མགོན་པོའི་བཀའ་ཉན་མ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2021-10-20 21:03:44     རྩོམ་པ་པོ།   ངེད་དགེ་ལུགས་དྲ་བ།    ཀློག་ཐེངས།  

  ཧཱུཾ་མགོན་པོའི་བཀའ་ཉན་ཀུན་གྱི་གཙོ་བོ་ཁྱོད། །མུན་པའི་མདོག་ཅན་སྲིན་པོ་ཁྲོས་པའི་ཞལ། །མེ་ལྕེ་བསྐྱོད་ལྟའི་སྐྲ་བརྫེས་མཆེ་བ་གཙིགས། །ཕྱག་གཡས་དགྲ་བགེགས་སྲོག་གཅོད་གྲི་གུག་གདེངས། །གཡོན་པ་གདུག་པའི་སྙིང་ཁྲག་གཙོ་ལ་སྟོབ། །སྟོང་གསུམ་བགྲོད་ཕྱིར་དོམ་ནག་སྨྱོན་པ་ཆིབས། །བལྟས་པ་ཙམ་གྱིས་ས་གསུམ་སྔངས་བྱེད་པ། །བདུད་འདུལ་ཆེན་པོ་ཀྵེ་ཏྲ་པཱ་ལ་ཁྱོད། །དམ་རྫས་བྱིན་གྱིས་བརླབས་པའི་གཏོར་མ་དང༌། །བདུད་རྩི་ལྔ་ལྡན་བཏུང་བ་འདི་བཞེས་ལ། །རྡོ་རྗེ་འཆང་དབང་དཔལ་ལྡན་བླ་མ་དང༌། །མྱུར་མཛད་ཡེ་ཤེས་མགོན་པའི་བཀའ་བཞིན་དུ། །སངས་རྒྱས་བསྟན་པ་སྲུང་ལ་མ་གཡེལ་བར། །ཆོས་བཞིན་སྒྲུབ་པའི་རྣལ་འབྱོར་བདག་ཅག་སྐྱོངས། །བཤད་སྒྲུབ་མཐུན་རྐྱེན་ཡིད་བཞིན་བསྒྲུབ་པ་དང༌། །གདུག་པའི་དགྲ་བགེགས་མ་ལུས་ཚར་གཅོད་མཛོད། །
    

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།