རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་བཞུགས་སོ། །

    སྤེལ་དུས།  2016-01-22 10:43:33         ཀློག་ཐེངས།  

         ༄༅། །ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། །གསང་སྔགས་རིགས་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །བཅོམ་ལྡན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་ལ་བཞུགས་ཏེ།སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེས་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །དེ་ནས་ལག་ན་རྡོ་རྗེས་སངས་རྒྱས་ཀྱི་མཐུ་དང༌། སངས་རྒྱས་ཀྱི་བྱིན་གྱིས་རླབས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་ཀྱིས། རྡོ་རྗེ་ཁྲོ་བོ་ལས་བྱུང་བ། རྡོ་རྗེ་སྙིང་བོ་རབ་ཏུ་སྨྲས་ཏེ། མི་ཆོད་པ། མི་ཤིགས་པ། བདེན་པ། སྲ་བ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པ། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ། སེམས་ཅན་ཐམས་ཅད་འཇིལ་བར་བྱེད་པ། རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ། རིགས་སྔགས་ཐམས་ཅད་གནོན་པར་བྱེད་པ། ལས་ཐམས་ཅད་འཇོམས་པར་བྱེད་པ། གཞན་གྱིས་ལུས་ཐམས་ཅད་འཇིག་པར་བྱེད་པ། གདོན་ཐམས་ཅད་རླག་པར་བྱེད་པ། གདོན་ཐམས་ཅད་ལས་ཐར་པར་བྱེད་པ། འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པ། རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ། མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ། སེམས་ཅན་ཐམས་ཅད་བསྲུང་བ། ཞི་བ། རྒྱས་པ། སེམས་ཅན་ཐམས་ཅད་རེངས་པར་བྱེད་པ། རྨུགས་པར་བྱེད་པའི་གསང་སྔགས་ཀྱི་མཐུ་ཆེན་པོ་འདི། སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེས་རབ་ཏུ་སྨྲས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྡྲ་བཛྲ་པཱ་ཎ་ཡེ། མཧཱ་ཡཀྵ་སེནྡ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཏྲུ་ཊ་ཏྲུ་ཊ། ཏྲོ་ཊ་ཡ་ཏྲོ་ཊ་ཡ། སྥུ་ཊ་སྥུ་ཊ། སྥོ་ཊ་ཡ་སྥོ་ཊ་ཡ། གྷཱུརྞ་གྷཱུརྞ། གྷཱུརྞཱ་བ་ཡ་གྷཱུརྞཱ་བ་ཡ། སརྦ་སཏྭཱ་ནི། བོ་དྷ་ཡ་བོ་དྷ་ཡ། སཾ་བོ་དྷ་ཡ་སཾ་བོ་དྷ་ཡ། བྷྲ་མ་བྷྲ་མ། སཾ་བྷྲ་མ་ཡ་སཾ་བྷྲ་མ་ཡ། སརྦ་བྷཱུ་ཏ་བོ་དྷ་ནི། ཀུ་ཊ་ཀུ་ཊ། སཾ་ཀུ་ཊ་ཡ་སཾ་ཀུ་ཊ་ཡ། སརྦ་ཤ་ཏྲཱུ་ན། གྷ་ཊ་གྷ་ཊ། སཾ་གྷ་ཊ་ཡ། སཾ་གྷ་ཊ་ཡ། སརྦ་བིདྱཱ་བཛྲ་བཛྲ། སྥོ་ཊ་ཡ་བཛྲ་བཛྲ། ཀ་ཊ་བཛྲ་བཛྲ། མ་ཊ་བཛྲ་བཛྲ། མ་ཐ་བཛྲ་བཛྲ། ཨཊྚ་ཧཱ་ས་བཛྲ། ནཱི་ལ་བཛྲ་སུ་བཛྲ་ཡ་སྭཱ་ཧཱ། ཧེ་ཕུ་ལུ་ནི་རུ་ཕུ་ལུ། གྲྀཧྞ་ཀུ་ལུ། མི་ལི་ཙུ་ལི། ཀུ་རུ་ཀུ་ལུ། བཛྲ་བི་ཛ་ཡཱ་ཡ་སྭཱ་ཧཱ། ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཀ་ཊ་ཀ་ཊ། མ་ཊ་མ་ཊ། ར་ཊ་ར་ཊ། མོ་ཊ་ན་པྲ་མོ་ཊ་ནཱ་ཡ་སྭཱ་ཧཱ། ཙ་རི་ནི་ཙ་ར། ཧ་ར་ཧ་ར། ས་ར་ས་ར། མཱ་ར་ཡ་མཱ་ར་ཡ། བཛྲ་བི་དཱ་ར་ཎཱ་ཡ་སྭཱ་ཧཱ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། མ་ཧཱ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། བནྡྷ་བནྡྷ། ཀྲོ་དྷ། ཀྲོ་དྷ། བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱཧཱ། ཙུ་རུ་ཙུ་རུ་ཙནྚ་ཀཱི་ལི་ཀཱི་ལཱ་སྭཱ་ཧཱ། ཏྲཱ་ས་ཡ་ཏྲཱ་ས་ཡ། བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱཧཱ། ཧ་ར་ཧ་ར། བཛྲ་དྷ་རཱ་ཡ་སྭཱ་ཧཱ། པྲ་ཧ་ར་པྲ་ཧ་ར། བཛྲ་བྲ་བྷཉྫ་ནཱ་ཡ་སྭཱཧཱ། མ་ཏི་སྠི་ར་བཛྲ། ཤྲུཏི་སྠི་ར་བཛྲ། པྲ་ཏི་སྠི་ར་བཛྲ། མཧཱ་བཛྲ། ཨ་བྲ་ཏི་ཧ་ཏ་བཛྲ། ཨ་མོ་གྷ་བཛྲ། ཨེ་ཧྱེ་ཧི་བཛྲ། ཤཱི་གྷྲཾ་བཛྲ་དྷ་རཱ་ཡ་སྭཱ་ཧཱ། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། སརྦ་བཛྲ་ཀུ་ལ་མཱ་བརྟཱ་ཡ་སྭཱ་ཧཱ། གནོད་བྱེད་འབྱུང་པོ་མཱ་ར་ཡ་ཕཊ། ན་མཿས་མནྟ་བཛྲཱ་ཎཱཾ། སརྦ་བ་ལཾ་ཨཱ་བརྟ་ཡ་མ་ཧ་བ་ལེ། ཀ་ཊ་བེ། ཏ་ཏ་ལེ། ཨ་ཙ་ལེ། མནྚ་ལེ་མཱ་ཡེ། ཨ་ཏི་བཛྲ་མ་ཧཱ་བ་ལེ། བེ་ག་ར་ཎ། ཨ་ཛི་ཏེ། ཛྭ་ལ་ཛྭ་ལ། ཏི་ཊེ་ཏི་ཊེ། ཏིང་ག་ལེ། ད་ཧ་ད་ཧ། ཏེ་ཛོ་བ་ཏི། ཏི་ལི་ཏི་ལི། བནྡྷ་བནྡྷ། མ་ཧཱབ་ལེ། བཛྲ་ཨཾ་ཀུ་ཤ་ཛྭཱ་ལཱ་ཡ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྴ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཧ་ར་ཧ་ར་བཛྲ། མ་ཐ་མ་ཐ་བཛྲ། དྷུ་ན་དྷུ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། དྷ་ར་དྷ་ར་བཛྲ། དྷཱ་ར་ཡ་དྷཱ་ར་ཡ་བཛྲ། དཱ་རུ་ཎ་དཱ་རུ་ཎ་བཛྲ། ཙྪིནྡ་ཙྪིནྡ་བཛྲ། བྷིནྡ་བྷིནྡ་བཛྲ་ཧཱུཾ་ཕཊ། ན་མཤྩནྚ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྠ་ཏིཥྠ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ། སྡིག་པ་ཐམས་ཅད་བྱང་བྱས་ནས། །སྡུག་བསྔལ་ཐམས་ཅད་མེད་པར་བྱེད། །རྒྱུད་དོ་ཅོག་གི་རྩ་བ་སྟེ། །དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། །སེམས་ཅན་དབང་པོ་ཉམས་པ་དང༌། །ཚེ་ཟད་པ་དང་ཚེ་ཉམས་དང༌། །ཕུན་སུམ་ཚོགས་མིན་གང་ཆགས་དང༌། །ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དང༌། །མཛའ་སྡུག་སྐྱེ་བོ་སྡང་བ་དང༌། །བྲན་བཟའ་ལ་སོགས་གཙེས་པ་དང༌། །ཕན་ཚུན་མཐུན་པ་མ་ཡིན་དང༌། །ནོར་འགྲིབ་པས་ནི་གནོད་པ་དང༌། །མྱ་ངན་ངལ་དང་གནོད་པ་དང༌། །འཇིགས་པ་དང་ནི་ཕོངས་པ་དང༌། །གཟའ་དང་རྒྱུ་སྐར་བྱད་སྟེམས་དང༌། །མི་བཟད་གདོན་གྱིས་ཉེན་པ་དང༌། །མྱ་ངན་ངལ་ལས་བྱུང་བ་ཡི། །རྨི་ལམ་སྡིག་པ་མཐོང་ན་ཡང༌། །དེས་ནི་རབ་བཀྲུས་གཙང་མ་ཡིས། །མདོ་སྡེ་དམ་པ་ཉན་པར་གྱིས། །གང་དག་ཡིད་དགེ་སེམས་དང་ཞིང༌། །གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །མདོ་སྡེ་འདི་ནི་ཉན་བྱེད་ན། །མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །སྲོག་ཆགས་དག་ནི་ཐམས་ཅད་ཀྱི། །མི་བཟད་པ་ཡི་ནད་རྣམས་ཀྱང༌། །དེ་དག་ཐམས་ཅད་ཞི་བར་བལྟ། །ཚེ་དང་བསོད་ནམས་འཕེལ་བར་འགྱུར། །སྡིག་པ་ཀུན་ལས་རྣམ་པར་ཐར། །ནོར་བུ་ཡུངས་ཀར་དུར་བ་དང༌། །རིན་ཆེན་རྨ་མེད་ཙནྡན་བཅས། །ཤེལ་དང་རྡོ་རྗེ་མེ་ཏོག་དང༌། །ཆུ་ཡིས་གསེར་རམ་ཡང་ན་ནི། །དངུལ་གྱི་བུམ་པ་དག་ཀྱང་རུང༌། །གཙང་མའི་གོས་ཀྱི་དཀྲི་ཞིང་དགང༌། །ལན་གྲངས་ཉི་ཤུ་རྩ་གཅིག་གམ། །ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད། །རྡོ་རྗེ་རྣམ་འཇོམས་བཟླས་ནས་ནི། །རྒྱལ་བོ་རྟག་ཏུ་ཁྲུས་གྱིས་ཤིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་བསྡུས་པ་ཡི། །རྡོ་རྗེ་ཁྲོ་བོའི་སྐུར་སྟོན་པ། །རྣམ་པར་འཇོམས་པའི་བཀྲ་ཤིས་ཤོག ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་རྫོགས་སོ། །
༄༅། །ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། xxཁྱད་པར་དུ་ཡང་བཅོམ་ལྡན་འདས་དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང༌། བདེན་པ་ཆེན་པོས་བྱིན་གྱིས་བརླབ་པ་ལ་བརྟེན་ནས་འདིར་མཆོད་སྦྱིན་ཡོན་གྱི་བདག་པོའི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བར་བྱེད་པའི་འབྱུང་བོའི་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། གདོན་ཐམས་ཅདX། རིམས་ཐམས་ཅདX། ཁོནX། གྲིབX། བྱདX། བྱུརX། བསྐལ་བ་ངན་པX། ལྟས་ངན་པX། བཀྲ་མི་ཤིས་པX། ཉེ་བར་འཚེ་བX། དུས་མ་ཡིན་པར་འཆི་བX། གཟའ་དང་རྒྱུ་སྐར་གྱིས་གནོད་པX། རྒྱལ་བོ་དང་ཆོམ་རྐུན་གྱི་འཇིགས་པX། བདུད་ཀྱི་ཞགས་པX། གཤིན་རྗེའི་ཕོ་ཉX། བགེགས་དང་ལོག་འདྲེནX། བར་གཅོད་མི་མཐུན་པའི་ཕྱོགས་ངན་པX། སྟེང་གདོན་གཟའི་གནོད་པX། བར་གདོན་བཙན་མ་མོའི་གནོད་པX། འོག་གདོན་ཀླུ་དང་ས་བདག་གི་གནོད་པX། མདོར་ན་ཟས་གྲིབ། གོས་གྲིབ། ཡུག་གྲིབ། རོ་གྲིབ། མི་གཙང་བའི་གྲིབ་ངན་པX། ན་མཤྩནྚ་བཛྲX། སློབ་མ་འདིའི་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲུབ་པ་ཐམས་ཅད་ཨ་བ་ན་ཡེ་སྭཱ་ཧཱ། གདོན་ཐམས་ཅདXXXསྭཱ་ཧཱ། ན་མཤྩནྚ་བཛྲX། སློབ་མ་འདིའི་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲུབ་པ་ཐམས་ཅད་ལས་རཀྵ་རཀྵ་ཡེ་སྭཱཧཱ། གདོན་ཐམས་ཅདXXXསྭཱ་ཧཱ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང༌། །རྡོ་རྗེ་རྣམ་པར་འཇོམས་པའི་མཐུ་སྟོབས་ཀྱིས། །སློབ་མ་འདི་ལ་བདག་གིས་བསྲུངས་ཟིན་གྱི། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །སྲུངས་ཤིག་སྐྱོབས་ཤིག་བཛྲ་རཀྵ་རཀྵ་ཡེ་སྭཱ་ཧཱ།


གསལ་འདེབས། 
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ། 
རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
རྩོམ་འདིའི་སྦྲེལ་ཐག http://www.tb1025.cn


བརྒྱུད་འགོད།