གསོན་དབང་སྐུར་ཚུལ་བཞུགས་སོ། །

    སྤེལ་དུས།  2016-01-19 11:50:35         ཀློག་ཐེངས།  

          ༄༅།།ཨོཾ་ཊཀྐི་ཧཱུཾ་ཛ། སངས་རྒྱས་ཀྱི་བདེན་པ་དང༌། ཆོས་ཀྱི་བདེན་པ་དང༌། དགེ་འདུན་གྱི་བདེན་པ་དང༌། དེ་བཞིན་གཤེགས་པ་དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་ཀྱི་རིགས་སུ་ཞུགས་པ་ཐམས་ཅད་ཀྱི་སྙིང་བོ་དང༌། ཕྱག་རྒྱ་དང༌། གསང་སྔགས་དང༌། རིགས་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་དང༌། ཁྱད་པར་དུ་ཡང་བཅོམ་ལྡན་འདསXXཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་པ་ལ་བརྟེན་ནས། འདིར་མཆོད་སྦྱིན་ཡོན་གྱི་བདག་པོའི་བླ་ཚེ་སྲོག་གསུམ། གཟའ་རྒྱལ་བོ། བཙན་མ་མོ། ཀླུ་ས་བདག་ཆུ་བདག་གཤིན་རྗེ་སྡེ་བརྒྱད་གདུག་པ་ཅན་གྱི་ནང་ན་ཚེ་འཕྲོག་པ་བརྐུས་པ་ཡར་བ་ཉམས་པ་དོར་བ་ལ་སོགས་པ་ཐམས་ཅད་སོར་ཆུད་ནས་སློབ་མའི་ལུས་ངག་ཡིད་གསུམ་ལ་ཐིམ་པར་གྱུར། ལན་གསུམ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྤོ་ཊ་བཾ། ཨོཾ་བཛྲ་གནྚ་ཧོ། ཨོཾ་བཛྲ་ཨ་མྲིཏX ། །བཛྲ་བནྡྷ་ཏྲཊ། ལན་གསུམ། སློབ་མའི་སྤྱི་བོར་ཨོཾ་མགྲིན་པར་ཨཱཿཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། ཨོཾ་བཛྲ་ཨདྷི་ཏིཥྛ་ཛྙཱ་ན་ས་མ་ཡ་ཧཱུཾ། རང་ཉིད་སྐད་ཅིག་གིས་ཁྲོ་བོ་འཇིག་རྟེན་གསུམ་རྒྱལ་དུ་གྱུར། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛ་ས་པཱ་རི་ཝ་ར་བཛྲ་ས་མ་ཛཿ ཧཱུཾ་ཡེ་ཤེས་བསྐལ་བའི་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་སྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དབའ་བོ་ཆེན་པོའི་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་བོ་ཁྲོ་བོ་བཞུགས་སོ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛ་ས་པཱ་རི་ཝ་ར་ཨེ་ཧྱེ་ཧི། པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏིཙྪ་ཧཱུཾ་སྭཱཧཱ། ཀ་མ་ལ་ཡེ་སྟྭཾ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛཱ་ས་པཱ་རི་ཝ་ར་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་ཏྱཱ། ཤཔྟ་པྲ་ཏིཙྪ་ཧཱུཾ་སྭཱཧཱ། ཧཱུཾ་ཆོས་ཉིད་སྟོང་བ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང༌། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང༌། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམས་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །ལྷག་པའི་ཡེ་ཤེས་རོལ་བ་སྟོན་མཛད་ཅིང༌། །སྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པ། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་ལོ། །བསྐལ་བའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔའ་བོའི་སྟང་སྟབས་བརྐྱངས་བསྐུམ་ཚུལ་དུ་བཞུགས། ཉི་ཟླ་འབར་བའི་སྤྱན་གྱིས་སྡང་མིག་གིས། །བགེགས་དཔུང་བསྲེག་པར་མཛད་ལ་ཕྱག་འཚལ་ལོ། །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམས་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོགས། །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་ལོ། །ཧཱུཾ་འཇིག་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང༌། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་ཐམས་ཅད་སྩོལ་བའིལྷ། །བགེགས་གྱི་དགྲ་ལ་ཕྱག་འཚལ་བསྟོད། །ཨོཾ་བཛྲ་ཨ་མྲྀཏXཧཱུཾ་ཕཊ། ཨོཾ་སྭཱ་བྷྭ་ཝXཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་བགེགས་ཀྱི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ཨོཾ་ཨཱ་ཀཱ་རོ་མུ་ཁཾ་སརྦ་དྷརྨཿཎཾ་ཨ་ཏྱ་ནུ་པན་ན་ཏྭོདྟ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ལན་གསུམ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། སློབ་མ་ལ་བར་དུ་གཅོད་པའི་གནོད་བྱེད་བགེགས་ཀྱི་ཚོགས་རྣམས་སྐད་ཅིག་གིས་འདིར་བཀུག་པར་གྱུར། ཨོཾ་སརྦ་བིགྷྣནXསྭཱཧཱ། ཞེས་གཏོར་མ་གཡས་སུ་བསྐོར་བ་གསུམ། ཨོཾ་སུམྦྷ་ནིXཧཱུཾ་ཕཊ། མར་མེ་དང་བཅས་པ་གཡོན་བསྐོར་གསུམ། ཧཱུཾ་བགེགས་འཇོམས་ཆེན་པོའིx། །ང་ཡི་གནས་འདིར་སློབ་མའི་བར་ཆད་སེལ། xxགདོན་མི་ཟ། ན་མོ་རྗེ་བཙུན་རྩ་བ་དངxxཁྱད་པར་དུ་ཡང་བཅོམ་ལྡན་འདསxxཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་པ་ལ་བརྟེན་ནས། འདིར་མཆོད་སྦྱིན་ཡོན་གྱི་བདག་པོའི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བར་བྱེད་པའི་འབྱུང་བོ་ནད་གདོན་བགེགས་ཀྱི་རིགས་གང་ཡིན་པ་དེ་དག་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་འདིས་ཚིམ་པར་གྱིས་ལ་གནོད་པ་དང་འཚེ་བའི་བསམ་པ་ངན་པ་ཐམས་ཅད་སྤོངས་ལ་ཕན་པ་དང་བདེ་བའི་སེམས་དང་ལྡན་པའི་སྒོ་ནས་རང་རང་སོ་སོའི་གནས་སུ་སོངས་ཤིག གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་རྣམས་ཀྱིས་སྲེག་ཅིང་རྣམ་པར་འཇོམས་པར་གདོན་མི་ཟའོ། །ལས་སྔགས། ཨོཾ་སུམྦྷ་ནིxxཧཱུཾ་ཕཊ། ཨོཾ་བཛྲ་ཨ་མྲྀཏXཧཱུཾ་ཕཊ། ཨོཾ་སྭཱ་བྷྭ་ཝXཧཾ། ཐབས་སྣང་བ་མི་དམིགས་པ་སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་རཾ་ལས་ཡེ་ཤེས་ཀྱི་མེ་འབར་བའི་ནང་དུ་ཁྲོ་བོ་རྡོ་རྗེ་མཁའ་འགྲོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། སྐད་ཅིག་གིས་ཞལ་རབ་ཏུ་གདངས་པ་ལ་སོགས་པ་ཁྲོ་བོའི་ཉམས་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། བར་བསམ་ལ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛ་ཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། ཨོཾ་བཛྲ་ཌཱ་ཀ་ཨརྒྷཾ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་ཏྱཱ།ཤཔྟ་པྲ་ཏིཙྪ་ཧཱུཾ་སྭཱཧཱ། མི་བསྐྱོད་རྡོ་རྗེXཕྱག་འཚལ་བསྟོད། སློབ་མའི་རྐང་མཐིལ་གཉིས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར། ལྟེ་བར་ཡེ་ཤེས་ཀྱི་མེ་འབར་བ། སྙིང་གར་སྡིག་པའི་ས་བོན་བཾ་ནག་པོ་ལ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་འདུས་པར་གྱུར། ལྟེ་བའི་ཡེ་ཤེས་ཀྱི་མེ་འབར་བའི་འོད་ཟེར་གྱིས་སྙིང་གའི་བཾ་དེད་ནས་སྣ་སྒོ་ནས་ཐོན། སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་ནས་རང་གི་ལག་པར་བཟུང་བའི་ཏིལ་ལ་ཐིམ་པར་གྱུར་བར་བསམ་ལ། ཨོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་བཾ་ད་ཧ་ན་བྷསྨི་ཀུ་རུ་སྭཱཧཱ། ཞེས་ལན་བདུན་བརྗོད། ཨོཾ་བཛྲ་ཌཱ་ཀ་ཨརྒྷཾ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་ཏྱཱ། ཤཔྟ་པྲ་ཏིཙྪ་ཧཱུཾ་སྭཱཧཱ། མི་བསྐྱོད་རྡོ་རྗེ་xཕྱག་འཚལ་བསྟོད། ཨོཾ་བཛྲ་མུཿཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་འོད་དུ་ཞུ་ནས་མེ་འབར་བའི་རྣམ་པ་ཅན་དུ་གྱུར། བཅོམ་ལྡན་འདས་རྒྱལ་བ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི། ཀཾ་ཀ་ནི། རོ་ཙ་ནི། རོ་ཙ་ནི། ཏྲོ་ཊ་ནི། ཏྲོ་ཊ་ནི། ཏྲཱ་ས་ནི། ཏྲཱ་ས་ནི། པྲ་ཏི་ཧ་ན། པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་ར་ཎི་མེ་སརྦ་ས་ཏྭ་ནཉྩ་སྭཱཧཱ། ཨོཾ་བྷྲཱུཾ་སྭཱཧཱ། ཨོཾ་ཨ་མྲྀཏ་ཨཱ་ཡུར་ད་དེ་སྭཱཧཱ། ཨོཾ་པདྨོཥྞཱི་ཥ་བི་མ་ལེ་ཧཱུཾ་ཕཊ། ཨོཾ་སརྦ་པཱ་བཾ་ད་ཧ་ན་བཛྲ་ཧཱུཾ་ཕཊ། ཨོཾ་སརྦ་པཱ་བཾ་བི་ཤོ་དྷ་ནི་བཛྲ་ཧཱུཾ་ཕཊ། ཨོཾ་སརྦ་ཀརྨ་ཨ་ཝ་ར་ཎཱ་ནི་བྷསྨི་ཀུ་རུ་ཧཱུཾ་ཕཊ། ཨོཾ་བྷྲཱུཾ་བི་ནཱ་ཤ་ཡ་ཨཱ་ཝ་ར་ནི་བཛྲ་ཧཱུཾ་ཕཊ། ཨོཾ་དྲུཾ་བི་ཤོ་དྷ་ཡ་ཨཱ་ཝ་ར་ནི་ཧཱུཾ་ཕཊ། ཨོཾ་ཛྭོ་ལ་ཛྭོ་ལ་དྷ་ཀ་དྷ་ཀ་ཧ་ན་ཧ་ན་ཨཱ་ཝ་ར་ནི་ཧཱུཾ་ཕཊ། ཨོཾ་སྲུང་ས་ར་ས་ར་པྲ་ས་ར་པྲ་ས་ར་ཨཱ་ཝ་ར་ནི་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧ་ར་ཧ་ར་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཕཊ་ སརྦ་ཨཱ་ཝ་ར་ཎཱ་ནི་སྤོ་ཊ་ཡ་ཧཱུཾ་ཕཊ། ཨོཾ་པྲི་ཏི་པྲི་ཏི་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཏྲ་ཊ་ཏྲ་ཊ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཚིནྡ་ཚིནྡ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་པ་ ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྱ་ཀ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ས་ཏྭXཨཱཿཧཱུཾ་ཕཊ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ལས་བྱུང་བ་ཡི། །གཟུངས་སྔགས་ཟབ་མོའི་བདེན་སྟོབས་ཀྱིས། །སློབ་མའི་ལུས་ལ་བྲན་ནས་ཀྱང། །བགེགས་ནད་གདོན་བར་ཆད་ཐམས་ཅད་རྩད་ནས་འཇོམས་གྱུར་ཅིག ཁྲུས་ཀྱི་ཁང་བX ། །ཇི་ལྟར་བལྟམས་པX ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ། རྒྱལ་བའི་སྐུ་གསུངX ། །དེ་དག་སྐུ་ ལX ། །ཨོཾ་ཧཱུཾ་དྲཱུཾ་ཧྲཱི་ཨཱཿཀ་ཡ་བི་ཤོ་དྷ་ན་ཡེ་སྭཱཧཱ། སྣ་ཚོགས་དབང་བོའིX ། །ཨོཾ་བཛྲ་ཝ་ས་སྱ་སྭཱཧཱ། འདི་ནི་སྦྱིན་པའིX ། །འདི་ནི་ཚུལ་ཁྲིམསX ། །འདི་ནི་བཟོད་པའིX ། །འདི་ནི་བརྩོན་འགྲུསX ། །འདི་ནི་བསམ་གཏནX ། །འདི་ནི་ཤེས་རབX ། །གཟུངས་སྔགས་བཟླ། ཆུ་བོ་དྲུག་གིས་ཁྲུས་བྱས་པའི། ། བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་ མངའ་ཞིང༌། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །དྲི་ཆུ་དྲུག་གིས་ཁྲུས་བྱས་པའི། །དྲི་མ་རྣམ་དྲུག་སྦྱོངས་མཛད་པ། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པ། །ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །དྲི་མ་རྣམ་དྲུག་དག་པ་ཡིས། །ཡོན་ཏན་ཐམས་ཅད་དང་ལྡན་པ། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པའི་སློབ་མ་ཁྲུས་བགྱིའོ། །ཨོཾ་བཛྲ་ས་ཏྭXཨཱཿཧཱུཾ་ཕཊ། འདོད་ཆགས་ཞེ་སྡངX ། །དེ་དག་འཇིག་རྟེནX ། །བཅོམ་ ལྡན་སངས་རྒྱསX ། ། སངས་རྒྱས་གཟི་ཡིསX ། །འདོད་ཆགསX ། །བཅོམ་ལྡན་དམ་ཆོསX ། །དམ་ཆོས་གཟི་ཡིསX ། །འདོད་ཆགསX ། །འཕགས་པའི་དགེ་འདུནX ། །དགེ་འདུནX ། །ས་ནི་དུག་གི་མ་ཡིན་ཏེ། །ས་ནི་དུག་གི་ཕ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་ གིས། །སློབ་མའི་དུག་ནི་དུག་མེད་ ཤོག །དུག་ནི་ས་ཡི་ནང་དུ་སོང༌། ། གང་བའི་སྣོད་དུ་དུག་སོངས་ཤིག་ སྭཱཧཱ། ཆུ་ནི་དུག་གིXxསྭཱཧཱ། མེ་ནི་ དུག་གིXxསྭཱཧཱ། རླུང་ནི་དུག་གིXx སྭཱཧཱ། །གཟུངས་སྔགས་བརྗོད། གང་ལ་སེར་སྣX ། །འདྲེན་པ་གང་ཞིགX ། །སྟོན་པ་འགྲོ་བX ། །སྐྱོབ་པ་གང་ཞིགX ། །གང་ཞིག་འཁོར་བརX ། ། གང་ཞིག་ཆོས་རྣམསX ། །དཔའ་བོ་ཆེན་པོX ། །གང་ཞིག་སྐྱེས་པསX ། །བྱང་ཆུབ་སྙིང་བོརX ། །ཆོས་ཀྱི་འཁོར་ལོX ། །ཡིད་འཕྲོག་གང་གིསX ། །སངས་རྒྱས་ཁྱེད་ལX ། །སངས་རྒྱས་བསོད་ནམསX ། །རྐང་གཉིས་ཁྱེད་ཅགX ། །ཉིན་མོ་བདེ་ལེགསX ། །དཀོན་མཆོག་གསུམ་གྱིས་བཀྲ་ཤིས་ཤོག །སློབ་མ་འདི་ཉིད་བདུད་དང་བར་ཆད་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ལས་ རྒྱལ་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག སངས་རྒྱས་གཙོ་ལX ། །བླ་མ་སངས་རྒྱསX ། །གཟུགས་མཆོག་མཆོག་ཏུX ། །གཙོ་བོ་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་ པ་ཀུན་སེལ་ལ། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་བ་དང༌། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང༌། །དེ་བཞིན་ཡང་དག་སྐྱབས་སུ་མཆི། །བདག་ནི་འཇིགས་པས་རྣམ་སྐྲག་ནས། །ཀུན་ཏུ་བཟང་ལ་བདག་ཉིད་འབུལ། །འཇམ་པའི་དབྱངས་ལའང་བདག་ཉིད་ཀྱིས། །བདག་གི་ལུས་འདི་དབུལ་བར་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང༌། །ཉམ་ཐག་ང་རོས་འོ་ དོད་འབོད། །སྡིག་ཅན་བདག་ལ་བསྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་བོ་དང༌། །ས་ཡི་སྙིང་བོ་དག་དང་ནི། །ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ། །སྐྱབས་འཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཞིར་འབྱེར་བྱེད་པ། །རྡོ་རྗེ་ཅན་ལའང་སྐྱབས་སུ་མཆི། །སྔོན་ཆད་ཁྱོད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེ་མཐོང་ནས། །ཁྱོད་ལ་སྐྱབས་སུ་མཆི་ལགས་ཀྱིས། །སློབ་མའི་བར་ཆད་མྱུར་ཏུ་བསལ་དུ་གསོལ། །དུས་མིན་འཆི་བའིxxཐོབ་པར་ཤོག །

 

གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
རྩོམ་འདིའི་སྦྲེལ་ཐག http://www.tb1025.cn

 

བརྒྱུད་འགོད།