སྡོམ་པ་གསུམ་གྱི་སྨོན་ལམ་ཞེས་བྱ་བ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-08-31 23:08:56     རྩོམ་པ་པོ།   རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ།    ཀློག་ཐེངས།  

微信图片_20200831231100.jpg

དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།།

གསུང་གི་སྙིང་བོ་བསྡུས་པ་གང་།།

སྡོམ་ཁྲིམས་བསྲུང་ཞེས་སྨྲ་རྣམས་ཀྱིས།།

ཐུབ་དབང་རྡོ་རྗེ་འཆང་ཆེན་འདུད།།

འཁོར་བའི་སྡུག་བསྔལ་འདི་ལས་ནི།།

ཐར་བ་འཐོབ་པའི་ཐབས་ཀྱི་མཆོག།

སོ་ཐར་སྡོམ་པའི་རིན་ཆེན་དེ།།

ཚེ་རབས་ཀུན་ཏུ་ལྡན་གྱུར་ཅིག།

འགྲོ་རྣམས་འཁོར་མཚོ་ལས་སྒྲོལ་ཕྱིར།།

བྱམས་བརྩེ་སེམས་བསྐྱེད་གནད་དུ་བཟུང་།།

བྱང་སྡོམ་འཆི་མེད་བདུད་རྩི་དེས།།

སྒྲིབ་གཉིས་ནད་ཀུན་སེལ་གྱུར་ཅིག།

མཆོག་ཐུན་དངོས་གྲུབ་འགྲུབ་པའི་གཞི།།

རྒྱལ་བ་རྡོ་རྗེ་འཆང་གི་བཀའ།།

སྔགས་ཀྱི་དམ་ཚིག་ཀུན་དའི་གཉེན།།

ཚེ་འདིར་ཟུང་འཇུག་གསལ་བར་ཤོག།

སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།།

སོ་ཐར་བྱང་སེམས་གསང་སྔགས་སྡོམ།།

སྲོག་གི་ཕྱིར་ཡང་མི་གཏོང་བར།།

བསྟན་པའི་རྒྱལ་མཚན་བསྒྲེངས་པར་ཤོག།

ཅེས་པ་འདི་ནི་བཙུན་གཟུགས་འཇིགས་མེད་དཔལ་ལྡན་གྱིས་བྲིས་པའོ།།

བརྒྱུད་འགོད།