གཤིན་པོའི་སྦྱང་ཆོག་ཐར་ལམ་གསལ་སྒྲོན་ཞེས་བྱ་བ་བཞུགས་སོ། །

    སྤེལ་དུས།  2016-01-19 11:40:39         ཀློག་ཐེངས།  

༄༅། །ཨོཾ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་ཤཱུ་ནྱ་དཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རྟེན་སྣང་བ་མི་དམིགས་པ་སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་ཚེ་འདས་ཀྱི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཡོངས་སུ་གྱུར་བ་ལས། ཚེ་ལས་འདས་པ་ཐ་མལ་བའི་ཆ་བྱད་ཅན་ཕུང་བོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་གསལ་ཞིང་ཡོངས་སུ་རྫོགས་པར་གྱུར། བར་བསམས་ལ། རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ། མཛུབ་མོ་གཉིས་བརྐྱང་བ་ཅུང་ཟད་བཀུག་ནས་ལྕགས་ཀྱུ་ལྟར་བྱས་མཐེའུ་ཆུང་གཉིས་ཁ་བ་ལྟར་བརྐྱང་བ་དེའི་མགོར་བཞག་ནས། ཨོཾ་བཛྲ་ས་ཏྭ་ཧཱུཾ་ཛཿ སངས་རྒྱས་ཀྱི་བདེན་པ་དང༌། ཆོས་ཀྱི་བདེན་པ་དང༌། དགེ་འདུན་གྱི་བདེན་པ་དང༌། དེ་བཞིན་གཤེགས་པ་དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་ཀྱི་རིགས་སུ་ཞུགས་པ་ཐམས་ཅད་ཀྱི་སྙིང་བོ་དང༌། ཕྱག་རྒྱ་དང༌། གསང་སྔགས་དང༌། རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་དང༌། ཁྱད་པར་དུ་ཡང་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་པ་ལ་བརྟེན་ནས། འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་ཞིང་ཚེ་ལས་འདས་པ་འདས་མ་རྣམས་ཀྱི་རྣམ་པར་ཤེས་པ་སྲིད་པ་བར་དོ་ཁམས་གསུམ་འགྲོ་བ་རིགས་དྲུག་སྐྱེ་གནས་བཞིས་བསྡུས་པའི་འཇིག་རྟེན་གྱི་ཁམས་གང་ན་གནས་ཀྱང༌། སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་འདིར་མཆིས་པར་གྱུར། ལན་གསུམ་བརྗོད། ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། ཚེ་འདས་ཀྱི་རྣམ་ཤེས་ཁ་དོག་དམར་ཞིང་གསལ་བ་ཨ་ཐུང་གི་གཟུགས་ཅན་དུ་བཀུག སྤྱི་གཙུག་ནས་ཞུགས་སྙིང་གར་ཐིམ་པར་གྱུར་བར་བསམ། ཁ་ཅིག་སྒོ་བ་བཞིའི་སྔགས་རྒྱས་དགུག་གཞུག་སོགས་བྱ་ཞེས་གསུང་ངོ༌། །ཨོཾ་བཛྲ་མུདྒ་རཱ་ཛཿ ཨོཾ་དཎྚ་ཧཱུཾ། ཨོཾ་པདྨ་བཾ། ཨོཾ་ཁདྒ་ཧོ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་ཨཱ་ན་ཡ་ཧཱུཾ།ཞེས་ཚེ་འདས་ཀྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་བཀུག་པར་གྱུར་བར་བསམ། རྒྱས་པ་ལ་སྤྲོ་ན། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་ནང་དུ་མཛུབ་མོ་ལྕགས་སྒྲོག་ལྟར་བཅིངས། ལེགས་པར་གྱེན་དུ་འཕང་བ་ལྟུང་བ་སློང་བའི་ཕྱག་རྒྱ་བྱས་ལ། ཨོཾ་སརྦ་ཨ་པཱ་ཡ་ཨཱ་ཀརྵ་ན་བི་ཤོ་དྷ་ན་བཛྲ་ས་མ་ཡ་ཧཱུཾ་ཕཊ། ཅེས་ངན་འགྲོ་བ་ཐམས་ཅད་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་བཀུག་པར་གྱུར་བར་བསམ་ལ། དེ་རྣམས་ཀྱིས་བཅོམ་ལྡན་འདས་བདག་ཅག་སྡུག་བསྔལ་གྱིས་གཟིར་བ་འདི་ལས་སྐྱབས་ཏུ་གསོལ།བདག་ཅག་སངས་རྒྱས་དང་ཆོས་དང་དགེ་འདུན་དང་ཁྱེད་རྣམས་ལ་ཡང་སྐྱབས་སུ་མཆིའོ། །ཞེས་སྐྱབས་སུ་འགྲོ་བར་བསམས་ལ། རྡོ་རྗེ་བསྡམས་པ་ལས་གུང་མོ་བསྒྲེངས། མཐེ་བོང་གཉིས་མཐེའུ་བསྲངས་ཏེ་མཉེ་ཞིང་དྲལ་བ་སྡིག་པ་འཇོམས་པའི་ཕྱག་རྒྱ་དང༌། ཨོཾ་བཛྲ་པཱ་ཎི་བི་སྤོ་ཊ་ཡ་སརྦ་ཨ་བཱ་ཡ་བནྔྷའ་ནཱ་ནི་པྲ་མོཀྵ་ཡ་སརྦ་ཨ་བཱ་ཡ་གཏེ་བྷྱཿ སརྦ་ས་ཏྭ་ནཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲཊ། ཀྱིས་སྡིག་པ་དང་སྒྲིབ་པ་ཐམས་ཅད་བཅོམས་ཤིང་ཤི་ནས་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ཞབས་དྲུང་དུ་སྐྱེས། རྟེན་རྣམས་བ་ཚྭ་ཅན་གྱི་རྒྱ་མཚོར་དོར་བར་གྱུར་བར་བསམས་པའི་བར་གྱི་སྔགས་འདི་རྣམས་ཀྱང་ལན་གསུམ་རེ་བརྗོད་པར་བྱའོ། །ཨོཾ་སརྦ་བིད་སརྦ་ཨ་བཱ་ཡ་བི་ཤོ་དྷ་ནེ་ཧཱུཾ་ཕཊ་སྭཱཧཱ། བཛྲ་བན་དྷ་ཏྲཊ། ཅེས་བརྗོད་ཅིང་སྔར་ལྟར་སྙིང་གར་རྡོ་རྗེ་བསྡམས་པ་སྒྲ་དང་བཅས་པས་ལན་གསུམ་དྲལ་བས། ཚེ་འདས་ཀྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་མ་ལུས་པ་སྦྱངས་པར་གྱུར་བར་བསམ། ཚེ་འདས་ཀྱི་སྤྱི་བོར་ཨོཾ་དཀར་བོ། མགྲིན་པར་ཨཱཿདམར་བོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། ཞེས་པས་གནས་གསུམ་བྱིན་གྱིས་བརླབ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མཐེ་བོང་དང་གུང་མོ་དང་མཐེའུ་ཆུང་གྱེན་དུ་བསྒྲེངས་ཏེ་ཁ་སྦྱར་ནས་མཛུབ་མོ་དང་མིང་མེད་སེམས་དཔའི་སྐྱིལ་ཀྲུང་དུ་བྱས་པ་རྡོ་རྗེའི་ཕྱག་རྒྱ། སྙིང་ཁ་ལྐོག་མ་ཁ་ཕྱོགས་སུ། །དཔྲལ་བར་མཛོད་སྤུ་རྣ་བ་གཉིས། །མགོ་བོ་གཙུག་ཕུད་དཔུང་བ་གཉིས། །སྣ་དང་རྐང་བ་པུས་མོ་བོལ། །ལོང་བུ་སྣ་ཡི་རྩེ་མོ་དང༌། །མིག་གཉིས་དང་ནི་གསང་བ་ཡི། །ཞེས་པའི་གནས་ཉེར་གཉིས་སུ་གཏུག་ཅིང༌། ཨོཾ་བཛྲ་ཨ་དྷི་ཏིཥྛ་ཛྙཱ་ན་ས་མ་ཡེ་ཧཱུཾ། ཞེས་པས་བྱིན་གྱིས་བརླབ། དེ་ནས་བགེགས་སྦྱང་བ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ཁྲོ་བོའི་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛ་ས་བཱ་རི་ཝ་ར་བཛྲ་ས་མཱ་ཛཿཧཱུཾ་ཡེ་ཤེས་བསྐལ་བའི་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་སྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོའི་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་བོ་ཁྲོ་བོ་བཞུགས་སོ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛཱ་ས་པཱ་རི་ཝ་ར་ཨེ་ཧྱེ་ཧི། པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཀ་མ་ལ་ཡེ་སྟྭཾ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛཱ་ས་པཱ་རི་ཝ་ར་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་ཏྱཱ། ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཧཱུཾ་ཆོས་ཉིད་སྟོང་བ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང༌། །ཐབས་ལ་མཁས་པའི་འཇིགས་བྱེད་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང༌། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །ལྷག་པའི་ཡེ་ཤེས་རོལ་བ་སྟོན་མཛད་ཅིང༌། །བསྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པ། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་ལོ། །བསྐལ་བའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔའ་བོའི་སྟངས་སྟབས་བརྐྱངས་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་བསྲེག་པར་མཛད་ལ་ཕྱག་འཚལ་ལོ། །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོག །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་ལོ། །ཧཱུཾ་འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང༌། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་ཐམས་ཅད་སྩོལ་བའི་ལྷ། །བགེགས་གྱི་དགྲ་ལ་ཕྱག་འཚལ་བསྟོད། །དེ་ནས་གཏོར་མ་གསུམ་བཤམས་ལ། ཨོཾ་ཧྲཱིཿཥྚཱིཿx། ཨོཾ་སྭ་བྷ་ཝX། སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་བགེགས་ཀྱི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ཨོཾ་ཨཱ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱཿཎཾ་ཨདྱ་ནུད་པན་ན་དྭཏྟ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ལན་གསུམ་གྱིས་བྱིན་བརླབས་ཏེ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། ཚེ་འདས་ཀྱི་མཐོ་རིས་དང་ཐར་བ་ལ་བར་དུ་གཅོད་པར་བྱེད་པའི་གནོད་བྱེད་བགེགས་ཀྱི་ཚོགས་རྣམས་སྐད་ཅིག་གིས་འདིར་བཀུག་པར་གྱུར་བར་བསམ། གཏོར་མ་གཡས་སུ་བསྐོར་ཞིང༌། ཨོཾ་སརྦ་བིགྷྣཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཏད་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་གྲྀཧྣ་དཾ་བ་ལིཾཏ་ཡེ་སྭཱཧཱ།ལན་གསུམ་གྱིས་བགེགས་ལ་བསྔོ་བ་ནི་ཞི་བས་སྦྱང་བ། ཏིང་ལོའི་མར་མེ་དང༌། ཆང་བུ་སྦྲགས་ནས། རྟེན་ལ་ཕྱིར་ བསྐོར་ཞིང༌། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྣ་གྲྀཧྣ་ཧཱུཾ། གྲྀཧྣཱ་པ་ཡ་གྲྀཧྣཱ་པ་ཡ་ཧཱུཾ། ཨ་ན་ཡ་ཧོཿབྷ་ག་ཝཱན་བིདྱ་རཱ་ཛཱ་ཧཱུཾ་ཕཊ། ཏིང་ལོ་དང་ཆང་བུ་གསུམ་གྱིས་བསྐོར་བ་ནི་ཞི་དྲག་ཕྱེད་མས་སྦྱངབ། ཧཱུཾ་དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ང་ཡིས་གནས་འདིར་ཚེ་འདས་སྒྲིབ་པ་སྦྱོང༌། །ཁྱེད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་བཀའ་ལས་འདའ་བྱེད་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་བ་བརྒྱར་ནི་འགས་འགྱུར་ཞིང༌། །བགེགས་རྣམས་བརླག་པར་འགྱུར་བར་གདོན་མི་ཟ། །ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བདེན་པ་དང༌། ཞེས་པ་ནས། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་པ་ལ་བརྟེན་ནས་འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་ཞིང༌། ཚེ་ལས་འདས་པ་རྣམས་གསོན་གྱི་དུས་ན་ཚེ་གནས་པ་ལ་བར་དུ་གཅོད་ཅིང་ཚེ་འཕོས་ནས་གང་དུ་གནས་པའི་ལུས་སྲོག་དང༌། མཐོ་རིས་དང་ཐར་བ་ལ་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་ཐམས་ཅད་དང༌། ཚེ་ལས་འདས་པའི་ཆ་བྱད་བཟུང་ནས། དེའི་ཉེ་འབྲེལ་དང༌། འཇིག་རྟེན་པ་རྣམས་ལ་བསླུ་ཞིང་གནོད་པར་བྱེད་པའི་གནོད་སྦྱིན་དང་ཤ་ཟ་དང་འབྱུང་བོ་ལ་སོགས་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་གནོད་པ་དང་འཚེ་བའི་བསམ་པ་ངན་པ་ཐམས་ཅད་སྤོངས་ལ། ཕན་པ་དང་བདེ་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་རང་རང་སོ་སོའི་གནས་སུ་སོངས་ཤིག གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་རྣམས་ཀྱིས་སྲེག་ཅིང་རྣམ་པར་འཇོམས་པར་གདོན་མི་ཟའོ། །ཞེས་བརྗོད་ཅིང༌། ཨོཾ་ཧྲཱིཿཥྚཱིཿx། ཨོཾ་སུམྦྷ་ནིXནའི་སྔགས་དྲག་ཏུ་བཟླ། གུ་གུལ་གྱིས་བདུག ཡུངས་ཀར་གྱིས་བྲབ། རོལ་མོའི་སྒྲ་དྲག་ཏུ་སྦྱང་བ་ནི་དྲག་པོས་སྦྱང་བའོ། །ཨོཾ་ཧྲཱིཿཥྚཱིཿས་བསངས། ཨོཾ་ཤཱུ་ནྱ་ཏཱའི་སྦྱངས། ཐབས་སྣང་བ་མི་དམིགས་པ་སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་རཾ་ལས་ཡེ་ཤེས་ཀྱི་མེ་འབར་བའི་ནང་དུ་ཁྲོ་བོ་རྡོ་རྗེ་མཁའ་འགྲོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། སྐད་ཅིག་གིས་ཞལ་རབ་ཏུ་གདངས་པ་ལ་སོགས་པ་ཁྲོ་བོའི་ཉམས་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་བར་བསམ། དེའི་སྤྱི་བོར་ཨོཾ།མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཨོཾ་བཛྲ་ཌཱ་ཀ་ཨརྒྷཾ་ནས་ཤཔྟ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་པ་ཆེ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །ཟ་བྱེད་མཁའ་འགྲོར་ཕྱག་འཚལ་བསྟོད། །ཚེ་ལས་འདས་པའི་རྐང་མཐིལ་གཉིས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར། ལྟེ་བར་རཾ་ལས་ཡེ་ཤེས་ཀྱི་མེ་འབར་བ། སྙིང་གར་སྡིག་པའི་ས་བོན་བཾ་ནག་པོ་ལ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་འདུས་པར་གྱུར་བར་བསམ་ལ། ལྟེ་བའི་ཡེ་ཤེས་ཀྱི་མེ་འབར་བའི་འོད་ཟེར་གྱིས་སྙིང་གའི་བཾ་དེད་ནས་སྣ་སྒོ་ནས་ཐོན། སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་ནས་རང་གི་ལག་པར་བཟུང་བའི་ཏིལ་ལ་ཐིམ་པར་གྱུར་བར་བསམས་ལ། ཨོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་བཾ་ད་ཧ་ན་བྷསྨི་ཀུ་རུ་སྭཱཧཱ། ཞེས་ལན་བདུན་ནམ་ཅི་རིགས་བརྗོད་དེ། ཁྲོ་བོའི་ཞལ་དུ་ཕུལ་བས་གསོལ་བར་བསམ། ཨོཾ་བཛྲ་ཌཱ་ཀ་ཨརྒྷཾ་ནས་ཤཔྟ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ། མི་བསྐྱོད་རྡོ་རྗེ་ཞེས་པ་ནས་རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། བཛྲ་ཌཱ་ཀ་བཛྲ་མུཿ མེ་ལྷ་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས།དམ་ཚིག་པ་འོད་དུ་ཞུ་ནས་མེ་འབར་བའི་རྣམ་པ་ཅན་དུ་གྱུར་བར་བསམ་པ་ནི་སྦྱིན་སྲེག་གིས་སྦྱང་བའོ། །བཅོམ་ལྡན་འདས་རྒྱལ་བ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨཱ་བ་རཾ་པ་རཱ་ཎི་མེ་སརྦ་ས་ཏྭ་ནཱཉྩ་སྭཱཧཱ། ཞེས་མི་འཁྲུགས་པའི་གཟུངས་དང༌། གཙུག་ཏོར་རྣམ་རྒྱལ་གཟུངས་རིང་ངམ་ཡང་ན། ཨོཾ་བྷྲཱུཾ་སྭཱཧཱ། ཨོཾ་ཨ་མྲྀཏ་ཨཱ་ཡུརྡ་དེ་སྭཱཧཱ། ཞེས་དང༌། གཙུག་ཏོར་དྲི་མེད་གྱི་གཟུངས་དང༌། ཨོཾ་པདྨོཥྞཱི་ཥ་བི་མ་ལེ་ཧཱུཾ་ཕཊ། ཅེས་པ་རྣམས་ཉེར་གཅིག་རེ་རྩ་རིག་དང་ལྷ་རྣམས་ཀྱི་སྔགས་མིང་སྤེལ་དང་བཅས་པ་བཟླས་ནས། ཨོཾ་སརྦ་པཱ་བཾ་ད་ཧ་ན་བཛྲ་ཧཱུཾ་ཕཊ། ཨོཾ་སརྦ་པཱ་བཾ་བི་ཤོ་དྷ་ན་བཛྲ་ཧཱུཾ་ཕཊ། ཨོཾ་སརྦ་ཀརྨཱ་ཨཱ་ཝ་ར་ཎཱ་ནི་བྷསྨི་ཀུ་རུ་ཧཱུཾ་ཕཊ། ཨོཾ་བྷྲཱུཾ་བི་ནཱ་ཤ་ཡ་ཨཱ་ཝ་ར་ཎཱ་ནི་བཛྲ་ཧཱུཾ་ཕཊ། ཨོཾ་དྲུཾ་བི་ཤོ་དྷ་ཡ་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཛྭ་ལ་ཛྭ་ལ་དྷ་ཀ་དྷ་ཀ་ཧ་ན་ཧ་ན་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་སྲུང་ས་ར་ས་ར་པྲ་ས་ར་པྲ་ས་ར་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧ་ར་ཧ་ར་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཕཊ་སརྦ་ཨཱ་ཝ་ར་ཎཱ་ནི་སྥོཊ་ཡ་ཧཱུཾ་ཕཊ། ཨོཾ་བྲིཏ་བྲིཏ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཏྲ་ཊ་ཏྲ་ཊ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཚིནྡྷ་ཚིནྡྷ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་བྲེ་ཏ་ཀ་གཏི་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྱ་ཀ་གཏི་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ས་ཏྭXཨཱཿཧཱུཾ་ཕཊ། ཅེས་བཟླ་ཞིང་རྟེན་ལ་བྲབ།སྔགས་དོན་དང་མཐུན་པའི་དམིགས་པ་དང་སྤེལ་ཚིག་བྱའོ། །དེ་ནས་ཁྲུས་བུམ་མམ་རྣམ་རྒྱལ་ཀྱི་དཀྱིལ་འཁོར་དང་རས་བྲིས་སོགས་ཀྱི་སྐུ་གཟུགས་མེ་ལོང་དུ་ཤར་བ་ལ། ཁྲུས་ཀྱི་ཁང་བ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་བྲེ་བྲེས་པ་དེར། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བཅོམ་ལྡན་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ། སྐྱབས་གསུམ་ཀུན་འདུས་བླ་མ་རྡོ་རྗེ་འཆང༌། །གང་ལ་གང་འདུལ་བཤེས་གཉེན་ཚུལ་བཟུང་ནས། །མཆོག་དང་ཐུན་མོང་དངོས་སྩོལ་མཛད་པའི། །དྲིན་ཆེན་བླ་མ་རྣམས་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ། གསང་བ་འདུས་པ་བདེ་མཆོག་ཧེ་རུ་ཀ །དཔའ་ཆེན་རྡོ་རྗེ་འཇིགས་བྱེད་ལ་སོགས་པའི། །གྲངས་མེད་རྒྱུད་སྡེའི་བཞི་ཡི་འཁོར་ལོའི་ཚོགས། །ཡི་དམ་ལྷ་ཚོགས་རྣམས་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦXཤྲི་ཡེ་ཨཱཿཧཱུཾ། མཐུན་པའི་དགེ་ཚོགས་སྨོན་ལམ་རྨད་བྱུང་ཞིང༌། །སྤྱོད་པ་སྤྱད་ཚེ་ནམ་ཡང་མཆེད་གྱུར་པ། །སྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པའི། །རྫོགས་པའི་སངས་རྒྱས་སྟོང་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦXཤྲི་ཡེ་ཨཱཿཧཱུཾ། འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། །རྒྱལ་ཚབ་དམ་པ་རྗེ་བཙུན་མི་ཕམ་མགོན། །རྒྱལ་བའི་ལུང་བསྟན་འཕགས་པ་ཐོགས་མེད་ཞབས། །སངས་རྒྱས་བྱང་སེམས་གསུམ་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦXཤྲི་ཡེ་ཨཱཿཧཱུཾ། མཁའ་ལ་སྤྱོད་པའི་གནས་མཆོག་དམ་པ་ན། །མངོན་ཤེས་རྫུ་འཕྲུལ་མངའ་བའི་མཐུ་སྟོབས་གྱིས། །སྒྲུབ་བ་བོ་ལ་མ་ཡིས་བུ་བཞིན་གཟིགས། །གནས་གསུམ་མཁའ་འགྲོའི་ཚོགས་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦXཤྲི་ཡེ་ཨཱཿཧཱུཾ། ཡེ་ཤེས་མགོན་པོ་ཆོས་ཀྱི་རྒྱལ་བོ་དང༌། །དམག་ཟོར་རྒྱལ་མོ་རྒྱལ་ཆེན་རྣམ་ཐོས་སྲས། །ལྷ་ཆེན་གུར་དང་དཔལ་མགོན་ཞལ་བཞི་སོགས། །བཀའ་སྡོད་ཆོས་སྐྱོང་རྣམས་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦXཤྲི་ཡེ་ཨཱཿཧཱུཾ། ཞེས་སོགས་སྔགས་དང་བཅས་པས་ཁྲུས་གསོལ། དེ་ནས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་སོགས་ལ་ཁྲུས་གསོལ་བའི་ཚིགས་བཅད་ཅི་རིགས་དང༌། རྒྱལ་བའི་སྐུ་གསུང་ཐུགས་ལ་ཉོན་མོངས་མི་མངའ་ཡང༌། །ཚེ་འདས་ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱང་སླད་དུ། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། །ཚེ་འདས་ལུས་ངག་ཡིད་གསུམ་སྒྲིབ་པ་དག་གྱུར་ཅིག །ཨོཾ་སརྦXཤྲི་ཡེ་ཨཱཿཧཱུཾ།དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ཨོཾ་ཧཱུཾ་ཏྲཱཾ་ཧྲཱི་ཨཱཿཀ་ཡ་བི་ཤོ་དྷ་ན་ཡེ་སྭཱཧཱ། ཅེས་སྐུ་ཕྱི། སྣ་ཚོགས་དབང་བོའི་གཞུ་ལྟར་རབ་བཀྲ་ཞིང༌། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱངས་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝ་ས་སྱ་སྭཱཧཱ། དེ་ནས་ཁྲུས་གསོལ་བའི་ཆུ་བུམ་པར་བླུག་སྟེ། རོ་ཡིན་ན་དངོས་སུ། མིང་བྱང་ཡིན་ན་ནུབ་གོང་མ་རྣམས་ལ་མེ་ལོང་ལ་གཟུགས་བརྙན་ཤར་བ་དང༌། ཐ་མ་ལ་དངོས་སུ་བཀྲུ་ཞིང། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང༌། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུས། །ཁྲུས་ལེགས་མཛད་ལ་ཁྲུས་བགྱིའོ། །འདི་ནི་ཚུལ་ཁྲིམསX། ཚུལ་འཆལX། བསྲུང་བX།ཁྲུས་ལེགསX། འདི་ནི་བཟོད་པའིX། ཁོང་ཁྲོའིX། བྱམས་པX། ཁྲུས་ལེགསX། འདི་ནི་བརྩོན་འགྲུསX། ལེ་ལོའིX། བརྩོན་པX།ཁྲུས་ལེགསX། འདི་ནི་བསམ་གཏནX། རྣམ་གཡེངX། ཏིང་འཛིནX། ཁྲུས་ལེགསX། འདི་ནི་ཤེས་རབX། ཤེས་འཆལX། ཡེ་ཤེསX།ཁྲུས་ལེགསX། ཅེས་བརྗོད། དེ་བཞིན་དུ་སྦྱིན་པ་ཞེས་པའི་གནས་སུ་ཚུལ་ཁྲིམས་ སོགས་དང༌།སེར་སྣ་ཞེས་པའི་གནས་སུ་ཚུལ་འཆལ་སོགས་ཀྱང་བཅུག་ལ་སྔར་བཞིན་བཀྲུས་ལ། ཆུ་བོ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་མངའ་ཞིང༌། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །དྲི་ཆུ་དྲུག་གིས་ཁྲུས་བྱས་པས། །དྲི་མ་རྣམ་དྲུག་སྦྱོང་མཛད་པ། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པ། །ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །དྲི་མ་རྣམ་དྲུག་དག་པ་ཡིས། །ཡོན་ཏན་ཐམས་ཅད་དང་ལྡན་པ། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱིའོ། །ཨོཾ་ཡ་མཱནྟ་ཀ་ས་མ་ཡXཨཱཿཧཱུཾ་ཕཊ། ཞེས་སོགས་བརྗོད། ཉོན་མོངས་བ་དང་དེའི་དབང་གིས་བྱུང་བའི་དུག་བསལ་བའི་ཕྱིར། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་སངས་རྒྱས་དུག་མི་མངའ། །སངས་རྒྱས་གཟི་ཡིས་དུག་བཅོམ་མོ། །འདོད་ཆགསX། དེ་དགX། བཅོམ་ལྡན་དམ་ཆོསX། དམ་ཆོས་གཟི་ཡིསX། འདོད་ཆགསX། དེ་དགX། འཕགས་པའི་དགེ་འདུནX། དགེ་འདུནX། ས་ནི་དུག་གི་མ་ཡིན་ཏེ། །ས་ནི་དུག་གི་ཕ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །ཚེ་འདས་དུག་ནི་དུག་མེད་ཤོག །དུག་ནི་ས་ཡི་ནང་དུ་སོང༌། །གང་བའི་སྣོད་དུ་དུག་སོངས་ཤིག་སྭཱཧཱ། ཆུ་ནི་དུག་གིX། ཆུ་ནི་དུག་གིX། བདེན་པའི་བདེན་ཚིགX། ཚེ་འདས་དུག་ནིX། དུག་ནི་ཆུ་ཡིX། གཤེར་བའི་སྣོད་དུX། མེ་ནི་དུག་གིX། མེ་ནི་དུག་གིX། བདེན་པའི་བདེན་ཚིགX། ཚེ་འདས་དུག་ནིX། དུག་ནི་མེ་ཡིX། ཚ་བའི་སྣོད་དུX། རླུང་ནི་དུག་གིX། རླུང་ནི་དུག་གིX། བདེན་པའི་བདེན་ཚིགX། ཚེ་འདས་དུག་ནིX། དུག་ནི་རླུང་གིX། གཡོ་བའི་སྣོད་དུX། ཨོཾ་ཡ་མཱནྟ་ཀ་ས་མ་ཡXཨཱཿཧཱུཾ་ཕཊ། དེ་ཡང་ལས་སྒྲིབ་སོགས་སྔོན་གྱི་ལས་ལས་བྱུང་ཡང་རྐྱེན་རང་རང་གི་འབྱུང་བ་དེ་དག་ལས་སྐྱེ་བར་གསུངས་པས་དེ་དག་ལ་ཕ་མའི་ཐ་སྙད་དང༌། སོང་ཞིག་ཅེས་པ་སྐབས་སུ་རྒྱུ་འབྲས་དེ་དག་རང་རང་གི་གནས་ལུགས་དེ་ཁོ་ན་ཉིད་དང་ངོ་བོ་དབྱེར་མེད་དུ་སོང་སྟེ། ཆོས་ཉིད་ཀྱི་ངང་དུ་གྱུར་པར་བསམ། མི་ཤིས་པ་སྦྱང་བ་ནི། ཤོ་ལོ་ཀ་རེ་རེའི་མཐར་མེ་ཏོག་འཐོར་ཞིང༌། དྲིལ་བུ་གསིལ་བ་དང་བཅས་པས། གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་འཇོམས་དྲི་མ་མེད་མཛད་ཅིང༌། །ཐུགས་ཞི་གནོད་པ་མི་མངའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །དྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་བའི་ལམ་དུ་འཛུད་མཛད་ཅིང༌། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། །ཁྱེད་ལX། སྟོན་པ་འགྲོ་བ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་ཞིག་བདེ་བར་མངའ་མཛད་དེས། །ཁྱེད་ལX། སྐྱོབ་པ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་དེས། །ཁྱེད་ལX། གང་ཞིག་འཁོར་བར་འགྲོ་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང༌། །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱེད་ལX། གང་ཞིག་ཆོས་རྣམས་མངོན་སུམ་གྱུར། །གཙང་ཞིང་བསླུ་བ་མི་མངའ་བ། །གསུང་གཙང་གཙང་མར་མཛད་པ་དེས། །ཁྱེད་ལX། དཔའ་བོ་ཆེན་པོ་གང་སྐྱེས་པས། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང༌། །དོན་གྲུབ་ཆོས་ཀྱང་གྲུབ་པ་ དེས། །ཁྱེད་ལX། གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་པ་རབ་གཡོས་ཤིང༌། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱེད་ལX། བྱང་ཆུབ་སྙིང་བོར་གཤེགས་པ་ན། །ས་དག་རྣམ་དྲུག་གཡོས་གྱུར་ཅིང༌། །བདུད་ཡིད་མི་བདེར་གྱུར་བ་དེས། །ཁྱེད་ལX། ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམས་གསུངས་ཤིང༌། །ཐུབ་པའི་སྙན་པ་གང་བྱུང་དེས། །ཁྱེད་ལX། ཡིད་འཕྲོག་གང་གིས་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་དེ། །ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱེད་ལX། སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ཚངས་པའི་ལྷ་རྣམས་དང༌། །འབྱུང་བོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང༌། །ལྷ་རྣམས་ཀུན་གྱི་བསམ་པ་ཡིས། །ཁྱེད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་གྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་གྱུར། །རྐང་བཞི་ཁྱེད་ཅག་བདེ་ལེགས་གྱུར། །ཁྱེད་ཅག་ལམ་བགྲོད་བདེ་གྱུར་ཅིག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང༌། །ཉིན་མཚན་རྟག་ཏུ་བདེ་ལེགས་པས། །ཁྱེད་ཅག་སྡིག་པར་མ་གྱུར་ཅིག ། ཅེས་དྲིལ་བུ་གསིལ་ཞིང་མེ་ཏོག་གཏོར་ལ། ཚེ་ལས་འདས་པ་འཁོར་བ་དང་ངན་སོང་གི་འཇིགས་སྐྲག་ལས་གྲོལ་ཏེ་བདེ་འགྲོ་ལྷ་མིའི་གོ་འཕང་ཐོབ་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག ཅེས་བརྗོད། དེ་ནས་བུ་ལ་སོགས་པས་མིང་བྱང་བ་དྲུང་ནས་ཕྱག་བྱེད་པའམ་མེད་ཀྱང་རུང་སྟེ། ཚེ་འདས་དེ་ཉིད་བསམ་པ་ཐག་པས་དཀོན་མཆོག་གསུམ་དང་ཉེ་བའི་སྲས་བརྒྱད་ལ་སྐྱབས་སུ་འགྲོ་ཞིང་ཕྱག་བྱེད་པར་བསམས་ལ། སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །སྐྱོབ་པ་ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་སྡེ་ལ་ཕྱག་འཚལ་ལོ། །གསུམ་ལ་རྟག་ཏུ་གུས་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །གཟུགས་མཆོག་མཆོག་ཏུXཕྱག་འཚལ་ལོ། །གཙོ་བོ་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་བ་དང༌། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང༌། །དེ་བཞིན་ཡང་དག་སྐྱབས་སུ་མཆི། །བདག་ནི་འཇིགས་པས་རྣམ་སྐྲག་ནས། །ཀུན་ཏུ་བཟང་ལ་བདག་ཉིད་འབུལ། །འཇམ་པའི་དབྱངས་ལའང་བདག་ཉིད་ཀྱིས། །བདག་གི་ལུས་འདི་དབུལ་བར་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང༌། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ཅན་བདག་ལ་བསྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་བོ་དང༌། །ས་ཡི་སྙིང་བོ་དག་དང་ནི། །ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ། །སྐྱབས་འཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ནས་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཞིར་འབྱེད་བྱེད་པའི། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེ་མཐོང་ནས། །ཁྱོད་ལ་སྐྱབས་སུ་མཆི་ལགས་ཀྱིས། །འཇིགས་པ་མྱུར་དུ་བསལ་དུ་གསོལ། །ཅེས་བརྗོད་པར་བསམ། དེ་རྣམས་ནི་ཕྱིར་བཟློག་གི་སྦྱང་བའོ། །ཨོཾ་ཧྲཱིཿཥྚཱིཿx། ཨོཾ་ཤཱུནྱ་ཏཱX། རྟེན་སྣང་བ་མི་དམིགས་པ་སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་རྟེན་སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་ཡོངས་སུ་གྱུར་ལས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པ་གཡོན་བརྐྱངས་གིས་བཞུགས་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཨོཾ་ཡ་མཱནྟཀ་ཨརྒྷཾXཤཔྟ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ། གཟུགས་མཆོག་མཆོག་ཏུ་དྲག་པོ་ཆེ། །དཔའ་བོ་མཆོག་གི་སྤྱོད་ཡུལ་ཅན། །གདུལ་དཀའ་འདུལ་བའི་དོན་མཛད་པ། །རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ། །ཞེས་པས་བསྟོད། དེ་ནས་ཟས་གཏད་བྱེད་འདོད་ན། ཨོཾ་ཧྲཱིཿཥྚཱིཿx། ཨོཾ་ཤཱུནྱ་ཏཱX། འདོད་ཡོན་སྣང་བ་མི་དམིགས་པ་སྟོང་བ་ཉིད་དུ་གྱུར།སྟོང་བའི་ངང་ལས་ཨོཾ་ཡིག་འོད་དུ་ཞུ་བ་ལས་བྱུང་བའི་འདོད་ཡོན་གྱི་མཆོད་པ་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་ནམ་མཁའི་ཁམས་གང་བར་གྱུར། ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨ་ཝརྟ་ཡ་ཨ་ཝརྟ་ཡ་ཧོ་བཛྲ་སྥ་ར་ན་ཁཾ། ཞེས་སྔར་གྱི་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་ཁ་ཟས་རོ་བརྒྱ་བ་ལ་སོགས་པར་སྤྲུལ་ཏེ། ཨོཾ་རཱུ་བ་ཤཔྟ་གནྡྷེ་ར་ས་སྥརྴ་ཨཱཿཧཱུཾ། གིས་བྱིན་གྱིས་བརླབ། ཨེ་མ་མཆོད་པ་བླ་ན་མེད། །རང་བྱུང་མཆོད་པ་ཆེན་པོ་སྟེ། །གཟུགས་ཀྱི་ལྷ་མོ་མེ་ལོང་འཛིན། །གཟུགས་ཀྱི་མཆོད་པ་སྤྱན་ལ་འབུལ། །ཨོཾ་ཡནྟ་ཀ་རཱུ་བ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུཾ། ཨེ་མ་མཆོད་པx། །རང་བྱུང་མཆོད་པx། །སྒྲ་ཡི་ལྷ་མོ་བི་ཝང་འཛིན། །སྒྲ་ཡི་མཆོད་པ་སྙན་ལ་འབུལ། །ཨོཾ་ཡནྟ་ཀ་ཤཔྟX། །ཨེ་མ་མཆོད་པx། །རང་བྱུང་མཆོད་པx། །དྲི་ཡི་ལྷ་མོ་དུང་ཆོས་འཛིན། །དྲི་ཡི་མཆོད་པ་ཤངས་ལ་འབུལ། །ཨོཾ་ཡནྟ་ཀ་གནྡྷེX། ཨེ་མ་མཆོད་པx། །རང་བྱུང་མཆོད་པx། རོ་ཡི་ལྷ་མོ་ཞལ་ཟས་འཛིན། །རོ་ཡི་མཆོད་པ་ལྗགས་ལ་འབུལ། །ཨོཾ་ཡནྟ་ཀ་ར་སX།ཨེ་མ་མཆོད་པx། །རང་བྱུང་མཆོད་པx།རེག་བྱའི་ལྷ་མོ་ན་བཟའ་འཛིན། །རེག་མཆོད་པ་སྐུ་ལ་འབུལ། །ཨོཾ་ཡནྟ་ཀ་སྥརྴX།དེ་ཡང་བཟའ་བཏུང་སོགས་གཤིན་པོ་རང་ལ་གཏོང་བ་ལྟ་བུའི་ཟས་གཏད་མ་བྱས་ན་སྦྱིན་བདག་གི་བསམ་པ་མི་ཁེངས་པ་ལྟ་བུའི་དགག་བྱ་ཡོད་ཚེ་དངོས་སུ་དེ་ལྟར་བྱ་ལ། ཡིད་ཀྱིས་བླ་མ་དང་དཀྱིལ་འཁོར་བའི་ལྷ་དང་ཚེ་འདས་ལྷར་བསྐྱེད་པ་རྣམས་ལ་ཕུལ་ནས་དེ་དག་ཚིམས་པར་བསམས་ཤིང་དགེ་པ་ཚེ་འདས་ཀྱི་དོན་དུ། ཐམས་ཅད་མཁའི་མཛོད་བཞིན་དུ། །ལོངས་སྤྱོད་ཆད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །ཞེས་བསྔོ་བར་བྱས་ན་གཤིན་པོ་ལ་ཕན་པར་འགྱུར་གྱི་གཞན་དུ་ན་འཇིག་རྟེན་པ་དག་ཟས་གོས་སོགས་གཤིན་པོ་ལ་གཏད་ནས་ལོངས་སྤྱོད་པར་སེམས་ཤིང་ལོངས་སྤྱོད་པའི་སྣང་བའང་ཅི་རིགས་སུ་འབྱུང་བ་ནི་འབྱུང་བོ་ཝ་ར་ཧི་ན་ཏ་སོགས་ཀྱིས་བསླུ་བའི་ཕྱིར་བསྟན་པར་ཟད་ཀྱི་གཤིན་པོ་ལ་ཕན་པའི་གནས་མེད་དོ། །ཞེས་གསུངས། དེས་ན། དེ་ལྟ་བུའི་དགག་བྱ་མེད་ན་ཟས་གཏད་བྱེད་མི་དགོས་སོ། །གཞན་ཡང་གཞུང་འདི་ལས། དེང་སང་དབང་རྣམ་དག་དང་དམ་ཚིག་བསྲུང་བ་ལས་རུང་གི་བསྙེན་པ་སོགས་ཀྱི་ཕྱོགས་ནའང་མེད་པ་དུ་མས་ལྷོ་སྒོའི་ཆོ་གར་སྙད་བཏགས་པའི་ནོར་ལུག་མང་དུ་བསད་པའི་ཤ་ཁྲག་གིས། ཤི་གསོན་ཐུན་མོང་གི་སྟོན་མོ་རྒྱ་ཆེན་བྱས་ནས། དེ་ཉིད་ཆོས་ཀྱི་མཐར་ཐུག་ཏུ་རློམ་པར་སྣང་ཞིང༌། དེ་འདྲའི་སྤྲོས་པ་མེད་ན་ཞེ་འདོད་མི་ཁེངས་པར་འདུག་མོད་ཀྱང༌། གཤེན་རབས་བོན་གྱི་ལུགས་ཀྱང་དེ་ལས་སྡུག་རྒྱུ་མེད་འདྲ་ཞིང༌། མུ་སྟེགས་བྱེད་ཀྱིས་ཕྱུགས་ཀྱི་མཆོད་སྦྱིན་དང་མཚུངས་པ་དེ་ལྟ་བུས་ནི། རང་དང་གཤིན་པོ་གཉིས་ཀ་བདེ་བ་ཅན་དང༌། མནར་མེད་གང་དུ་འདྲེན་པར་བརྟག་པར་རིགས་སོ། །ཞེས་གསུངས། དེ་ནས། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་ལས་བྱུང་བ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱིས། །རིན་ཆེན་ཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །རྣམ་པར་གྲོལ་བའི་ལམ་དག་ལ། །བརྟེན་ནས་སྡིག་པ་ཀུན་སྦྱངས་ནས། །འཕགས་པའི་ལམ་དེར་བགྲོད་པར་ཤོག །ཨོཾ་རཏྣེ་རཏྣེ། མ་ཧཱ་རཏྣེ། རཏྣ་སམྦྷ་ཝེ། རཏྣ་ཀི་ར་ནེ། རཏྣ་མཱ་ལ་བི་ཤུདྡྷེ། ཤོ་དྷ་ཡ་སརྦ་པཱ་བཾ་ཧཱུཾ་ཕཊ། ཅེས་པས་ལམ་བསྟན་ལ། པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པའི། །སྲིད་པའི་པདྨོ་ལས་བྱུང་བ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཨོཾ་པདྨེ་པདྨེ་པདྨ་སམྦྷ་ཝ་མ་ཧཱ་སུ་ཁ་ཝ་ཏི་གཙྪན་ཏུ་སྭཱཧཱ། ཞེས་བརྗོད་ཅིང་མེ་ཏོག་གཏོར་ལམ་སྦྱངས་པས། འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །འོད་དཔག་མེད་པའི་ཞིང་ཁམས་ཡོད། །སུ་ཞིག་དེ་ཡི་མཚན་བརྗོད་ན། །ཞིངམཆོག་དེ་རུ་སྐྱེ་བར་འགྱུར། །འདི་ནས་ཉིང་མཚམས་སྦྱར་མ་ཐག །དག་པའི་ཞིང་མཆོག་བདེ་བ་ཅན། །པདྨའི་སྙིང་བོ་ཟེའུ་འབྲུ་ལ། །རྫུས་ཏེ་སྐྱེ་བ་ལེན་པར་ཤོག །ཡ་མཱནྟ་ཀ་བཛྲ་མུཿ ཚེ་འདས་ཀྱི་རྣམ་ཤེས་ལྷ་ཡེ་ཤེས་པ་དང་དབྱེར་མེད་དུ་འདྲེས་སྤྱི་གཙུག་ནས་ཐོན། བདེ་བ་ཅན་དུ་གཤེགས་དེར་པདྨ་ལས་རྫུས་ཏེ་སྐྱེས་ནས་མྱུར་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བའི་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །དེར་ནི་བདག་གིས་ལུང་བསྟན་རབ་ཐོབ་ནས། །སྤྲུལ་བ་མང་བོ་བྱེ་བ་ཕྲག་བརྒྱ་ཡིས། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང༌། །ཚེ་འདས་རྣམས་ལ་ཕན་པ་མང་བྱེད་ཤོག།


གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
རྩོམ་འདིའི་སྦྲེལ་ཐག http://www.tb1025.cn


 

བརྒྱུད་འགོད།