇིགས་བྱེད་དུ། །གྱུར་པའི་གནས་གསུམ་ཡི་གེས་ལེགས་མཚན་ཞིང་། །སེམས་དཔའ་གསུམ་གྱི་བདག་ཉིད་དུ་བཞུགས་པའི། །ཧཱུཾ་གི་འོད་ཀྱིས་ཡེ་ཤེས་དབང་ལྷ་བཅས། །སྤྱན་དྲངས་དབང་བསྐུར་མཆོད་ཅིང་བསྟོད་པར་བགྱི། །

        ཨོཾ་ཡ་མ་རཱ་ཛཱ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡཀྵེ་ཡ། ཡཀྵེ་ཡཙྪ་ནི་རཱ་མ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཨོཾ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ།རྣམས་ཅི་འགྲུབ་བཟླས་ལ།

        རྣམ་དག་བསམ་པས་ཚུལ་འདིར་འབད་པ་ལས། །བྱུང་བའི་དགེ་བས་མཐའ་ཡས་འགྲོ་བ་རྣམས། །སྐྱེ་ཞིང་སྐྱེ་བར་འཇམ་དབྱངས་ཞི་ཁྲོ་ཡིས། །འབྲལ་བ་མེད་པར་རྗེས་སུ་འཛིན་གྱུར་ཅིག །ཅེས་སྨོན་ལམ་གདབ་བོ། །

       ཅེས་པ་འདི་ནི་སྤྲུལ་བའི་སྐུ་སྐལ་བཟང་ལེགས་བཤད་རྒྱ་མཚོའི་ཐུགས་དམ་ཞལ་འདོན་དུ་གྱི་ན་བ་འཇིགས་མེད་འཕྲིན་ལས་རྒྱ་མཚོས་སྤེལ་བ་དགེ་ལེགས་འཕེལ། 


གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།