མགོན་པོའི་རྒྱུན་འཁྱེར་མདོར་བསྡུས །

    སྤེལ་དུས།  2015-12-12 18:17:58     རྩོམ་པ་པོ།   རོང་ཆེན་སྐྱེ་མིང་བ་བློ་བཟང་འཕྲ    ཀློག་ཐེངས།  

    ༄༅ ། །  ན་མོ་མ་ཧཱ་ཀཱ་ལ་ཡེ།   མགོན་པོའི་རྒྱུན་འཁྱེར་མདོར་བསྡུས་ཉམས་སུ་ལེན་པ་ལ །  སྐད་ཅིག་དཀྲོང་བསྐྱེད་བྱས་ཏེ་ནང་མཆོད་དང་མཆོད་པ་བྱིན་གྱིས་རླབས་ལ། རང་མདུན་པད་ཉི་བགེགས་ཀྱི་རྒྱལ་བོའི་སྟེང་།  །ཧཱུཾ་དང་གྲི་གུག་ལས་བྱུང་ནག་པོ་ཆེ།  ། འདོད་ཁམས་དབང་ཕྱུག་ལས་མཁན་གནོད་སྦྱིན་བཞི།  ། དཔལ་མགོན་དམ་ཅན་དམར་ཚོགས་རྒྱ་མཚོས་བསྐོ། །གནས་གསུམ་རྡོ་རྗེ་གསུམ་མཚན་འོད་ཟེར་གྱིས། །བསིལ་བ་ཚལ་ནས་ཡེ་ཤེས་སྤྱན་དྲངས་ཐིམ། ། གུས་པས་ཕྱག་འཚལ་ཕྱི་ ནང་གསང་བ་ཡི། །རབ་འབྱམས་མཆོད་ཚོགས་འབུལ་གྱི་དགྱེས་དགུར་རོལ། །རྩ་རྒྱུད་བླ་མ་མགོན་པོ་དབྱེར་མེད་པར།  ། མི་ཕྱེད་གདུང་ཤུགས་དད་པས་གསོལ་འདེབས་ན། །རྨད་བྱུང་གསང་གསུམ་ཡེ་ཤེས་རོལ་བ་ཡིས། ། བདག་དང་སྣོད་བཅུད་ཀུན་ལ་བྱིན་ཆེན་ཕོབ། ། ན་མོ་བུངྔྷཱ་ཡ ། ན་མོ་གུ་རུ་ཧེ ། བཛྲ་བཱི་ར་བཱི་རེ་ན་ཤྲྀ་ཡེ། ཌཱ་ཀ་དཱ་ཀི་ནི །  ཛོ་ཀ་ཛོ་ཀི་ནི། སརྦ་བུངྔྷཱ་ཡ །  བོདྷི་ས་ཏྭ་ཤ་ར་ཎཾ་གཙྪ་མི་ཀྱེེ །  གྲིབ་སེལ་གྱི་དམིགས་པ་དང་བཅས་ཡིག་བརྒྱ་བཟླས་ལ །   སྒོ་གསུམ་ཉོན་མོངས་དབང་དུ་གྱུར་པ་ལས། །  དམ་ཚིག་ཉམས་ཆགས་གྲིབ་ཀྱིས་ཕོག་པ་སོགས།  ། ནོངས་བར་གང་གྱུར་འགྱོད་པས་བཤགས་བགྱིད་ན།  ། དམིགས་མེད་དབྱིངས་སུ་བཟོད་བཞེས་དངོས་གྲུབ་སྩོལ །  །བསྐང་བ་ནི ། བདེ་སྟོང་རོལ་བ་ལས་བྱུང་མཆོད་པའི་སྤྲིན། ། ཉེར་སྤྱོད་འདོད་ཡོན་ལྔ་དང་ཕྱག་མཚན་དྲུག །སྲོག་ཆགས་གོ་མཚན་དམར་ཆེན་བ་ལིཾ་ཏ། ། ཕྱི་ནང་གསང་རྟེན་རི་གླིང་རྒྱལ་སྲིད་བདུན། ། དམ་རྫོས་མཆོད་ཚོགས་སྟོང་གསུམ་ཁྱོན་འགེངས་པ། ། རྩེ་གཅིག་མོས་གུས་དད་པའི་ལེགས་འབུལ་ན། །ཐུགས་དམ་དགྱེས་སྐོང་མི་མཐུན་རྐྱེན་ངན་ཀུན། ལྷག་མེད་བཟློག་ལ་མཆོད་ཐུན་དངོས་གྲུབ་སྩོལ ། ། བཟླས་པ་བྱ་བ་ནི།  མགོན་པོའི་སྤྱི་བོར་བླ་མ་དབང་གི་མདོག  དཔྲལ་བར་གསང་བའི་མཁའ་འགྲོ་བཅུ་གསུམ་བཅས།  །འོད་དམར་ལྕགས་ཀྱུས་སྣང་སྲིད་དབང་བསྡུས་ཏེ། འདོད་དགུའི་དངོས་གྲུབ་ཆར་ལྟར་འབབ་པར་གྱུར། ། ཨོཾ་བཛྲ་ན་ར་ཀྲི་ཀྲི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཁྲི་ཁྲེ་ཏ་བིགྷྣན་བི་ནཱཡ་ཀ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཤཱ་ས་ན་ཨུ་པ་ཧ་རི་ཎེ།  ཨེ་ཥ་ཨ་པཥྩ་མཀ་ལོ །  ཨ་ཡཾ་ཨི་དཾ་རཏྣ་ཏྲ་ཡ ། ཨ་པ་ཀ་རཱི་ཎཱཾ །  ཡ་ཏི་བྲ་ཏི་ཛྙ྄ །  སྨ་ར་སི །  ཏ་ད་ཨི་དཾ་དུཥྚཾ །  ཁ་ཁ་ཁཱ་ཧི་ཁཱ་ཧི ། མཱ་ར་མཱ་ར། གྲིཧྞ་གྲིཧྞ  ། བྷནྡྷ་བྷནྡྷ  ། ཧ་ན་ཧ་ན  །  ད་ཧ་ད་ཧ ། བ་ཙ་བ་ཙ ། དི་ན་མེ་ཀེ་ན་མཱ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ།  བྷྱོཿམ་མོ་ནག་མོ་བེཏྟཱ་ལི་སེན་དྷ་ཀུ་ལུ་ཀུ་ལུ་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཀྵེ་ཏྲ་བཱ་ལ་བིགྷྣན་ཧཱུཾ་ཕཊ། ཨོཾ་ཛི་ན་མི་ཏྲ་ཝ་ཤཾ་ཀུ་རུ་ཧཱུཾ་ཕཊ།  ཨོཾ་ཊཀྐི་རཱ་ཛ་ས་མ་ཡ་བྷྱོཿཧཱུཾ་ཕཊ།ཨོཾ་དུ་ཡཀ་ཛ་མ་ཧཱ་ཀཱ་ལ་ཏྲཀྴད་ཧཱུཾ་ཕཊ ། ཅེས་སོགས་མགོན་པོ་འཁོར་བཅས་ཀྱི་སྔགས་རྣམས་དམིགས་པ་དང་བཅས་བཟླས་ལ་ཡིག་བརྒྱ་བརྗོད། གཏོར་མ་བྱིན་རླབས་རྒྱས་པའམ་འབྲུ་གསུམ་གྱིས་བྱིན་རླབས་བྱས་ལ །  ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་བཱ་རི་ཝཱ་ར་ལ་ལིཾ་ཏ་བཏགས་པས་ཕུལ ། མཆོད་པ་དང་ནང་མཆོད་ཕུལ་ཏེ ། མྱུར་མཛད་མས་བསྟོད་ལ། དྲན་པ་ཙར་གྱིས་མཆོག་ཐུན་འདོད་དགུའི་ཆར། ། སྩོལ་མཛད་ཐུགས་རྗེའི་གཏེར་ཆེན་ནག་པོ་ཆེ།  ། འཁོར་བཅས་འབྲལ་མེད་བདག་གི་མགོན་མཛོད་ལ །  ། ཕྱི་ནང་བར་ཆད་གཡུལ་ལས་རྒྱལ་བར་མཛད །  ། ཕན་བདེའི་རྩ་བ་རྒྱལ་བའི་བསྟན་དར་ཞིང་།  །བསྟན་འཛིན་ཞབས་བརྟན་འགྲོ་ཀུན་དགའ་བདེས་འཚོ།  ། རྟག་ཏུ་སྲུང་སྐྱོབ་འཕྲིན་ལས་རྟ་བདུན་གཟིས། །འཕྲལ་ཡུན་བསམ་དོན་གེ་སར་བཞད་པར་མཛོད། ། བླ་མ་མགོན་པོ་དབྱེར་མེད་ལ། ། ཞེས་སོགས་བརྗོད་ཅིང་མགོན་པོ་འཁོར་བཅས་རང་གི་སྙིང་ཁར་ཐིམ་པར་བསམ་ལ ། བསྔོ་སྨོན་གྱིས་རྒྱས་གདབས་སོ ། ། ཞེས་བ་འདི་ཡང་དོན་གཉེརཅན་འགའ་ལ་ཕན་ཕྱིར་༧ རོང་ཆེན་སྐྱེ་མིང་བ་བློ་བཟང་འཕྲིན་ལས་ཀྱིས་བྲིས་བའོ།  

གསལ་འདེབས།     
       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་འགོད་དག་པར་ཞུ།     

       རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
      རྩོམ་འདིའི་སྦྲེལ་ཐག 
http://www.tb1025.cn

བརྒྱུད་འགོད།