ཚ་གསུར་བཞུགས་སོ། །

    སྤེལ་དུས།  2016-01-19 11:51:29         ཀློག་ཐེངས།  

         ༄༅། །འདིར་ཚ་གསུར་གཏོང་བར་འདོད་པས། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། ཞེས་པ་ནས། སངས་རྒྱས་འགྲུབ་པར་ཤོག །རང་ཉིད་སྤྱན་རས་གཟིགས་སུ་གསལ་བ་ཡི། །ཐུགས་ཀའི་འོད་ཀྱིས་སྲི་ཞུ་ཡོན་ཏན་དང༌། །སྙིང་རྗེ་ལན་ཆགས་མགྲོན་རྣམས་མ་ལུས་པ། །སྤྱན་དྲངས་འདོད་པའི་གདན་ལ་བཞུགས་པར་གྱུར། །སྐྱོན་གྱིས་མ་གོསxཨོཾ་མ་ཎི་པདྨེ་ཧཱུཾ། དགེ་བ་འདི་ཡིསx། ཨོཾ་བཛྲ་ཨམྲྀ་ཏXཧཱུཾ་ཕཊ།
          ཨོཾ་སྭ་བྷཱ་ཝྺ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝྺ་ཤུདྡྷོ྅ཧཾ། སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུཾ་འོད་དུ་ཞུ་བ་ལས་བྱུང་བའི་འདོད་ཡོན་ལྔ་ལྡན་གྱི་དྲི་ཕུན་སུམ་ཚོགས་པས་ས་དང་བར་སྣང་གི་ཁྱོན་ཐམས་ཅད་གང་བར་གྱུར། ཨོཾ་ཨཱཿཧཱུཾ་ལན་གསུམ་བརྗོད། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སམྦྷར་སམྦྷར་ཧཱུཾ། ཞེས་ལན་བདུན་དང༌། ཨོཾ་གནྡྷེ་ཀཱ་མ་གུ་ཎ་པུ་ཛ་ཨི་དཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། །ཞེས་པ་བདུན་གྱིས་བསྔོས། ཨོཾ་ཨརྒྷཾ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་ཏྱཱ། ཤཔྟ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ། དེ་བཞིན་གཤེགས་པ་རྒྱལ་བ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལx། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལx། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལx། །
ཀྱེ་དྲི་མཆོག་འདོད་ཡོན་ལྔ་ལྡན་པའི། །ཟག་མེད་གསུར་གྱི་མཆོད་པ་འདི། །བླ་མ་ཡི་དམ་དཀོན་མཆོག་གསུམ། །མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་དང༌། །དྲི་ཟའི་རྒྱལ་བོ་རབ་དགའ་སོགས། །དྲི་ཟའི་ཚོགས་རྣམས་མ་ལུས་དང༌། །མར་གྱུར་རིགས་དྲུག་སེམས་ཅན་དང༌། །ཡུལ་ལྷ་གཞི་བདག་ཚོགས་རྣམས་དང༌། །ལན་ཆགས་ཤ་འཁོན་གཉེར་བ་དང༌། །ཁྱད་པར་ཁ་སང་དེ་རིང་བར། །བསད་ལྕེབས་ཤི་ནས་སྔ་ལུས་བོར། །ཕྱི་ལུས་མ་རྙེད་བར་དོ་ཡི། །ཇི་སྙེད་སེམས་ཅན་ཐམས་ཅད་ལ། །འབུལ་ཞིང་བསྔོ་བས་མགྲོན་རྣམས་ཀུན། །འདོད་དགུའི་ཆར་གྱིས་ཚིམས་གྱུར་ནས། །བདག་གི་བར་ཆད་ཀུན་ཞི་ཞིང༌། །ཚེ་རིང་ནད་མེད་འབྱོར་བ་རྒྱས། །ཁམས་གསུམ་དབང་དུ་འདུ་བ་དང༌། །བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །བར་དོའི་སེམས་ཅན་ཐམས་ཅད་ཀྱང༌། །འཇིགས་སྐྲག་སྡུག་བསྔལ་ལས་གྲོལ་ཏེ། །བླ་མའི་གདམས་ངག་དྲན་གྱུར་ནས། །བདེ་བ་ཅན་དུ་སྐྱེ་བར་ཤོག །ལན་ཆགས་བུ་ལོན་དག་གྱུར་ནས། །འགྲོ་ཀུན་བདེ་སྐྱིད་ལྡན་པ་དང༌། །ཡུལ་ལྷ་གཞི་བདག་རྣམས་ཀྱིས་ཀྱང༌། །རྟག་ཏུ་གཡེལ་མེད་གྲོགས་བྱེད་ཤོག །བདག་ཀྱང་འཆི་བའི་དུས་ཀྱི་ཚེ། །གནད་གཅོད་སྡུག་བསྔལ་དང་བྲལ་ཏེ། །དག་པའི་ཞིང་དུ་སྐྱེས་ནས་ཀྱང༌། །འགྲོ་ཀུན་ཕན་བདེ་སྩོལ་པར་ཤོག །ཨོཾ་ཨཱཿཧཱུཾ། ལན་གསུམ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང༌། །ནོར་ལྷ་དྲང་སྲོང་ཡུལ་ལྷ་གཞི་བདག་དང༌། །རིགས་དྲུག་གདོན་བགེགས་ལན་ཆགས་གཉེར་བའི་ཚོགས། །ཁྱད་པར་ཉམ་ཐག་བར་དོའི་སེམས་ཅན་ལ། །ཟག་མེད་གསུར་མཆོད་ཕུལ་བའི་དགེ་འབྲས་གྱིས། །ཕ་མའི་གཙོ་བྱས་འབྲེལ་ཐོག་འགྲོ་བ་ཀུན། །ཉམ་ཐག་བར་དོ་འཁྱམས་པའི་སེམས་ཅན་རྣམས། །འཇིགས་སྐྲག་འཁྲུལ་སྣང་ངན་འགྲོའི་སྡུག་བསྔལ་ལས། །གྲོལ་ཏེ་དལ་འབྱོར་རྟེན་བཟང་ལེགས་ཐོབ་ནས། །ས་ལམ་རིམ་བགྲོད་རྫོགས་ཞིང་མྱུར་ཐོབ་ཤོག །སྐར་མ་རབ་རིབx། །འཇམ་དཔལ་དཔའ་བོའིxx། །དགེ་བ་འདི་ཡིསx། །འགྲོ་བའི་སྡུག་བསྔལx། །རྨད་བྱུང་སྲས་བཅསx། །འདི་དང་དུས་གསུམxརྒྱུ་རུ་བསྔོ། །

 

གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
རྩོམ་འདིའི་སྦྲེལ་ཐག http://www.tb1025.cn

 

 

བརྒྱུད་འགོད།