ལྷ་ཆེན་གསོལ་མཆོད་འདོད་པ་ཀུན་སྟེར་།དབང་གི་རྒྱལ་པོའི་ཕྲེང་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-26 20:49:15     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 389280015547650736.jpg

    རྩ་བརྒྱུད་བླ་མ་ཀུན་དང་ཡི་དམ་ལྷ། །ཁྱད་པར་རྒྱལ་བ་གཉིས་པ་ཡབ་སྲས་དང༌། །རྡོ་རྗེ་འཇིགས་བྱེད་ཐུགས་རྗེའི་མཐུ་བསྐྱེད་ལ། །གནས་འདིར་བསྟན་སྲུང་དགྱེས་པའི་གཟི་བྱིན་བསྐྱེད། །འཇམ་དཔལ་ཁྲོས་པའི་ཡང་སྤྲུལ་སྐུ་ལྔ་དང༌། །ཁྱད་པར་ཡོན་ཏན་གིང་ཆན་ཤིང་བྱ་ཅན། །ཕོ་ཉ་བཀའ་སྡོད་བཅས་པ་འདིར་བྱོན་ལ། །ཏིང་འཛིན་གྱིས་སྤྲུལ་གཞལ་ཡས་དབུས་སུ་བཞུགས། །བྱིན་གྱིས་བརླབས་པའི་དམ་རྫས་གཏོར་མ་དང༌ །མེ་ཏོག་སོགས་ཀྱི་མཆོད་པས་བར་སྣང་གང༌། །དགྱེས་བྱེད་རྟ་ལུག་གཡག་དང་མཚོན་ཆ་དང༌། །གོ་ཁྲབ་ལ་སོགས་དངོས་བཤམས་ཡིད་སྤྲུལ་འབུལ། །ལྷ་ཁྱོད་བདག་ཅག་དཔོན་སློབ་འཁོར་བཅས་ལ། །ཉིན་གསུམ་བྱ་ར་མཚན་གསུམ་མེལ་ཚེ་དང༌། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་ཀུན་སྒྲུབ་ལ། །བསམ་པའི་དོན་ཀུན་འགྲུབ་པའི་འཕྲིན་ལས་མཛོད། །ལྷ་ཆེན་གསོལ་མཆོད་འདོད་པ་ཀུན་སྟེར་བའི། །དབང་གི་རྒྱལ་པོའི་ཕྲེང་བ་ཞེས་འདི་ཡང༌། །མང་ཐོས་འཇམ་དབྱངས་བཞད་པས་བསྐུལ་བཞིན་སྦྱར།

                                                                                                                            རྩོམ་སྒྲིག་པ། མང་ར་བ།

 

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།