བསྔོ་བ་ཡོན་ཏན་མཆོག་བརྙེས་མ།

    སྤེལ་དུས།  2016-01-22 11:11:29         ཀློག་ཐེངས།  

༄༅། །ཡོན་ཏན་མཆོག་བརྙེས་རྒྱལ་བ་སྲས་བཅས་རྣམས། །ཚད་ མེད་ཐུགས་རྗེའི་དབང་གིས་དེང་འདིར་དགོངས། །འདིས་མཚོན་དགེ་བས་ཕན་བདེ་འབྱུང་བའི་གནས། །སངས་རྒྱས་བསྟན་པ་རྟག་ཏུ་རྒྱས་གྱུར་ཅིག །ཤཱཀྱའི་རྒྱལ་པོ་ལ་སོགས་ཆོས་དབྱིངས་སུ། །སྙོམས་པར་  བཞུགས་རྣམས་དགོངས་པ་ཡོངས་རྫོགས་ཤིང༌། །བསྟན་འཛིན་དམ་ པ་རྣམས་ཀྱི་ཞབས་པད་བརྟན། །ཚོགས་མཆོག་སྡེ་མཐུན་བཤད་སྒྲུབ་འཕེལ་གྱུར་ཅིག །བདག་ཅག་རྣམས་ལ་རེ་ཞིང་གུས་པ་ཡི། །དམིགས་ ཡུལ་ཚེ་འདས་ངན་སོང་འཇིགས་དང་བྲལ། །དལ་འབྱོར་རྟེན་ཐོབ་ རྒྱལ་པའི་བསྟན་དང་མཇལ། །བལྟོས་བཅས་ཚེ་ལྡན་ཀུན་ཀྱང་འགལ་རྐྱེན་བྲལ། །ཚེ་རིང་ནད་མེད་བདེ་དང་ལྡན་པར་ཤོག །འདིས་མཚོན་ དགེ་བའི་ཕུང་པོ་ཅི་མཆིས་པ། །ཇི་སྙེད་ཕྱོགས་དང་དུས་གསུམ་འཚོ་ སྐྱོང་བའི། །བདེ་གཤེགས་རྣམས་དང་ཀུན་བཟང་འཇམ་དབྱངས་ཀྱི། །མཛད་པ་ཇི་བཞིན་འགྲུབ་པའི་རྒྱུར་གྱུར་ཅིག །འཇིག་རྟེན་ཡངས་  པའི་རྒྱལ་ཁམས་ཐམས་ཅད་དུ། །མི་ཤིས་རྒུད་པའི་མིང་ཡང་མི་འབྱུང་ཞིང༌། །སྲིད་དང་ཞི་བའི་དཔལ་གྱིས་འབྱོར་གྱུར་ནས། །རྟག་ཏུ་བཀྲ་ ཤིས་རྒྱ་མཚོས་མཛེས་གྱུར་ཅིག །

 


གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
རྩོམ་འདིའི་སྦྲེལ་ཐག http://www.tb1025.cn


 

བརྒྱུད་འགོད།