མཆོད་པ་འབུལ་བའི་ཆོ་ག

    སྤེལ་དུས།  2016-01-22 10:52:27         ཀློག་ཐེངས།  

           ༄༅།། ཐམས་ཅད་དུ་ནི་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང༌། །ལག་མཐིལ་ལྟར་མཉམ་བཻཌཱུ་རྱའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །བདེ་ལྡན་འཇིག་རྟེན་བཀོད་པ་ལྟར། །རིན་ཆེན་ས་གཞི་མེ་ཏོག་བཅས། །ལྗོན་ཤིང་ཆུ་མཚོ་མ་ཚང་མེད། །ཆོས་སྒྲ་རྒྱ་ཆེན་ལྡན་གྱུར་ཅིག །འཇིག་རྟེན་འདས་པའི་དགེ་ལས་བྱུང༌། །རིན་ཆེན་བདུན་ལས་གྲུབ་པ་ཡི། །ཚོགས་ཀྱི་འོད་ཟེར་འགྱེད་པའི་གནས། །རྒྱལ་བ་སྲས་བཅས་བཞུགས་གྱུར་ཅིག །རིན་ཆེན་དུ་མ་ལས་གྲུབ་སེང་གེའི་ཁྲི། །ཡིད་འོང་སྣ་ཚོགས་གོས་ཀྱིས་བཀབ་པ་འདི། །རྒྱལ་བ་སྲས་བཅས་རྣམས་ལ་ཕུལ་བ་ཡིས། །འགྲོ་ཀུན་རྡོ་རྗེའི་གདན་ལ་བཞུགས་གྱུར་ཅིག །ལྷ་དང་མི་ཡི་མཆོད་པའི་རྫས། །དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ། །ཀུན་བཟང་མཆོད་སྤྲིན་བླ་ན་མེད། །ནམ་མཁའི་ཁམས་ཀུན་ཁྱབ་གྱུར་ཅིག །ན་མོ་གུ་རུ་བྷྱཿན་མོ་བུད་ངྷཱ་ཡ། ན་མོ་ངྷཱརྨཱ་ཡ། ན་མཿསཾ་གྷཱ་ཡ། ལན་གསུམ། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། ། སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་འཕགས་པ་གནས་བརྟན་བཅུ་དྲུག་ལྷ་ཚོགས་འཁོར་བཅས་རྣམས་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །མཆོད་གཟུངས། ཨོཾ་ན་མོ་བྷ་ག་བ་ཏེ། བཛྲ་སཱ་ར་པྲ་མ་རྡ་ནི། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་ས་མྱཀྶཾ་བུདྔྷའ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མཧཱ་བཛྲེ། མཧཱ་ཏེ་ཛ་བཛྲེ། མཧཱ་བིདྱ་བཛྲེ། མཧཱ་བོ་ངྷཱི་ཙི་ཏྟ་བཛྲེ། མཧཱ་བོ་ངྷཱ་མནྜ་བ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་ངྷི་ན་བཛྲེ་སྭཱ་ཧཱ། ལན་གསུམ། དཀོན་མཆོག་གསུམ་གྱི་བདེན་པ་དང༌།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབ་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་ཕྱོགས་བཅུ་ན་བཞུགས་པའི་བླ་མ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྤྱན་སྔར་བྱང་ཆུབ་སེམས་དཔའ་འཕགས་པ་ཀུན་ཏུ་བཟང་བོ་དང་འཇམ་པའི་དབྱངས་ལ་སོགས་པའི་རྣམ་པར་འཕྲུལ་བ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་བོ་བསམ་གྱིས་མི་ཁྱབ་པ་ཟད་མི་ཤེས་པ་ནམ་མཁའ་དང་མཉམ་པ་འབྱུང་བར་གྱུར་ཅིག གཞན་ཡང་ལྷ་དང་མིའི་ཡུལ་ན་ཡོད་པའི་འདོད་པའི་ཡོན་ཏན་ལྔ་དང་ལྡན་པའི་ཡོ་བྱད་མཁོ་རྒུ་བཟང་དགུ་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་ཇི་སྙེད་ཅིག་མཆིས་པ་ཐམས་ཅད་འབྱུང་བར་གྱུར་ཅིག །སྐྱབས་གསུམ་ཀུན་འདུས་བླ་མ་རྡོ་རྗེ་འཆང༌། །གང་ལ་གང་འདུལ་བཤེས་གཉེན་ཚུལ་བཟུང་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་ མཛད་པའི། །དྲིན་ཆེན་བླ་མ་རྣམས་ལ་གུས་ཕྱག་འཚལ། །ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ། །མཐའ་ཡས་འགྲོ་བའི་རེ་བ་སྐོང་ བའི་གསུང༌། །མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས། །ཤཱཀྱའི་གཙོ་བོ་དེ་ལ་མགོས་ཕྱག་འཚལ། །བྱམས་པ་ཐོགས་མེད་དབྱིག་གཉེན་རྣམ་གྲོལ་སྡེ། །མཆོག་སྡེ་དུལ་བའི་སྡེ་དང་གྲགས་པའི་དཔལ། །སེང་བཟང་ཀུ་སཱ་ལི་གཉིས་གསེར་གླིང་བ། །རྒྱ་ཆེན་སྤྱོདཔའི་བརྒྱུད་ལ་གུས་ཕྱག་འཚལ། །འཇམ་དབྱངས་ཡོད་མེད་ཕྱོགས་འཇིག་ཀླུ་སྒྲུབ་དང༌། ། ཟླ་བ་གྲགས་པ་རིགས་པའི་ཁུ་བྱུག་ཆེ། །སངས་རྒྱས་དགོངས་སྐྱོང་འཕགས་པ་ཡབ་སྲས་སོགས། །ཟབ་མོ་ལྟ་བའི་རྒྱུད་ལ་གུས་ཕྱག་ འཚལ། །ཐུགས་རྗེ་ཆེན་པོ་བདེ་གཤེགས་རྡོ་རྗེ་འཆང༌། །མཆོག་གཟིགས་ཏེ་ལོ་བ་དང་ནཱ་རོ་བ། །དབལ་མཆོག་ཌོཾ་བྷི་བ་དང་ཨ་ཏི་ཤ ། ཉམས་ལེན་བྱིན་རླབས་བརྒྱུད་ལ་གུས་ཕྱག་འཚལ། །བཤད་སྒྲུབ་གདམས་པའི་མཆོག་མངའ་ཨ་ཏི་ཤ །བཀའ་གདམས་བསྟན་པའི་མེས་པོ་འབྲོམ་སྟོན་རྗེ། །རྣམ་འབྱོར་རྣམ་བཞི་སྐུ་མཆེད་གསུམ་ལ་སོགས། །བཀའ་གདམས་བླ་མ་རྣམས་གུས་ཕྱག་འཚལ། །གངས་ཅན་ཤིང་རྟའི་སྲོལ་འབྱེད་ཙོང་ཁ་བ། །དངོས་སྟོབས་རིག་པའི་དབང་ཕྱུག་རྒྱལ་ཚབ་རྗེ། །མདོ་སྔགས་བསྟན་པའི་བདག་པོ་མཁས་གྲུབ་རྗེ། །རྒྱལ་བ་ཡབ་སྲས་གསུམ་ལ་གུས་ཕྱག་འཚལ། །རབ་འབྱམས་གསུང་རབ་ཀུན་ལ་བལྟ་བའི་མིག །སྐལ་བཟང་ཐར་པར་བགྲོད་པའི་འཇུག་ངོགས་མཆོག །བརྩེ་བས་བསྐྱོད་པའི་ཐབས་མཁས་མཛད་པ་ཡིས། །གསལ་མཛད་བཤེས་གཉེན་རྣམས་ལ་གུས་ཕྱག་འཚལ། །གང་གིས་བདག་ལ་རིགས་པ་བསླབས་པ་དང༌། །མདོ་རྒྱུད་བསྟན་བཅོས་མན་ངག་རྗེས་བསྟན་ཅིང༌། །བསླབ་པ་བསྩལ་དང་དབང་བསྐུར་བྱིན་བརླབས་པའི། །དངོས་བརྒྱུད་བླ་མ་རྣམས་ལ་གུས་ཕྱག་འཚལ། །གསང་བ་འདུས་པ་བདེ་མཆོག་ཧེ་རུ་ཀ །དཔལ་ཆེན་རྡོ་རྗེ་འཇིགས་བྱེད་ལ་སོགས་པའི། །གྲངས་མེད་རྒྱུད་སྡེ་བཞི་ཡི་འཁོར་ལོའི་ཚོགས། །ཡི་དམ་ལྷ་ཚོགས་རྣམས་ལ་གུས་ཕྱག་འཚལ། །མཐུན་པའི་དགེ་ཚོགས་སྨོན་ལམ་རྨད་བྱུང་ཞིང༌། །སྤྱད་པ་སྤྱོད་ཚེ་ན་ཡང་མཆེད་གྱུར་ལ། །བསྐལ་བཟང་གཅིག་ལ་མཛད་མཐར་ཕྱིན་པའི། །རྫོགས་པའི་སངས་རྒྱས་སྟོང་ལ་ གུས་ཕྱག་འཚལ། །དབེན་པར་བསྟན་པ་ཡོངས་རྫོགས་སྐྱེས་བུ་གསུམ། །རྨད་བྱུང་གུས་རྟག་བརྩོན་པས་ཉམས་བཞེས་པས། །བྱམས་བརྩེ་བྱང་ཆུབ་སེམས་ཀྱི་གཏེར་ཁ་རྡོལ། །རྒྱལ་སྲས་སེམས་དཔའ་ཆེན་པོར་གུས་ཕྱག་འཚལ། །ཐུགས་རྗེའི་བདག་ཉིད་རྩ་བརྒྱུད་བླ་མ་དང༌། །ཡི་དམ་ལྷ་ཚོགས་སྐྱབས་གནས་དཀོན་མཆོག་གསུམ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས། །སྐྱབས་གནས་དཀོན་མཆོག་གསུམ་ལ་གུས་ཕྱག་འཚལ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་ཕྱོགསX X ཆེན་པོར་བསྔོ། །
ཞིང་ཁམས་འབུལ་བར་ཞུXམཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་བ་སྩལ་ཏུ་གསོལ། ས་གཞི་མ། ལན་ཉེར་གཅིག བདག་གཞན་མ། ལན་གསུམ། ཨི་དཾ་གུ་རུX ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །བདག་ལ་དགོངས་བར་མཛད་དུ་གསོལ། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་བ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །རིམ་པ་བཞིན་དུ་བསླབ་པར་བགྱི། ལན་གསུམ། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང༌། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །བདག་གི་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་ལ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་བ་རྣམས་སྐྱེས་གྱུར་ཅིག །སྐྱེ་བ་ཉམས་པ་མེད་པར་ཡང༌། །གོང་ནས་གོང་དུ་འཕེལ་བར་ཤོག །ངེས་འབྱུང་བསམ་པX ། །ཚུལ་ཁྲིམས་བསླབ་པ་རིནX ། །སྟོང་ཉིད་ལྟ་བ་རིན་པོX ། །རིམ་གཉིས་རྟོགས་པ་རིན་པོ་ཆེX ། །འཇམ་དཔལ་དཔའ་བོའི་ཇི་ལྟར་མཁྱེན་པ་དང༌། །ཀུན་ཏུ་བཟང་བོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། །དགེ་བ་འདི་དག་ཐམས་ཅད་ རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་ འདི་ཀུན་ཀྱང༌། །བཟང་བོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །


གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
རྩོམ་འདིའི་སྦྲེལ་ཐག http://www.tb1025.cn

 

བརྒྱུད་འགོད།