ཆོས་རྒྱལ་བཤགས་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-09-30 07:17:10         ཀློག་ཐེངས།  

ཧཱུཾ། བླ་མ་མཆོག་དང་དཀྱིལ་འཁོར་ལྷ་ཚོགས་དང་། །བཀའ་སྡོད་སྲུང་མར་བཅས་པ་དགོངས་སུ་གསོལ། །རྩ་བརྒྱུད་བླ་མ་ཆོས་སྐུར་མ་རྟོགས་པར། །ཉོན་མོངས་དབང་གིས་ལོག་ལྟ་བགྱིས་པ་དང་། །རྩ་བ་ཡན་ལག་དམ་ཚིག་མ་བསྲུང་དང་། །སྐུ་གསུང་ཐུགས་དང་ཕྱི་ནང་གསང་བ་ཡི། །དམ་ཚིག་ལས་འདས་བསྙེན་བསྒྲུབ་གཡེལ་བ་དང་། །མཆོད་གཏོར་དམན་དང་དམ་རྫས་སྦགས་པ་སོགས། །མདོར་ན་སྒོ་གསུམ་སྒོ་ནས་ཉེས་པའི་ཚོགས། །ཐུགས་དང་འགལ་བར་གྱུར་པ་ཅི་མཆིས་པ། །བླ་མ་ཡི་དམ་སྲུང་མར་བཅས་པ་ལ། །སྤྲོས་བྲལ་ཆོས་དབྱིངས་ངང་དུ་བཤགས་པར་བགྱི། །

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།