དཔལ་ལྡན་ལྷ་མོའི་བཤགས་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-09-29 10:12:25         ཀློག་ཐེངས།  

བྷྱོ། རྡོ་རྗེ་འཆང་དང་ལྭ་བ་དམར་པོ་སོགས། །རྩ་བ་བརྒྱུད་པའི་བླ་མ་དགོངས་སུ་གསོལ། །སངས་རྒྱས་དངོས་ཀྱི་བླ་མ་ཁྱེད་རྣམས་ལ། །མ་རིག་དབང་གིས་ལོག་ལྟ་བགྱིས་རྣམས་བཤགས། །བདག་ཅག་གསང་སྔགས་ཐེག་པའི་རྒྱ་མཚོ་ཆེར། བཤེས་གཉེན་དེད་དཔོན་བཀའ་དྲིན་ལ་བརྟེན་ནས། སྐུ་གསུམ་ནོར་བུ་ལེན་ལ་རབ་ཞུགས་ཏེ། །དེ་ཡི་གེགས་གྱུར་དམ་ཚིག་ཉམས་ཆགས་བཤགས། །མ་ཉམས་ཁྱད་པར་འཕགས་པའི་དམ་རྫས་དང་། །རྩེ་གཅིག་མོས་པའི་གདུང་ཤུགས་དྲག་པོ་ཡིས། །དཔལ་ལྡན་ལྷ་མོ་འཁོར་དང་བཅས་རྣམས་ལ། །བཟླས་སྒྲུབ་ཚུལ་བཞིན་མ་བྱས་མཐོལ་ལོ་༝༝། །བདག་ནི་སྔོན་ཆད་མ་རིག་དབང་གྱུར་པས། །སྒོ་གསུམ་སྒོ་ནས་ཉེས་ཚོགས་ཅི་བགྱིས་པ། །སྐུ་གསུམ་ལྷུན་གྲུབ་ཁྱོད་ཀྱི་སྤྱན་སྔ་རུ། །ལུས་ངག་ཡིད་གསུམ་བསམ་པ་ཐག་པས་༝༝། །ཐུགས་རྗེའི་གཏེར་གྱུར་ལྷ་མོའི་འཁོར་བཅས་ཀྱིས། །སྡུག་པའི་བུ་ལ་བརྩེ་བའི་མ་བཞིན་དུ། །རྣལ་འབྱོར་བདག་ཅག་གཡེལ་མེད་བསྐྱངས་པ་ལ། །གཏང་རག་དུས་སུ་མ་ཐོངས་མཐོལ་ལོ་༝༝། །བླ་མའི་སྐུ་དགྲ་(༨ན)སངས་རྒྱས་བསྟན་པའི་དགྲ། །བསྟན་འཛིན་རྣམས་དང་སྐྱེ་འགྲོ་ཡོངས་ལ་འཚེ། །དམ་ཉམས་སྡིག་ཅན་དགྲ་བགེགས་དེ་དག་ལ། །དབང་བསྐུར་བྱམས་ཀྱིས་བསྐྱངས་པ་མཐོལ་ལོ་༝༝། །མདོར་ན་བདག་ཅག་མ་རིག་དབང་གྱུར་པས། །མཆོད་རྫས་དམ་ཉམས་རྫས་ཀྱིས་སྦགས་པ་སོགས། ཁྱོད་ཀྱི་སྐུ་གསུང་ཐུགས་དང་འགལ་བགྱིས་པ། །ཐམས་ཅད་བསམ་པ་ཐག་པས་མཐོལ་ལོ་༝༝། །བཤགས་དང་བཤགས་བྱ་བདེན་པར་མི་དམིགས་ཀྱང་། །བདེན་འཛིན་རྣམ་རྟོག་དྲི་མ་དག་བྱའི་ཕྱིར། །དཔལ་ལྡན་ལྷ་མོ་འཁོར་དང་བཅས་རྣམས་ལ། །བཤགས་པས་ཉམས་གྲིབ་མ་ལུས་བྱང་གྱུར་ཅིག །

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།