ཨ་མེས་ཁྱུང་མགོན་གྱི་གསོལ་མཆོད།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-26 20:53:24     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 35844437889994210.jpg

    ཨོཾ་སྭསྟི་སིདྡྷི་རསྟུ། ལྷ་ཆེན་སྤོམ་ར་འཁོར་བཅས་སྤྱི་དང་ནི། །ཁྱད་པར་ཨ་མེས་ཁྱུང་མགོན་འཁོར་བཅས་ཀྱིས། །བསང་མཆོད་གཏོར་མ་འདི་བཞེས་དཔོན་ཆེན་པོ། །ཡབ་ཡུམ་སྲས་བཅས་སྟོབས་འབྱོར་མངའ་ཐང་སྐྱེད། །ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་མཛོད། །འགྲོ་ན་སྐྱེལ་མ་འོང་ན་བསུ་བ་སོགས། །ཁ་ཆར་བུ་ཡུག་ལམ་འཕྲང་འཇིགས་སྒྲོལ་ལ། །བསམ་དོན་ལྷུན་གྱིས་འགྲུབ་པའི་འཕྲིན་ལས་མཛོད། །ཅེས་འདི་བྱང་ཕྱོགས་སྐྱོང་བའི་མི་དབང་གིས། །བསྐུལ་ཚེ་ལྷ་དང་མཁའ་འགྲོས་ལུང་བསྟན་པའི། །བཀྲ་ཤིས་འཁྱིལ་བའི་གླིང་ནས་མང་ཐོས་པ། །འཇམ་དབྱངས་བཞད་པའི་རྡོ་རྗེ་བྲིས་པ་དགེ །བཀྲ་ཤིས།

                                                                                                                            རྩོམ་སྒྲིག་པ། མང་ར་བ།

 

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།