བྱིན་རླབས་མཐུ་སྟོབས་ནག་མོ་ནམ་གྲུ་མའི་གསོལ་མཆོད་བསྙེན་ཚུལ་རིན་ཆེན་ཕྲེང་མཛེས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-26 20:56:46     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

890501676565222078.jpg 

    བྷྱོཿརབ་འབྱམས་རྒྱལ་བ་ཀུན་གྱི་ཐུགས་རྗེ་ལས །མིང་བརྒྱ་མཚན་སྟོང་གསོལ་བའི་རེ་མ་ཏི། །དམག་ཟོར་རྒྱལ་མོ་དད་པས་སྤྱན་འདྲེན་གྱི། །ཐུགས་དམ་དུས་བབ་འདིར་གཤེགས་མདུན་གྱི་མཁར། །རླུང་ནག་དབུས་ན་དྲེའུ་རྐྱང་སེར་སྟེང༌། །ཕྱག་གཡས་བེ་ཅོན་གཡོན་པས་ཐོད་ཁྲག་བསྣམས། །མཚན་རྟགས་ལྔ་ལྡན་སྲིན་མོའི་ཚུལ་འཛིན་ཁྱོད། །མ་ལྟར་བརྩེ་ཞིང་སྲིང་ལྟར་བྱམས་པས་བཞུགས། །ཤ་ཁྲག་ལ་སོགས་བདུད་རྩི་ལྔ་དང་བཅས། །འབྲུ་སྣ་ལྔ་དང་སྦྱར་བའི་གཏོར་མ་འདི། །དཔལ་ལྡན་དམག་ཟོར་རྒྱལ་མོ་ལ་འབུལ་གྱི། །རྒྱལ་བའི་བསྟན་པ་སྲུང་ཕྱིར་བཞེས་སུ་གསོལ། །བདག་སོགས་རྣམས་ཀྱི་ཆོས་དང་མཐུན་པའི་དོན། །ཇི་ལྟར་བསམ་པ་ཡིད་བཞིན་འགྲུབ་པ་དང༌། །ནད་གདོན་བགེགས་སོགས་བར་དུ་གཅོད་པའི་ཚོགས། །ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། །དེ་ནས་སྔགས། བྷྱོཿབདུན་མ་ཅི་ནུས་བཟླ། ཡིག་བརྒྱ་བརྗོད། སྐུ་གསུམ་ལྷུན་འགྲུབ་ཀྱིས་བསྟོད་སོགས་བྱའོ། །བྱིན་རླབས་མཐུ་སྟོབས་ནག་མོ་ནམ་གྲུ་མའི། །གསོལ་མཆོད་བསྙེན་ཚུལ་རིན་ཆེན་ཕྲེང་མཛེས་ཡང༌། །ལི་གྱ་སྤྲུལ་སྐུས་བསྐུལ་ལྟར་མང་ཐོས་པའི། །དགེ་སློང་འཇམ་དབྱངས་བཞད་པས་བྲིས་པ་དགེ །

                                                                                                                             རྩོམ་སྒྲིག་པ། མང་ར་བ།

 

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།