མི་འཇིགས་སེངྒེའི་མ་ཞུགས་སོ། །

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-19 08:02:49     རྩོམ་པ་པོ།   མི་གསཞ།    ཀློག་ཐེངས།  

   ༄༅། །ཧྰུཾ་མི་འཇིགས་སེངྒེའི་གདན་སྟེང་ན། །བཻ་ལས་བྱུང་བའི་མགོན་པོ་ནི། །ངལ་གསོས་དགེ་བ་སྟོབས་པོ་ཆེ། །ས་བརྒྱད་དབང་ཕྱུག་ཁྱོད་ལ་འདུད། །བཙུན་མོ་བཞི་དང་སྲས་བཞི་དང་། །ཁྱད་པར་ལས་འགྲུབ་གནོད་སྦྱིན་བརྒྱད། །ནོར་སྟེར་བ་ཡི་ཀླུ་ཆེན་བརྒྱད། །ལྷ་སྲིན་སྡེ་བརྒྱད་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །དགྲ་བགེགས་མ་ལུས་གཞོམ་པ་དང་། །འབྱོར་པའི་ལོངས་སྤྱོད་ཕུན་ཚོགས་ཞིང་། །འདོད་དགུ་ཡིད་བཞིན་འགྲུབ་པ་དང་། །གཞན་དོན་ལྷུན་གྱིས་གྲུབ་པར་མཛོད། །མཐུ་དང་རྫུ་འཕྲུལ་ཁྱེད་མངའ་པའི། །གནོད་སྤྱིན་བདག་པོ་ཁྱེད་རྣམས་ཀྱིས། །བདག་གི་བསམ་པ་མ་ལུས་པ། །མྱུར་དུ་གྲུབ་པར་མཛད་དུ་གསོལ། །

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།