གསོལ་འདེབས་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་བཞུགས་སོ།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-27 19:48:46     རྩོམ་པ་པོ།   ལྕང་སྐྱ་ཤེས་རབ་དར་རྒྱས།    ཀློག་ཐེངས།  

P1110604.JPG

༄༅། །བསྟན་པའི་བདག་པོ་ཐུབ་དབང་རྡོ་རྗེ་འཆང། །རིགས་གསུམ་སྒྱུ་འཕྲུལ་བློ་བཟང་གྲགས་པའི་དཔལ། །དངོས་བརྒྱུད་དྲིན་ཅན་བླ་མའི་ཚོགས་རྣམས་ཀྱིས། །བྱིན་རླབས་དངོས་གྲུབ་ཆར་ཆེན་དེང་འདིར་སྩོལ། །འཇམ་དཔལ་དབྱངས་དངོས་བཤེས་གཉེན་དུ་མ་ཡིས། །བརྩེ་བས་རྗེས་བཟུང་དབང་བསྐུར་གདམས་པ་བསྩལ། །མན་ངག་རིན་ཆེན་བྱེ་བའི་གཏེར་དུ་གྱུར། །ཤེས་རབ་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །རབ་འབྱམས་རྒྱལ་ཀུན་འདུས་པའི་བདག་ཉིད་དུ། །མོས་གུས་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་བོའི་བར། །འབྲལ་མེད་ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ། །འགྲོ་ཀུན་སྲིད་ཞིའི་འཇིགས་ལས་སྒྲོལ་བའི་ཕྱིར། །གསང་སྔགས་ཟབ་མོའི་ཉེ་ལམ་ལ་བརྟེན་ནས། །ཁ་སྦྱོར་བདུན་ལྡན་གོ་འཕང་མཆོག་ཐོབ་སྟེ། །ལུས་ཅན་ཕན་བདེའི་དཔལ་ལ་འགོད་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། ། རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །

ཅེས་པ་འདི་ནི་དད་ལྡན་དགེ་སློང་ཆོས་རྒྱ་མཚོས་འབྲི་ཤོག་ལྷ་དར་བཅས་སྔ་ཕྱིར་ཡང་ཡང་བསྐུལ་བའི་ངོ་མ་ཆོད་པར་གྱི་ན་བ་༧ལྕང་སྐྱ་སྤྲུལ་མིང་བས་དབེན་པའི་གནས་མཆོག་རྫོང་རྩེ་གསང་ཕུ་ནས་བྲིས་བ་དགེ་ལེགས་སུ་གྱུར་ཅིག།                         

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།