གཏོར་འབུལ་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-19 08:03:48         ཀློག་ཐེངས།  

 

91ed27bb373cfe9423b804dce38f0196.jpg

 

 

           ༄༅། །ཧཱུཾལྷུན་གྲུབ་བདེ་སྟོང་ཡེ་ཤེས་རོལ་པ་ལས། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །ཁྱད་པར་ཁྲོ་བོ་ཆེན་པོ་གཤེན་རྗེའི་གཤེད། །འཁོར་བཅས་ཐོགས་པ་མེད་པར་གནས་འདིར་གཤེགས། །ཤར་ལྷོ་བསིལ་པའི་ཚལ་གྱི་ཏུར་ཁྲོད་ནས། །དཔལ་ལྡན་ཡེ་ཤེས་མགོན་པོ་ཕྱག་དྲུག་པ། །ཡུམ་ཕྱོགས་གནོད་སྤྱིན་རྣམ་བཞི་གཙང་རིས་ཀྱི། །དཔལ་མགོན་བདུན་བཅུ་ཚོགས་བཅས་ད་ཚུར་སྤྱོན། །ལྷོ་ཕྱོགས་རིམ་པ་བདུན་གྱིས་ས་འོག་ནས། །ཆོས་ཀྱི་རྒྱལ་པོ་ཡུམ་མཆོག་ཙཱ་མུ་ནྟྲི། །ཕོ་བརྒྱད་མོ་བརྒྱད་གཤིན་རྗེའི་ཚོགས་དང་བཅས། །འཕྲིན་ལས་བསྒྲུབ་ཕྱིར་གནས་འདིར་གཤེགས་སུ་གསོལ། །ཁྱད་པར་མུ་ལི་དེང་གི་ཁྲག་མཚོ་ནས། །དུས་གསུམ་རྒྱལ་བའི་ཡུམ་གཅིག་རེ་མ་ཏི། །ཚེ་རིང་མཆེད་ལྔ་བསྟན་མ་བཅུ་གཉིས་སོགས། །འཁོར་བཅས་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ། །གཞན་ཡང་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །མགོན་སྐྱབས་མཛད་པའི་སྲུང་མ་ཐམས་ཅད་དང་། །ཡུལ་ལྷ་གཞི་བདག་འཁོར་དང་བཅས་པ་ཡང་། །དམ་ཚིག་ལྡན་པའི་གནས་འདིར་གཤེགས་སུ་གསོལ། །ཞེས་སྤྱན་དྲངས། ཨོཾ་དངོས་བཤམས་ཡིད་གྱིས་སྤྲུལ་བ་ལས་བྱུང་པའི། །མཆོད་ཡོན་མཛེས་པའི་མེ་ཏོག་དྲི་ཞིམ་སྤོས། །མུན་སེལ་སྒྲོན་མེ་བཟང་པོའི་དྲི་ཆབ་དང་། །རོ་བརྒྱའི་ཞལ་ཟས་གདངས་སྙན་རོལ་མོའི་ཚོགས། །འདོད་ཡོན་ལྔ་དང་རྒྱལ་སྲིད་རིན་ཆེན་བདུན། །དམ་རྫས་སྤྱན་གཟིགས་ནམ་མཁའི་ཁྱོན་གང་ཞིང་། །ཕྱི་ནང་གསང་པའི་མཆོད་པའི་སྤྲིན་ཕུང་འཁྲིགས། །ཤ་ཁྲག་གཏོར་མས་ས་གཞི་བཀང་སྟེ་འབུལ། །ཞེས་མཆོད་ཚོགས་ཕུལ། །ཨོཾ་གུ་རུ་བུ་དྔྟ་བོ་དྔྷི་ས་ཏྭ་སརྦ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལན་གསུམ་གྱིས་ཡེ་ཤེས་མ་རྣམས་དང་། ཨོཾཨ་ཀཱ་རོ་མུ་ཁཾསརྦ་དྷརྨཱ་ཏཱཾཨཱདྱ་ནུད་པ་ནྣ་དྭ་ཏ་ན་མ༔སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏད་ཁཾ་ཨུད་ག་ཏེ་སྭ་ར་ཎ་ཧི་མཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧཱི་ཁཱ་ཧཱིཿ། ཞེས་པ་ནས་ལན་གསུམ་གཞི་བདག་ལ་ཕུལ། ཨོཾགུ་རུ་བུདྔྟ་བོ་དྔྷི་ས་ཏྭ་སརྦ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པཱདྱཾ་པུབྮྤེ་དྷཱུ་པེ་ཨཱལོགེ་གནྔྷེ་ནཻཝིདྱེ་ཤཔྟ་པྲརྙི་སྪ་ཧཱུཾཝཱཧཱ། ཨོཾགུ་རུ྾ཨོཾཨཱཿཧཱུཾ། ༈ཧཱུཾབདེ་གཤེགས་ཀུན་གྱི་ཡེ་ཤེས་འཇམ་པའི་དབྱངས། །ཕྱི་ནང་གསང་པའི་འཆི་བདག་འཇོམས་མཛད་ཅིང་། །འདོད་དགུའི་དངོས་གྲུབ་བསྩོལ་བའི་ཡིད་བཞིན་ནོར། །འཇིགས་པ་མཐའ་དག་འཇིགས་པར་བྱེད་ལ་བསྟོད། །མི་བཟད་སྙིགས་མའི་དམུ་རྒོད་གདུལ་དཀའ་བ། །འདུལ་ཕྱིར་ཐུགས་རྗེ་ཆེན་པོར་རབ་ཁྲོས་པ། །བསྟན་དགྲ་ཚར་གཅོད་རྣལ་འབྱོར་བུ་བཞིན་དུ། །སྐྱོང་ཞིང་འགལ་རྐྱེན་བར་ཆད་ཀུན་སེལ་པའི། །དཔལ་མགོན་ཆོས་སྐྱོང་ཆེན་པོ་ཁྱོད་ལ་བསྟོད། །འཇམ་དཔལ་དཀའ་སྡོད་སྟོབས་ཆེན་གཤིན་རྗེའི་གཙོ། །དགེ་སྡིག་ཤན་འབྱེད་བསྟན་དགྲ་ཡོངས་ཀྱི་གཤེད། །ཆོས་འཁོར་སྐྱོང་མཛད་རྣལ་འབྱོར་དགྲ་ལ་ཆེ། །ལེགས་ལྡན་ནག་པོ་ཉི་མའི་སྲས་ལ་བསྟོད། །འདོད་པའི་ཁམས་ལ་དབང་བསྒྱུར་མཁའ་འགྲོའི་གཙོ། །མ་རུངས་འདུལ་ཕྱིར་སྲིན་པོ་ཁྲོས་པ་ལྟར། །བསྟན་དགྲ་རྩད་ནས་འབྱིན་པའི་བཤན་པ་མོ། །དམ་ཚིག་ལྡན་པའི་བསྲུང་མ་ཁྱོད་ལ་བསྟོད། །ཧཱུཾ་རྒྱལ་པ་ཀུན་གྱི་མཐུ་སྟོབས་གཅིག་བསྡུས་པ། །བཅོམ་ལྡན་རྡོ་རྗེ་འཇིགས་བྱེད་འཁོར་དང་བཅས། །མཐུ་ལྡན་བསྲུང་མའི་ཚོགས་གྱིས་ཆོས་གྲྭ་འདི། །སྲིད་མཐའི་བར་དུ་དར་ཞིང་རྒྱས་པར་མཛོད། །ནམ་དག་སྨོན་ལམ་རྙོག་བྲལ་རྫིང་བུ་འཁྱིལ། །དལ་བརྒྱད་འབྱོར་བཅུའི་ཆུ་སྐྱེས་འདབ་མ་བཞད། །བག་ཡོད་ཁྲིམས་ཀྱི་དྲི་བསུང་ངད་པ་འཐུལ། །དབང་རྣོན་རིག་པའི་སྣང་གསལ་ཁ་དོག་བཀྲ། །མང་ཐོས་དྲི་ཆབ་རྒྱུན་གྱིས་ལང་ཚོ་དར། །ལྷག་བསམ་ཟེའུ་འབྲུའི་ལྷ་བཤོས་རོ་བརྒྱ་གདའ། །རྩོད་ངག་རྐང་དྲུག་རབ་སྙན་རོལ་མོ་འཁྲོལ། །འཆད་ཉན་སྦྲང་རྩི་མངར་པའི་མཆོད་ཚོགས་གྱིས། །བསྟན་སྲུང་བཻ་ཧར་རྒྱལ་པོ་མཉེས་བྱེད་ན། །ཀུན་ཏུ་བདེ་བའི་འབུམ་ཕྲག་དུས་གཅིག་ཏུ། །རབ་དཀར་ཁྲིམས་ལྡན་དགེ་འདུན་འདུས་པའི་སྡེ། །སྲིད་མཐའ་བར་དུ་དར་རྒྱས་འཕྲིན་ལས་མཛོད། །གཞན་ཡང་དངོས་བཤམས་ཡིད་སྤྲུལ་མཆོད་རྫས་ཀྱིས། །ཆོས་སྐྱོང་ཆེན་པོའི་ཐུགས་དམ་ལེགས་སྐོང་ན། །བཀའ་པོད་མང་པོར་ཀློག་པ་ཐོས་བསམ་བསྟན། །རྣམ་དག་རང་ལུགས་དབྱར་མཚོ་ལྟར་འཕེལ་མཛོད། །འཇམ་དཔལ་དབྱངས་ངོས་འཇམ་མགོན་རྣམ་གསུམ་གྱིས། །དགོངས་བཞེད་རྒྱན་དྲུག་མཆོག་གཉིས་གཞུང་ལུགས་ལ། །འཆད་ཉན་ལྷུར་ལེན་བློ་གསལ་མཁས་མང་གིས། །ཡངས་པའི་ནོར་འཛིན་ཀུན་ཁྱབ་བཀྲ་ཤིས་ཤོག །ཧཱུཾ་བླ་མ་ཡིད་དམ་ཆོས་སྐྱོངས་པའི། །དམ་ཅན་བསྲུང་མ་ཁྱེད་རྣམས་གྱིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཉིན་གསུམ་རྒྱང་ནས་བྱ་ར་དང་། །མཚན་གསུམ་དྲུང་ནས་མེལ་ཚེ་མཛོད། །ནད་དོན་དགྲ་བགེགས་ལ་སོགས་པ། །དྲག་པོའི་ཆད་པས་ཚར་ཆོད་ལ། །བསམ་པའི་དོན་ཀུན་ཡིད་བཞིན་སྒྲུབས། །ཕྱི་ནང་པར་ཆོད་ཀུན་ཞི་ཞིང་། །ཚེ་དང་བསོད་ནམས་རྒྱས་པ་དང་། །ཁམས་གསུམ་མ་ལུས་དབང་འདུ་ཞིང་། །མངའ་ཐང་རིགས་རྒྱུད་འཕེལ་བར་མཛོད། །བསླབ་པ་གསུམ་ལྡན་ངུར་སྨྲིག་འཛིན་པ་ཡིས། །འདུས་པའི་ཚོགས་ཀྱིས་གནས་འདིར་ཡོངས་གང་ཞིང་། །རྟག་ཏུ་བཤད་སྒྲུབ་བྱ་བས་སྲིད་མཐའི་བར། །ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །དཔོན་སློབ་རྣམས་ཀྱིས་ཆོས་དང་མཐུན་པའི་དོན། །ཇི་ལྟར་བསམ་པ་ཡིད་བཞིན་གྲུབ་པ་དང་། །ནད་དང་བགེགས་སོགས་བར་དུ་གཅོད་པའི་ཚོགས། །ཉེ་བར་ཞི་བར་བྱིན་གྱིས་རླབས་དུ་གསོལ། །<?xml:namespace prefix="o">

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  <?xml:namespace prefix="u1">

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn            

 

བརྒྱུད་འགོད།