རྟ་མགྲིན་གསང་སྒྲུབ་ཀྱི་རྒྱུན་འཁྱེར་དང་བླ་རྒྱུད།

    སྤེལ་དུས།  2015-12-06 13:33:55         ཀློག་ཐེངས།  

         བདེ་ལྡན་ཞིང་གི་མགོན་པོ་འོད་དཔག་མེད། །མ་རུངས་ཚར་གཅོད་པད་མ་དབང་གི་ལྷ། །སྒྲུབ་པའི་དབང་ཕྱུག་པད་མ་སམ་བྷ་ཝ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །སྤྱན་རས་གཟིགས་དབང་ཆོས་ཀྱི་སེང་གེའི་ཞབས། །གཉན་སྟོན་ཆེན་པོ་སངས་རྒྱས་སྟོན་པ་དང་། །མཁས་གྲུབ་ཤངས་སྟོན་མཁས་བཙུན་རྒྱལ་མཚན་ཞབས། །གསོལ་བXX། །བྱམས་པ་དཔལ་བཟང་དོན་གྲུབ་བཟང་བོའི་ཞབས། །རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་ཞབས། །སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་ལ། །གསོལ་བXX། །མཁས་གྲུབ་དམ་པ་ཆོས་ཀྱི་རྒྱལ་མཚན་དང་། །རྡོ་རྗེའི་སྐུ་བརྙེས་ཆོས་ཀྱི་རྡོ་རྗེའི་ཞབས། །སྐུ་གསུམ་མངོན་གྱུར་རྒྱལ་བ་དབེན་ས་བར། །གསོལ་བXX། །ལུང་རྟོགས་མངའ་བདག་སངས་རྒྱས་ཡེ་ཤེས་དང་། །པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཞབས། །རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་ལ། །གསོལ་བXX། །སྣང་བ་མཐའ་ཡས་བློ་བཟང་ཡེ་ཤེས་དང་། །སྨྲ་བའི་དབང་ཕྱུག་ནམ་མཁའ་བཟང་བོའི་ཞབས། །བསྟན་པའི་ཉི་མ་དགེ་འདུན་བདེ་ཆེན་ལ། །གསོལ་བXX། །ལུང་རིགས་དབང་ཕྱུག་ངག་དབང་ཡར་འཕེལ་དང་། །ལྷ་བཙུན་བློ་བཟང་དགེ་ལེགས་བསྟན་འཛིན་ཞབས། །སྐྱབས་རྗེ་དམ་པ་དམ་ཚིག་རྡོ་རྗེ་ལ། །གསོལ་བXX། །འཇམ་དཔལ་དབྱངས་དངོས་བློ་བཟང་ཡོན་ཏན་དང་། །སྐྱབས་རྗེ་བློ་བཟང་བསྟན་པའི་དངོས་གྲུབ་ཞབས། །ལུང་རྟོགས་བདག་ཉིད་མདོ་སྔགས་བསྟན་འཛིན་ལ། །གསོལ་བXX། །ཆོས་ཀྱི་རྒྱལ་བོ་གྲགས་པ་རྒྱལ་མཚན་དང་། །བསྟན་པའི་མངའ་བདག་པྲཛྙ྄ས་རའི་ཞབས། །མཁན་ཆེན་ངག་དབང་ཐུབ་བསྟན་རྒྱ་མཚོ་ལ། །གསོལ་བXX། །སྐྱབས་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དང་། །བསྟན་པའི་བདག་པོ་མཁས་གྲུབ་རྒྱ་མཚོའི་ཞབས། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བXX། །
བདག་དང་མཐའ་ཡས་སེམས་ཅན་རྣམས། །རྩ་བ་གསུམ་ལ་སྐྱབས་སུ་མཆི། །འགྲོ་ཀུན་སྲིད་ལས་བསྒྲལ་བའི་ཕྱིར། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །ཀ་དག་ངང་ལས་རང་རིག་རྩལ། །རྟ་མགྲིན་ཞལ་གསུམ་ཕྱག་དྲུག་པ། །དམར་ནག་གཡས་ལྗང་གཡོན་དཀར་ཞལ། །རྡོ་རྗེ་ཁ་ཊཾ་རལ་གྲི་དང་། །སྡིགས་མཛུབ་མདུང་ཐུང་རྒྱུ་ཞགས་འཛིན། །གར་དགུའི་ཉམས་རྫོགས་དུར་ཁྲོད་ཀྱི། །འབར་བའི་ཆས་ཅན་མེ་ཀློང་དབུས། །རྔམ་བརྗིད་ཆེ་བཙན་ཟླ་བྲལ་གྱུར། །རང་ལུས་ལྷར་གསལ་མགྲིན་པ་ནས། །ལོང་བུའི་བར་ཀུན་ཁྲོ་ཆུང་གཏམས། །དེ་དག་ཞལ་ནས་འོད་ཟེར་འཕྲོས། །དོན་གཉིས་བསྒྲུབས་ཏེ་སྣོད་བཅུད་ཀུན། །དག་པ་ཡེ་ཤེས་འཁོར་ལོའི་ངང་། །མཉམ་ཉིད་བདེ་བ་ཆེན་པོར་གྱུར། །ཨོཾ་ཧྲཱིཔདྨནྟཱ་ཀྲིཏབཛྲ་ཀྲོདྷ་ཧ་ཡ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཆོས་ཉིད་སྐྱེ་བ་མེད་པ་ལས། །འགག་མེད་རྡོ་རྗེ་སྲིན་པོར་ཤར། །འགག་པ་ཉིད་ནི་འགོག་མེད་པ། །སྤྲོས་བྲལ་ཀ་དག་ཀློང་དུ་ཐིམ། །ཞེས་རྟ་མགྲིན་གསང་སྒྲུབ་ཀྱི་རྒྱུན་འཁྱེར་མདོར་བསྡུས་འདི་ཡང་བཞད་པའི་རྡོ་རྗེས་སོ། །

 

བརྒྱུད་འགོད།