སྟོབས་ལྡན་འོད་འབར་རྒྱལ་མཚན་གསོལ་མཆོད་དགེ་ལེགས་རྒྱ་མཚོའི་སྤྲིན་ཕུང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-26 20:59:42     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 175478043468864316.jpg

    ཧཱུཾ་ལྷུན་གྲུབ་བདེ་ཆེན་འབར་བའི་གཞལ་ཡས་ནས། །རྡོ་རྗེ་འཆང་དང་རྒྱལ་བ་གཉིས་པའི་ཞབས། །རྡོ་རྗེ་འཇིགས་བྱེད་ཧེ་རུ་ཀ་དཔལ་སོགས། །བླ་མ་ཡི་དམ་བསྲུང་མས་གཟི་བྱིན་བསྐྱེད། །རྒྱལ་བ་གཉིས་པ་བླ་ཆེན་ལ་སོགས་པའི། །རྩ་བརྒྱུད་བླ་མས་བསྟན་བ་སྲུངས་ཤིག་ཅེས། །བཀའ་བསྒོས་སྟོབས་ལྡན་འོད་འབར་རྒྱལ་མཚན་དང༌། །ལྷ་ཀླུ་གཉན་དང་བཙན་སོགས་གནས་འདིར་བྱོན། །མདུན་གྱི་ནམ་མཁར་འོད་འབར་གཞལ་ཡས་དབུས། །སེང་ཁྲི་པདྨའི་གདན་སོགས་ལ་བཞུགས་ནས། །དགྱེས་བྱེད་དངོས་བཤམས་ཡིད་སྤྲུལ་ལྷ་དང་མིའི། །མཆོད་རྫས་སྤྲིན་གྱི་ཕུང་པོར་འཁྲིགས་པ་བཞེས། །སྦྱངས་རྟོགས་སྦར་བའི་བདུད་རྩིའི་གཏོར་མའི་གཙོས། །རབ་མཛེས་མེ་ཏོག་དྲི་ཞིམ་བདུག་སྤོས་དང༌། །རིན་ཆེན་སྒྲོན་མེ་དྲི་ཆབ་རོ་བརྒྱའི་ཟས། །སྙན་བརྗིད་རོལ་མོའི་ཚོགས་འབུལ་འདི་བཞེས་ལ། །དགེ་འདུན་ཐོས་བསམ་བསྒོམ་གསུམ་རབ་རྒྱས་ཤིང༌། །ཕུན་ཚོགས་དཔལ་འབྱོར་མ་ལུས་ལེགས་འདུ་ཞིང༌། །དགེ་འདུན་ལ་གནོད་ནད་གདོན་དགྲ་སོགས་ཀྱིས། །ཉེ་བར་འཚེ་བ་ཐམས་ཅད་ཞི་བར་མཛོད། །ཁྱད་པར་རྒྱལ་བ་གཉིས་པའི་རིང་ལུགས་ཀྱི། །བཤད་སྒྲུབ་རྒྱལ་མཚན་འཛིན་པའི་དགེ་འདུན་སྡེ། །བསླབ་པ་གསུམ་ལྡན་མཁས་མང་ངུར་སྨྲིག་འཛིན། །འདུས་སྡེས་གནས་འདིར་དུས་ཀུན་ཁྱབ་པར་མཛོད། །སྟོབས་ལྡན་འོད་འབར་རྒྱལ་མཚན་གསོལ་མཆོད་ཚུལ། །དགེ་ལེགས་རྒྱ་མཚོའི་སྤྲིན་ཞེས་བྱ་བ་ཡང༌། །གྲུབ་དབང་ལི་གྱ་སྤྲུལ་སྐུས་བསྐུལ་པའི་ཚེ། །མང་ཐོས་ཤཱཀྱའི་དགེ་སློང་འཇམ་བའི་དབྱངས། །བཞད་པའི་རྡོ་རྗེས་དགའ་བས་སྤྲོ་བཞིན་དུ། །བསྟན་དང་འགྲོ་ལ་ཕན་པའི་སེམས་ཀྱིས་བྲིས། །དགེ་ལེགས་འཕེལ།

                                                                                                                              རྩོམ་སྒྲིག་པ། མང་ར་བ།

 

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།