ཟས་ཀྱི་རྣལ་འབྱོར།

    སྤེལ་དུས།  2016-05-28 14:16:28         ཀློག་ཐེངས།  

 395223538789628675.jpg                           

ཨེ་མ་ཧོ། བདེ་སྟོང་ངང་ལས་ཐོད་པའི་ནང་།། བཟའ་བཏུང་ཤ་ལྔ་བདུད་རྩི་ལྔ།།རྡོ་རྗེ་གསུམ་གྱིས་སྦྱངས་རྟོཊ་སྦར།། ཟག་མེད་བདུད་རྩིའི་རྒྱ་མཚོར་གྱུར།། ཨོཾ་ཨཱཿཧཱུཾཿ ལན་གསུམ་གྱིས་བྱིན་གྱིས་བརླབས། སྙིང་དབུས་ཆོས་ཀྱི་འཁོར་ལོ་རུ།། །མི་ཤིག་ཕྲ་བའི་རླུང་སེམས་དང་།། དབྱེར་མེད་བསོད་ནམས་ཞིང་གི་མཆོག། བླ་མ་ཡི་དམ་ལྷ་ཚོགས་ལ།། འདོད་ཡོན་ཚོགས་ཀྱི་འཁོར་ལོ་འདི།། འབུལ་ལོ་བདེ་ཆེན་ངང་དུ་བཞེས།།དགྱེས་ཤིང་ཚིམས་ནས་བདག་ཅག་ལ།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ།། ཐབས་དང་ཤེས་རབ་དབྱེར་མེད་པའི།། རྡོ་རྗེ་རྣལ་འབྱོར་ཟབ་མོ་ཡི།། ཟུང་འཇུག་ཕྱག་རྒྱ་ཆེན་པོའི་གནས།། ཚེ་འདིར་ཐོབ་པར་བྱིན་གྱིས་རློབས།། ཞེས་ཡི་དམ་གང་ལའང་སྦྱར་ཆོག་པ་འདི་ནི་ཀིརྟི་བློ་བཟང་འཕྲིན་ལས་དཔལ་བཟང་པོས་གསུང་པའོ།།ཏ་དྱ་ཐཱ། གྷུ་མེ་གྷུ་མེ། ཨི་མི། ནི་མི་ཧི། མ་ཏི་མ་ཏི། སབྟ་ཏ་ཐཱ་ག་ཏ། ས་མྰ་ངྷྱ་ངྷི་ཥྛི་ཏེ། ཨ་ཏི་མ་ཏེ། བཱ་ལེ་པཱ་པཾ་ཤོ་དྷ་ནི། སརྦ་པཱ་པཾ་ནཱ་ཤཱ་ཡ། མ་མ་བུདྡྷེ། བུདྡྷོ་ཏྟ་མེ། ཨུ་མེ་ཀུ་མེ། བུདྡྷ་ཀྵེ་ཏ་པ་རི་ཤོ་དྷ་ནི། དྷ་མེ་ནི་དྷ་མེ། མེ་རུ་མེ་རུ། མེ་རུ་ཤི་ཁ་རི། སརྦྦ་ཨ་ཀཱ་ལ་མྲྀ་ཏྱུ། ནི་བྰ་རཎི། བུདྡྷེ་སུ་བུདྡྷེ། བུདྡྷ་ཨ་དྷི་ཥྛ་ན། རཀྵ་ནྟུ་མེ། སརྦ་དེ་བྰ། ས་མེ། ཨ་ས་མེ། མ་ནྭྰ་ཧ་རནྟུ་མེ། སརྦ་བུདྡྷ་བོདྷི་སཏྭྰ། ཤ་མེ་ཤ་མེ། པྲ་ཤ་མནྟུ་མེ།སརྦྦ་ཨིཏྱུ་བ་དྲ་བ་བྰ་དྷ་ཏཱ་ཡཿཔཱུ་ར་ཎི་པཱུ་ར་ཎི། པཱུ་ར་ཡ་མེ། སརྦ་ཨཱ་ཤཱ་ཡ། བཻ་ཌཱུརྱ་པྲ་ཏི་བྷཱ་སེ་སརྦ་པཱ་བཾ་ཀྵ་ཡངྐ་རི་སྭཱ་ཧཱ།།

                 གསལ་འདེབས། 
            
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             
རྩོམ་ཁུངས།  རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn

 

             

བརྒྱུད་འགོད།