གཏོར་མ་ཆ་གསུམ་འབུལ་ཚུལ་བཞུགས་སོ། །

    སྤེལ་དུས།  2016-01-22 10:41:12         ཀློག་ཐེངས།  

      ༄༅། །ཆ་གསུམ་གྱི་གཏོར་མ་གཏོང་བར་འདོད་པས། མཆོད་པ་དང་གཏོར་མ་བཤམས་ཏེ། ཨོཾ་བཛྲ་ཡཀྵ་ཧཱུཾ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྔྷཿསརྦ་དྷ་རྨཱཿསྭ་བྷཱ་ཝ་ཤུདྡྷོཉ་ཧཾ། སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུཾ། ཨོཾ་བཛྲ་པཱདྱཾ་ཨཱཿཧཱུཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ ཨོཾ་བཛྲ་ངྷཱུ་པེ་ཨཱཿཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུཾ། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། དེ་ནས་གཏོར་མ་བྱིན་བརླབ་ནི། ཨོཾ་སྭ་བྷ་ཝ་བི་ཤུདྡྷེ་དྷརྨཱཏེ་བཛྲ་སིདྡྷི་ཧཱུཾ། ན་མ་ཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏ་ངྒཾ་ཨུངྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱཧཱ། ཨོཾ་ཨ་མྲྀཏེ་ཧཱུཾ་ཕཊ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱཿནྀ་ཨ་དྱ་ནུཏྤནྣ་ཏྭཱ་ཏྟ།ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷར་སམྦྷར་ཧཱུཾ། ཨོཾ་རུ་རུ་སྥུ་རུ་ཛྭ་ལཱ་ཏིཥྛ་སིདྔྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་བྱིན་སྟོབས་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག ། དེ་ནས་སྤྱན་དྲངས་བ་ནི། མགོན་པོ་ཀུན་གཤེགས་གདན་ལ་བཞུགས། །ད་ལྟ་སྙིགས་མ་ལྔ་ཡི་དུས། །གཤེགས་ཤིང་བཞུགས་པའི་གནས་ངན་ཡང༌། །ཤཱཀྱའི་བསྟན་པ་བསྲུང་བ་དང༌། །བདག་ཅག་རྣམས་ལ་ཕན་གདགས་ཕྱིར། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་དབང་དང་ལྡན། །སྙིང་རྗེ་ཐབས་མཁས་ཐུགས་དམ་དཀྱིལ་བོ་ཆེ། །ལྷ་དང་དྲང་སྲོང་ཡི་དྭགས་སྲིན་པོ་ཀླུ། །རིག་འཛིན་རྒྱལ་བོ་དང་ནི་གདོན་གྱི་བདག །དེ་དག་སོ་སོའི་དབང་བོའི་སྐུར་སྟོན་པ། །ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་བཞུགས་སོ་འཚལ། །བསྟན་པ་རྒྱས་པའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱ་ཧི་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར། ས་མ་ཡེ་སྭཱཧཱ། ཨོཾ་རུ་དྲ་ཡེ། ཨོཾ་ཤ་ཏ་ས་ཧ་སྲ་ཨཀྵི་ཡེ། ཨོཾ་ཨགྣི་ཡེ། ཨོཾ་ཡ་མ་ཡེ། ཨོཾ་ནི་རེ་ཏེ་ཡེ། ཨོཾ་བ་རུ་ན་ཡེ། ཨོཾ་བ་ཡ་བི་ཡེ། ཨོཾ་ཀུ་བཻ་ར་ཡེ། ཨོཾ་ཨུར་ངྷི་པྲཧྨ་ན་ཡེ། སཱུརྱ་གྲ་ཧ་ཨ་དྷི་པ་ཏ་ཡེ། ཙནྡྲ་ནཀྵ་དྲ་ཨ་དྷི་པ་ཏ་ཡེ། ཨོཾ་ཨརྔྷ་པྲི་ཐི་ཝི་བྷྱཿ ཨ་སུ་རེ་བྷྱཿ ནཱ་གེ་བྷྱཿ ས་པ་རི་ཝ་ར་པྲ་ཝཱ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱཧཱ། ཞེས་མཆོད་ཡོན་དང༌།ཀ་མ་ལ་ཡེ་སྟྭཾ། ཞེས་གདན་འབུལ། དེ་ནས། ཨོཾ་རུ་ཏྲ་ཡེ། ཞེས་པ་ནས། ནཱ་གེ་བྷྱཿ ས་པ་རི་ཝཱ་ར་པྲ་ཝཱ་ར་སད་ཀ་རཾ་ཨརྒྷཾ་ཞེས་པ་ནས། ཤཔྟ་པྲ་ཏཱི་ཙྪ་སྭཱཧཱ།དབང་བོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་བོ་གདོན་གྱི་བདག །ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་བོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །གཤིན་རྗེ་ལག་ན་བེ་ཅོན་འཆང༌། །མ་མོའི་རྒྱལ་བོ་གདོན་གྱི་བདག །ལྷོ་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་བོ་གདོན་གྱི་བདག །ལྷོ་ནུབ་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞགས་པ་ཐོགས་པ་ཆུ་ཡི་ལྷ། །ཀླུ་ཡི་རྒྱལ་བོ་གདོན་གྱི་བདག །ནུབ་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །རླུང་ཏེ་སྲོག་ཀྱང་འཛིན་པའི་ལྷ། །རིག་འཛིན་རྒྱལ་བོ་གདོན་གྱི་      བདག །ནུབ་བྱང་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །གནོད་སྦྱིན་ལག་ན་དབྱུག་པ་ཐོགས། །ནོར་སྐྱོང་   གདོན་གྱི་བདག་པོ་སྟེ། །བྱང་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །དབང་དང་ལྡན་པ་འདྲེན་པའི་ལྷ། །འབྱུང་བོའི་རྒྱལ་བོ་གདོན་གྱི་བདག །བྱང་ཤར་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །སྟེང་གི་ཚངས་པ་ཆེན་པོ་དང༌། །ཉི་མ་ཟླ་བ་གཟའ་ཆེན་པོ། །གཟའ་དང་རྒྱུ་སྐར་བཅས་པ་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །འོག་གི་ཀླུ་སྟེ་ས་ཡི་ལྷ། །ས་འཛིན་ལག་པ་ཆེན་པོ་དང༌། །དམ་ཚིག་ཤེས་པའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད། གཏོར་མ་སྦྱིན་པ་ནི། ཨོཾ་རུ་ཏྲ་ཡེ། ཞེས་པ་ནས། ནཱ་གེ་བྷྱཿས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏཱ་བྷྱོཿ ཞེས་སོགས་ལན་གསུམ་དང༌། ཤར་ཕྱོགས་རྡོ་རྗེ་ཅན་གྱི་ལྷ་ཚོགས་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག །ཆུ་བདག་རླུང་བདག་ནོར་གྱི་བདག་པོ་སྟེ། །དབང་ལྡན་ལྷ་སྟེ་འབྱུང་བོའི་བདག་པོ་དང༌། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང༌། །ལྷ་རྣམས་ཀུན་དང་ས་ཡི་ཀླུ་རྣམས་དང༌། །རི་ཡི་ལྷ་དང་གནོད་སྦྱིན་ཚོགས་བཅས་ལ། །སོ་སོ་སོ་སོར་གཏོར་མ་ཕུལ་བ་རྣམས། །རབ་ཏུ་དགྱེས་པ་ཡིས་ནི་བཞེས་ནས་ཀྱང༌། །རང་རང་ཕྱོགས་སུ་ལེགས་པར་བཞུགས་ནས་སུ། །རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་དང༌། །ནང་མི་དམག་དང་དཔུང་བཅས་ཐབས་གཅིག་ཏུ། །མེ་ཏོག་དྲི་དང་བདུག་པ་གཏོར་མར་བཅས། །འདི་རྣམས་བཏུང་ཞིང་ལེགས་པར་གསོལ་ནས་ཀྱང༌། །བདག་གི་ལས་འདི་འབྲས་བུ་མཆིས་པར་མཛོད། །ཅེས་པས་བསྔོ། མཆོད་སྦྱིན་གཏོར་མ་འདི་བསྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱི་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་རྣམས་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང༌། །བདེ་ལེགས་ཕུན་སུམ་ཚོགས་པ་དང༌། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག ། ཅེས་འཕྲིན་ལས་བཅོལ། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟང་ལུས་སྲུལ་བོ། །དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང༌། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བུ་སྨད་བཅས་ཤིང་གཡོག་འཁོར་ཚོགས་བཅས་ལ། །བདག་གི་བུས་མོ་ས་ལ་བཙུགས་ནས་ནི། །ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་འདེབས་ཀྱིས། །གསན་ནས་ཕན་གདགས་སླད་དུ་འདིར་སྤྱོན་ཅིག ། ཨོཾ་ཨེ་ཧྱེ་ཧི་ལོ་ཀ་ཀཱ་ར་ཡ། ཨོཾ་དེ་བ། ནཱ་ག ཡཀྵ། གན་དྷ་ར་པ། ཨ་སུ་ར། ག་རུ་ཌ། ཀིནྣ་ར་མ་ཧོ་ར་ག མ་ནུ་ཥ། ཨ་མ་ནུ་ཥ། ས་པ་རི་ཝཱ་ར་ས་མ་ཡེ་སྭཱཧཱ། ཨོཾ་དེ་བ་ཞེས་པ་ནས་ས་པ་རི་ཝཱ་ར་པྲ་ཝཱ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱཧཱ། ཀ་མ་ལ་ཡེ་སྟྭཾ། ཨོཾ་དེ་བ་ཞེས་པ་ནས། ཨརྒྷཾ་ནས་ཤཔྟ་པྲ་ཏཱི་ཙྪ་སྭཱཧཱ། ཨོཾ་དེ་བ་ཞེས་པ་ནས་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏཱ་བྷྱོཿ ཞེས་ལན་གསུམ་གྱིས་གཏོར་མ་ཕུལ། འབྱུང་བོ་གང་དག་རི་རབ་སྟེང་ནས་དང༌། །དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང༌། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང༌། །རི་བོ་ཀུན་ལ་གང་དག་གནས་པ་དང༌། །རིན་ཆེན་གླིང་ན་ལྷག་པར་གང་གནས་དང༌། །ཆུ་བོ་ཀུན་དང་ཆུ་བོའི་མདོ་རྣམས་དང༌། །མཚོ་དང་རྫིང་བུ་ལྟེང་ཀ་ཆུ་ངོགས་དང༌། །གཡའ་ཆུ་བསིལ་མ་ཅན་ན་གང་གནས་དང༌། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་བ་དང༌། །ཁང་སྟོང་དག་དང་ལྷ་ཡི་ཁང་བ་དང༌། །གཙུག་ལག་ཁང་དང་མཆོད་རྟེན་གནས་རྣམས་དང༌། །དཀའ་ཐུབ་གནས་དང་གླང་ཆེན་བྲེས་རྣམས་དང༌། །རྒྱལ་བོའི་དཀོར་ཁང་དག་ན་གང་གནས་དང༌། །ལམ་སྲང་སུམ་མདོ་དང་ནི་བཞི་མདོ་དང༌། །གང་དག་ལམ་ཆེན་དང་ནི་ཤིང་གཅིག་དྲུང༌། །དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོ་དང༌། །སེང་གེ་དྲེད་དང་གཅན་གཟན་གནས་དག་དང༌། །འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང༌། །གང་དག་གླིང་མཆོག་དག་ན་གནས་པ་དང༌། །ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས། །རབ་ཏུ་དགྱེས་ཤིང་མགུ་བར་གྱུར་ནས་སུ། །ཕྲེང་བ་མེ་ཏོག་དྲི་དང་བདུག་པར་བཅས། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་བཏུང་ཞིང་ལེགས་པར་གསོལ་ནས་ཀྱང༌། །བདག་གིས་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་འཕྲིན་ལས་བཅོལ་ལ། རང་ཉིད་སྐད་ཅིག་གིས་ཧཱུཾ་མཛད་དུ་གྱུར། བར་བསམས་ལ། ཁྲོ་བོ་འདོད་རྒྱལ་གྱི་ཕྱག་རྒྱ་བྱས་ཏེ། སངས་རྒྱས་ཀྱི་བདེན་པ་དང༌། ཆོས་ཀྱི་བདེན་པ་དང༌། དགེ་འདུན་གྱི་བདེན་པ་དང༌། གསང་སྔགས་དང༌། རིག་སྔགས་རྣམས་ཀྱི་བྱིན་གྱིས་བརླབས་ཀྱིས་བགེགས་ཀྱི་རིགས་གང་ཡིན་པ་དེ་དག་ཐམས་ཅད་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ཉིད་ལ་འདིར་མཆིས་པར་གྱུར་ཅིག ཨོཾ་ཊཀྐི་ཧཱུཾ་ཛཿཞེས་བགེགས་འཁོར་བཅས་མདུན་དུ་བཀུག་པར་བསམ། ཨོཾ་གུང་ཀ་རི་གུང་ཀ་རི་སྭཱཧཱ། ཨོཾ་བི་ཙི་བི་ཙི་སྭཱཧཱ། ཨོཾ་གུང་གུང་སྭཱཧཱ། ས་པ་རི་ཝཱ་ར་པྲ་ཝཱ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱཧཱ། ཀ་མ་ལ་ཡེ་སྟྭཾ། ཨོཾ་གུང་ཀ་རི། ཞེས་པ་ནས། པྲ་ཝཱ་ར་སད་ཀ་རཾ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཨོཾ་གུང་ཀ་རི།ཞེས་པ་ནས། ས་པཱ་རི་ཝ་ར་ན་མཿསརྦ་ཏ་ཐཱ་ག་ཏཱ་བྷྱོཿ ཞེས་སོགས་ལན་གསུམ་གྱིས་གཏོར་མ་ཕུལ། གང་ཞིག་མཚན་མོ་རྒྱུ་བ་ཡི། །འབྱུང་བོ་རྣམས་དང་ཤ་ཟ་དང༌། །སྲིན་པོ་ཤ་རྗེན་ཟ་བ་དང༌། །སེམས་ཅན་རྣམས་པ་སྣ་ཚོགས་དང༌། །ལྗོན་ཤིང་གེལ་བ་སོགས་གནས་པ། །དེ་དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་བཅས། །འབྲས་ཆེན་འབྲས་བུ་མང་བོ་དང༌། །མཆོད་པ་འདི་ཡིས་མགུ་བྱོས་ལ། །གནོད་པའི་བསམ་པ་ཞི་བ་དང༌། །བདག་ཅག་རྣམས་ལ་ཕན་པའི་ཡིད། །དེ་རིང་ཕན་ཆད་བསྐྱེད་པར་གྱིས། །རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང༌། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་བོ་ཀུན་ལ་ཆད་པ་སྤངས་པ་སྟེ། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེ་དེ། །མཚོན་ཆའི་མི་འཇིགས་གང་ཡང་མེད། །འཚོ་བའི་སྲོག་ལ་ཀུན་ཀྱང་འཛེམ། །རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཨོཾ་ཆེན་པོའམ་ཆུང་ངུ་གང་དག་གི །ལུས་ལ་མངོན་པར་གནོད་གྱུར་བའི། །ནད་དེ་ཉེ་བར་ཕྱུང་ནས་སུ། །གདོན་དེ་རང་གི་གནས་སུ་དེངས། །དེ་ལྟར་བདག་གིས་ཅི་ནུས་ཀྱིས། །མཆོད་དང་བསྙེན་བཀུར་བྱས་པ་ཡིས། །དམ་ཚིག་གནས་ལ་གནས་ནས་སུ། །བདག་གི་འདོད་པ་བསྐང་བར་མཛོད། །རྟག་ཏུ་དམ་ཚིག་ལ་གནས་ཤིང༌། །འདིར་ནི་རྒྱུ་འབྱོར་ཡོན་བདག་གི །ནད་དེ་ཉེ་བར་སོལ་མཛོད་ལ། །གདོན་རྣམས་རང་གི་གནས་སུ་དེངས། །སརྦ་བིགྷྣན་གཙྪ། བགེགས་རྣམས་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར། པར་བསམ། ཨོཾ་དེ་བ། ནས། ས་པ་རི་ཝཱ་ར་པྲ་ཝཱ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱཧཱ། གཙྪ། སྡེ་བརྒྱད་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར། ཨོཾ་རུ་ཏྲ་ཡེ། ཞེས་པ་ནས། ས་པ་རི་ཝཱ་ར་པྲ་ཝཱ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱཧཱ།གཙྪ། ཕྱོགས་སྐྱོང་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར། ན་མཿས་མནྟ་བུད་དྷ་ནཾ་སརྦ་ཏ་ཐཱ་ག་ཏཱ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷར་སམྦྷར་ཧཱུཾ། ཞེས་ལན་གསུམ་གྱིས། བྲེ་ཏེ་བྷྱ། ཡི་དྭགས་རྣམས་གཏོར་མས་མཉེས་ཤིང་ཚིམ་ནས་རང་གནས་སུ་གཤེགས་པར་གྱུར། སྦྱིན་པ་རྒྱ་ཆེན་གྱུར་བ་འདི་ཡི་མཐུས། །འགྲོ་བའི་དོན་དུ་རང་བྱུང་སངས་རྒྱས་ཤོག །སྔོན་ཆད་རྒྱལ་བ་རྣམ་གྱིས་མ་གྲོལ་བའི། །སྐྱེས་བུའི་ཚོགས་རྣམས་སྦྱིན་པས་གྲོལ་གྱུར་ཅིག །

 

 

 

 

 

གསལ་འདེབས།     
       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ།     

       རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
        རྩོམ་འདིའི་སྦྲེལ་ཐག http://www.tb1025.cn

 

 

བརྒྱུད་འགོད།