སྡིག་ལྟུང་སྦྱངས་པའི་ཐབས་མཆོག་ཏུ་གྱུར་བ་ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་བཞུགས་སོ། །

    སྤེལ་དུས།  2015-12-06 13:34:32         ཀློག་ཐེངས།  

          ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཡེ་ཤེས་མེ་དཔུང་འབར་བའི་དབུས་ཉིད་ན། །མིག་སྨིན་ལྟར་ནག་སྲིན་པོ་ཁྲོས་པའི་སྐུ། ། དྲན་པ་ཙམ་གྱིས་བདུད་དང་སྡིག་པ་ཀུན། ། འཇོམས་མཛད་རྡོ་རྗེ་མཁའ་འགྲོ་ལ་བཏུད་ནས། ། མི་འདོད་སྡུག་བསྔལ་མ་ལུས་འབྱུང་བའི་གནས། ། སྡིག་ལྟུང་གངས་རི་མཐོན་པོའི་དགྲར་གྱུར་བ། ། སྦྱིན་སྲེག་ཚ་ཟེར་སྟོང་འབར་ཉིན་མོར་བྱེད། ། ཕན་བདེ་པད་ཚལ་བཞད་ཕྱིར་དེང་འདིར་བཤད། ། འདིར་གཤིན་པོའི་སྡིག་སྒྲིབ་དང་ཤི་འདྲེའི་གནོད་པ་རྣམས་སྦྱིན་སྲེག་རྐྱང་བས་སྦྱངས་ཚུལ་ནི། སྐྱབས་སེམས་སྔོན་དུ་བཏང་། བདག་བསྐྱེད་རྒྱས་བསྡུས་ཅི་རིགས་སྔོན་དུ་འགྲོ་བའི་སྒོ་ནས། ཨོཾ་ཧྲཱི་ཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་ཤཱུནྱ་ཏཱ་ཛྙཱ་བཛྲ་སྭཱ་བྷ་བ་ཨཱཏྨ་ཀོ྅ཧཾ། རྟེན་སྣང་བ་མི་དམིགས་པ་སྟོང་པ་ཉིད་གྱུར། སྟོང་པའི་ངང་ལས། ཚེ་འདས་ཀྱི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཡོངས་སུ་གྱུར་པ་ལས། ཚེ་ལས་འདས་པ་ཐ་མལ་བའི་ཆ་བྱེད་ཅན་ཕུང་བོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་གསལ་ཞིང་ཡོངས་སུ་རྫོགས་པར་གྱུར། དེའི་འཁོར་དུ་རྒྱལ་བོའི་ངོ་བོ་བནྡེ་སག་ཞུ་ཅན་དང་། འཆི་བདག་ལས་ཀྱི་གཤིན་རྗེ་ནག་པོ་ལ་སོགས་པ་ཐོག་མ་མེད་པ་ནས་གནོད་ཅིང་ལན་ཆགས་པའི་གནོད་བྱེད་གདོན་བགེགས་རྣམས་ཀྱིས་བསྐོར་བར་གྱུར། ཨོཾ་བཛྲ་ས་ཏྭ་ཧཱུཾ་ཛཿ སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་སུ་ཞུགས་པ་ཐམས་ཅད་ཀྱི་སྙིང་བོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིགས་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་དང་། ཁྱད་པར་དུ་ཡང་བཅོམ་ལྡན་འདས་ㄨㄨཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་པ་ལ་བརྟེན་ནས། འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་ཞིང་ཚེ་ལས་འདས་པ་རྣམས་དང་། ཐོག་མ་མེད་པ་ནས་གནོད་ཅིང་ལན་ཆགས་པའི་གདོན་བགེགས་རྒྱལ་གདོན་ཤི་གཤེད་གདུག་པ་ཅན་རྣམས་ཀྱི་རྣམ་པར་ཤེས་པ་སྲིད་པ་བར་དོ་ཁམས་གསུམ་འགྲོ་བ་རིགས་དྲུག་སྐྱེ་གནས་བཞིས་བསྡུས་པའི་འཇིག་རྟེན་གྱི་ཁམས་གང་ན་གནས་ཀྱང་། སྐད་ཅིག་ཐེངས་ཅིག་ཡུད་ཙམ་ལ་འདིར་མཆིས་པར་གྱུར། ལན་གསུམ་བརྗོད། རང་ཉིད་འཇམ་དཔལ་གཤིན་རྗེ་གཤེད་དུ་གསལ་བའི་ཐུགས་ཀ་ནསའོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། ཚེ་འདས་སོགས་ཀྱི་རྣམ་ཤེས་ཁ་དོག་དམར་ཞིང་གསལ་བ་ཨ་ཐུང་གི་གཟུགས་ཅན་དུ་བཀུག་སྟེ། སྤྱི་གཙུག་ནས་ཞུགས་སྙིང་ཀར་ཐིམ་པར་གྱུར། ཨོཾ་མུདྒ་ར་ཛཿ ཨོཾ་དཎྚ་ཧཱུཾ། ཨོཾ་པངྨ་བཾ། ཨོཾ་ཁདྒ་ཧོ། ཨོཾ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་བ་བཾ་ཨཱ་ན་ཡ་ཧཱུཾ། ཚེ་འདས་ཀྱི་སྡིག་སྒྲིབ་ཐམས་ཅད་བཀུག་པར་གྱུར། ཨོཾ་སརྦ་ཨཱ་བ་ཡ་ཨཱ་ཀཪྵ་ནི་བི་ཤོ་དྷ་ན་བཛྲ་ས་མ་ཡ་ཧཱུཾ་ཕཊ། ངན་འགྲོ་བ་ཐམས་ཅད་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་བཀུག་པར་གྱུར། དེ་རྣམས་ཀྱིས་བཅོམ་ལྡན་འདས་བདག་ཅག་སྡུག་བསྔལ་གྱིས་གཟིར་བ་འདི་ལས་སྐྱབས་ཏུ་གསོལ། བདག་ཅག་སངས་རྒྱས་དང་ཆོས་དང་དགེ་འདུན་དང་ཁྱེད་རྣམས་ལ་ཡང་སྐྱབས་སུ་མཆིའོ། ། ཨོཾ་བཛྲ་པཱ་ནི་བི་སྤོ་ཊ་ཡ་སརྦ་ཨ་བཱཡ་བན་དྷ་ན་ནི་པྲ་མོ་ཀྵ་ཡ་སརྦ་ཨ་པཱ་ཡ་ག་ཏེ་བྷྱཿ སརྦ་ས་ཏྭ་ནཾ་སརྦ་ཏ་ཐ་ག་ཏ་བཛྲ་ས་མ་ཡ་ཏྲཊ། ཀྱིས་སྡིག་པ་དང་སྒྲིབ་པ་ཐམས་ཅད་བཅོམ་ཤིང་ཤི་ནས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ཞབས་དྲུང་དུ་སྐྱེས། རྟེན་རྣམས་བ་ཚྭ་ཅན་གྱི་རྒྱ་མཚོར་དོར་བར་གྱུར། བར་བསམ་པའི་བར་གྱི་སྔགས་འདི་རྣམས་ཀྱང་ལན་གསུམ་རེ་བརྗོད་པར་བྱའོ། ཨོཾ་ཧྲཱི་ཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། བཛྲ་བནྡྷ་ཊད། ལན་གསུམ། ཚེ་འདས་ཀྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས་པར་གྱུར། སྐབས་འདིར་སྡིག་ལྟུང་སྦྱངས་པའི་ཐབས་མཆོག་ཏུ་གྱུར་བ་ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་བྱེད་པར་འདོད་པས། ཏིལ་དང་མེ་སྟ་གོན་བྱས་ལ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། ཁྱད་པར་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་བ་མྱུར་བར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཕྱིར་དུ་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་ལ་འཇུག་པར་བགྱིའོ། ། ལན་གསུམ་བརྗོད། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་སྭཱ་བྷྭ་ཝ་ཤུངྔྷཿསརྦ་དྷརྨ་སྭཱ་བྷ་ཝ་ཤུད་དྷོ྅ཧཾ། ཐབས་སྣང་བ་མི་དམིགས་པ་སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་རཾ་ལས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་སུ་ཧཱུཾ་དང་རྡོ་རྗེ་ལས་བྱུང་བའི་ཁྲོ་བོ་རྡོ་རྗེ་མཁའ་འགྲོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཧཱུཾ་མཛད་ཀྱི་ཕྱག་རྒྱ་འཆིང་བ། ཞལ་གནམ་དུ་གདེངས་ཤིང་མཆེ་བ་རྣོན་པོ་བཞི་གཙིགས་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་འཕྱང་བ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཁྲོ་བོའི་ཉམས་ཐམས་ཅད་ཡོངས་སུ་རྫོགས་པ་སྡིག་སྒྲིབ་འཇོམས་པ་ལ་དཔའ་བོའི་ཚུལ་གྱིས་ཞབས་གཉིས་ཟླུམ་པོར་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། དབང་གི་ལྷས་དབང་བསྐུར། མི་བསྐྱོད་པའི་དབུ་བརྒྱན་པར་གྱུར། མཆོད་པ་བྱིན་གྱིས་བརླབས་ལ། ཨོཾ་བཛྲ་ཌཱ་ཀ་ས་པཱ་རི་ཝ་ར་ཨརྒྷཾ། པཱདྱཾ། གནྡྷེ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ ནཻ་ཝི་ཏྱཱ། ཤཔྟ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་པ་ཆེ། །རྡེ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ། །ཞེས་པསབསྟོད། མདུན་དུ་ཚེ་ལས་འདས་པ་རྣམས་དང་། གདོན་བགེགས་རྣམས་ཐ་མལ་དུ་གནས་པའི་སྙིང་གར་སྡིག་པའི་ས་བོན་བཾ་ནག་པོ། ལྟེ་བར་རཾ་ལས་མེའི་དཀྱིལ་འཁོར་དམར་པོ། རྐང་མཐིལ་གཉིས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ། བཾ་ལས་འོད་ཟེར་འཕྲོས། སྒོ་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་འོད་ཟེར་ནག་པོའི་རྣམ་པར་བཀུག་སྟེ་བཾ་ལ་ཐིམ། འོག་གི་རླུང་གཡོས། རྐང་མཐིལ་ནས་ཞུགས། ལྟེ་བའི་མེ་སྦར༑ མེའི་འོད་ཀྱིས་བཾ་དེད་ནས་སྣ་སྒོར་ཐོན་པ་སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་ནས་ཏིལ་ལ་ཐིམ་ཞིང་། ཏིལ་ཁྲོ་བོའི་ཞལ་དུ་གསོལ་བར་གྱུར། བར་བསམ་ལ། ཨོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་བཾ་ད་ཧ་ན་བྷུསྨི་ཀུ་རུ་སྭཱཧཱ། ཞེས་སྔགས་བཟླ། ཚེ་ལས་འདས་པ་རྣམས་དང་། ཐོག་མ་མེད་པ་ནས་གནོད་ཅིང་ལན་ཆགས་པའི་གནོད་བྱེད་རྒྱལ་གདོན་ཤི་གཤེད་གདུག་པ་ཅན་རྣམས་ཀྱིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་ངན་སྡིག་སྒྲིབ་དམ་ཚིག་ཉམས་ཆག་ཐམས་ཅད་དང་། བསམ་ངན་སྦྱོར་རྩུབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱཧཱ། ཡང་སྤེལ་ ཚིག་གཞན་འདོན་ན་འདིར། སྦྱིན་པའི་བདག་པོ་འཁོར་དང་བཅས་པ་རྣམས་ཀྱི་སྔོན་ལས་འཕྲལ་རྐྱེན་ལས་བྱུང་བའི་བྱད་ཕུར་རྦད་འདྲེ་རྦོད་གཏོང་དང་བཅས་པ་ཕོ་གདོན་མོ་གདོན་ལྷ་གདོན་ཀླུ་གདོན་རྒྱལ་གདོན་འགོང་བོ་ཐེའུ་རེངས་ཟ་འདྲེ་ཤི་གཤེད་འདྲེ་ངན་ཁ་ཞུགས་བསེན་མོ་སྤུན་དགུ་ལ་སོགས་པའི་འབྱུང་བོ་གདུག་པ་ཅན་གྱིས་གནོད་པ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱཧཱ། ཟ་བྱེད་རྡོ་རྗེ་མཁའ་འགྲོའི་སྐུ་ལས་ཡེ་ཤེས་ཀྱི་མེ་འོད་འཕྲོས་པས། ཚེ་ལས་འདས་པ་རྣམས་དང་། ཐོག་མ་མེད་པ་ནས་གནོད་ཅིང་ལན་ཆགས་པའི་གདོན་བགེགས་རྒྱལ་གདོན་ཤི་གཤེད་གདུག་པ་ཅན་རྣམས་ཀྱི་ཟག་བཅས་ཀྱི་ཕུང་བོ་སྡིག་སྒྲིབ་དང་ལྷུན་ཅིག་ཏུ་བསྲེགས་ནས༑ ཆོས་ཀྱི་སྐུ་མངོན་དུ་བྱས་ཏེ་སངས་རྒྱས་ཀྱི་ཞིང་དུ་གཤེགས་པར་གྱུར། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། ། དཀོན་མཆོག་རིན་ཆེན་ལས་བྱུང་བ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱིས། །རིན་ཆེན་ཕྲེང་བ་རྣམ་དག་པ། ། ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། ། མཐོང་བའི་ལམ་དང་སྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། ། བྱང་ཆུབ་བར་ཆད་མེད་པའི་ལམ། །རྣམ་པར་གྲོལ་བའི་ལམ་དག་ལ། །བརྟེན་ནས་སྡིག་པ་ཀུན་སྦྱངས་ནས། ། འཕགས་པའི་ལམ་དེར་བགྲོད་པར་ཤོག ། ཨོཾ་རཏྣེ་རཏྣེ། མ་ཧཱ་རཏྣེ། རཏྣ་སཾ་བྷ་ཝ། རཏྣ་ཀི་ར་ཎི། རཏྣ་མཱ་ལ་བི་ཤུདྡྷེ། ཤོ་དྷ་ཡ་སརྦ་པཱ་བཾ་ཧཱུཾ་ཕཊ། པདྨ་འདམ་གྱིས་མ་གོས་ལྟར། །སྲི་གསུམ་དྲི་མས་མ་གོས་པའི། །སྲིད་པའི་པདྨོ་ལས་བྱུངབ། །བདེ་བ་ཅན་དུ་སྐྱེ་པར་ཤོག ། ཨོཾ་པདྨེ་པདྨེ་པདྨ་སཾ་བྷ་ཝ། མ་ཧཱ་སི་ཁ་ཝ་ཏི་ག་ཙྪན་དུ་སྭཱཧཱ། འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །འོད་དཔག་མེད་ཀྱི་ཞིང་ཁམས་ཡོད། ། སུ་ཞིག་དེ་ཡི་མཚན་བརྗོད་ན། །ཞིང་མཆོག་དེ་རུ་སྐྱེ་བར་ཤོག ། འདི་ནས་ཉིངས་མཚམས་སྦྱར་མ་ཐག ། དག་པའི་ཞིང་མཆོག་བདེ་བ་ཅན། །པདྨའི་སྙིང་བོ་ཟེ་འབྲུ་ལ། །རྫུས་ཏེ་སྐྱེ་བ་ལེན་པར་ཤོག ། ཡིག་བརྒྱ་བརྗོད། ཨོཾ་བཛྲ་ཌཱ་ཀ་ས་པཱ་རི་ཝ་ར་ཨརྒྷཾ། པཱདྱཾ། གནྡྷེ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ ནཻ་ཝི་ཏྱཱ། ཤཔྟ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་པ་ཆེ། །རྡེ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ། །ཞེས་པསབསྟོད། བཛྲ་ཌཱ་ཀ་བཛྲ་མུ་མེ་ལྷ་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་མེ་འབར་བའི་རྣམ་པར་གྱུར། དེ་ནས། སྟོང་བ་ཉིད་ལ་གཟུགས་མེད་ㄨㄨམངོན་པར་རྫོགས་པར་སངས་རྒྱས་སོ། ། སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་བ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། ། འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །ཞེས་བརྗོད་དེ་སེལ་གོལ་བྱའོ། །སྔར་གྱི་བདག་བསྐྱེད་གཏང་རག་བྱའོ། ། དེ་ནས་སྨོན་ལམ་དང་ཤིས་བརྗོད་བྱའོ། །རྡོ་རྗེ་འཆང་དངོས་གསེར་ཁང་རིན་པོ་ཆེ། ། སྙིགས་དུས་འདུལ་བྱའི་ཕན་བདེ་སྤེལ་སླད་དུ།། སྦྱངས་ཆོག་བསྒྲིགས་མཛད་ཉེར་མཁོ་ཆེས་མང་ཕྱིར། ། དགེ་སློང་བསྟན་པ་རྒྱ་མཚོས་པར་ཏུ་བསྒྲུབས།། ༎

 

བརྒྱུད་འགོད།