རྗེ་བློ་བཟང་བསྟན་དར་དཔལ་བཟང་པོའི་ཚེ་རབས་རྗེས་འཛིན་གྱི་གསོལ་འདེབས་བཞུགས་སོ།།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-06-04 21:08:48     རྩོམ་པ་པོ།   ་གྲགས་པ་རྒྱལ་མཚན།     ཀློག་ཐེངས།  

བློ་ཆེན་ཀུན་བཟང་འོད་དཀར་སྣང་བ་ཡིས།།

ཐུབ་བསྟན་དབྱར་གྱི་ལང་ཚོ་དར་རྒྱས་ནས།།

ལུས་ཅན་ཕན་བདེ་ཀུན་ད་བཞད་པའི་གཉེན།།

མཚུངས་མེད་གཤེས་གཉེན་དམ་པར་གསོལ་བ་འདེབས།།

བློ་གྲོས་བཟང་བོའི་རྒྱལ་བསྟན་སྲིད་པའི་མཐར།།

སྤེལ་བཟོད་སྙིང་སྟོབས་དར་བའི་མགོན་ཁྱོད་གྱིས།།

འཁོར་བའི་བཙོན་རར་སྡུག་བསྔལ་ཉམས་ཐག་པའི།

འགྲོ་འདིར་ཐུགས་རྗེ་སྤྱན་གྱིས་གཟིགས་པར་འོས།།

དུང་དུང་སྙིང་ནས་མི་ཕྱེད་དད་པ་ཡིས།།

ལྷང་ལྷང་གདུང་བའི་དབྱངས་ཀྱིས་གསོལ་འདེབས་ན།།

འཇིགས་འཇིགས་ངན་སོང་གཡང་ས་ཆེ་ལས་བདག།

མྱུར་མྱུར་ཕྱག་གིས་བདེ་ཆེན་གནས་སུ་དྲོངས།།

མ་འོངས་ཚེ་རབས་ཕྲེང་བ་ཐམས་ཅད་དུ།།

ཆོས་ལྡན་རྟེན་ཐོབ་དམ་པའི་མགོན་ཁྱོད་ཀྱིས།།

འབྲལ་མེད་རྗེས་གཟུང་ལེགས་གསུང་བཅུད་མྱང་སྟེ།།

བསྟན་ལ་ཐོས་བསམ་སྒོམ་པ་མཐར་ཕྱིན་ཤོག།

གནས་སྐབས་སུ་ཡང་དམ་ཆོས་སྒྲུབ་པའི་གེགས།།

ཕྱི་ནང་འགལ་རྐྱེན་མཚན་མ་ཀུན་ཞི་ཞིང་།

མཐུན་རྐྱེན་འབད་མེད་ངང་གིས་འདུ་བ་ཡིས།།

ཆོས་འབྱོར་དགའ་སྟོན་ཡིད་བཞིན་འགྲུབ་གྱུར་ཅིག།

མདོར་ན་འཁྲུལ་བྲལ་བསྟན་པའི་ཉི་མ་གསལ།།

བསྟན་འཛིན་ཞབས་བརྟན་འདུས་སྡེའི་བཤད་སྒྲུབ་འཕེལ།།

འཇིག་རྟེན་ཁམས་སུ་ཆོས་འབྱོར་བདེ་སྐྱིད་རྒྱས།།

འགྲོ་ཀུན་རྫོགས་ལྡན་དཔལ་ལ་སྤྱོད་གྱུར་ཅིག།

སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་།།

འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཀྱང་།།

ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས།།

རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག།

  ཅེས་ལུང་རིག་དབྱངས་སྙན་སྒྲོག་པའི་དགའ་ཚལ་ཆོས་སྡེ་ཆེན་པོ་བཀྲ་ཤིས་ཆོས་སྡིངས་ཀྱི་མཁས་ཤིང་གྲུབ་པའི་དབང་ཕྱུག་དམ་པ་རྗེ་བཙུན་བློ་བཟང་བསྟན་དར་དཔལ་བཟང་བོས། ཚེ་རབས་ཀྱི་ཕྲེང་བར་རྗེས་སུ་འཛིན་པའི་སྨོན་ཚིག་འདི་ནི། བླ་མ་མཆོག་ནས་མཛད་པ་མཐའ་མ་བསྟན་པའི་དུས་སུ།མང་ཐོས་རིག་སྨྲ་བ་སྐུ་དབོན་ཡེ་ཤེས་རྒྱ་མཚོ་དང་། སྐུ་ཚ་འཇམ་དབྱངས་གཉིས་ཀྱིས་ལྷ་དར་བཅས་བསྐུལ་ཞིང་རང་ཉིད་ཀྱང་མཆོག་དུ་དད་པས་མཚམས་སྦྱར་ཏེ། རྗེ་བཙུན་བླ་མ་དེ་ཉིད་ཀྱི་བཀའ་དྲིན་ཁོ་ནས་འཚོ་བ། ཤཱཀྱའི་དགེ་སློང་གྲགས་པ་རྒྱལ་མཚན་གྱིས་རང་སྤྱིལ་བཀྲ་ཤིས་འོད་འབར་དུ་སྦྱར་བ་དཔལ་ལྡན་བླ་མ་དམ་པའི་འབྲལ་བ་མེད་པ

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།