ལྕམ་སྲིང་གི་གཏོར་འབུལ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-14 22:39:31     རྩོམ་པ་པོ།   རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེ    ཀློག་ཐེངས།  

     ༄༅། །ཀྱཻ། །འབར་བའི་གནོད་སྦྱིན་ཟངས་ཀྱི་བེཀྩཻ་ཅན། །སྲིད་པའི་བུ་མོ་གར་གྱི་དབང་ཕྱུག་མ། །ལས་མཁན་སྒྲོལ་བགྱིང་ཨམ་གྲིར་བཅས་པ་རྣམས། །དགྱེས་ཞལ་ཟླ་བ་ལྟ་བུར་ངོམ་ཞིང་བྱོན། །དངོས་བཤམས་ཏིང་འཛིན་ལས་གྲུབ་མཆོད་པའི་སྤྲིན། །ནམ་མཁའ་གང་བ་འབུལ་གྱིས་ལེགས་བཞེས་ནས། །བདག་ཅག་རྣམས་ཀྱི་ལུས་ངག་ཡིད་ཀྱི་ལས། །ཉེས་སྤྱོད་མ་ལུས་ཐུགས་ཀྱིས་བཟོད་པར་བཞེས། །བསྟན་དགྲ་འཇོམས་ཕྱིར་ཁྲོས་པའི་གདུག་པའི་འཁོར། །ཤེད་དང་གཟའ་བདུད་བཙན་དམར་གྱིང་གི་དཔུང༌། །ཀུན་ཀྱང་གསེར་གཡུ་བརྡར་བའི་ཞལ་སྐྱེམས་ཚོགས། །ལེགས་པར་བཞེས་ལ་ཉེས་ཀུན་བཟོད་པར་མཛོད། །རྟག་ཏུ་འཕྲིན་ལས་རྣམ་བཞིའི་བདུད་རྩིའི་ཆར། །རྒྱ་ཆེར་ཕོབས་ལ་ཕན་དང་བདེ་བའི་ལམ། །འབྱུང་བྱེད་འཇམ་མགོན་བླ་མའི་མདོ་སྔགས་བསྟན། །ཕྱོགས་བརྒྱར་འཕེལ་བའི་དགེ་མཚན་བཞད་པར་མཛོད། །འདི་ཡང་རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པའོ། །། །

གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།