སྨན་བླའི་བུམ་ཆོག་བཞུགས་སོ། །

    སྤེལ་དུས།  2016-01-19 11:39:10         ཀློག་ཐེངས།  

༄༅། །རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་སྨན་པའི་རྒྱལ་བོ་སྐུ་མདོག་མཐིང་ག་གཡས་ཨ་རུ་རའི་སྡོང་བོ་དང་བཅས་པའི་མཆོག་སྦྱིན་མཛད་ཅིང༌། གཡོན་མཉམ་བཞག་གི་སྟེང་ན་ལྷུང་བཟེད་བདུད་རྩིས་གང་བ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་གྱུར། ཨོཾ་བཛྲ་ཨམྲྀ་ཏxཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝxཧཾ། བུམ་པ་སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་དཀར་བོ། ལྟོ་བ་ཆེ་བ། མགྲིན་པ་རིང་བ་མཆུ་འཕྱང་བ་ལ་སོགས་པ་མཚན་ཉིད་ཐམས་ཅད་དང་ལྡན་པ་དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ་ལྷའི་ཆུ་བོ་གང་གཱ་དང་བུམ་པའི་ཆུ་དབྱེར་མི་ཕྱེད་པར་གྱུར། བུམ་པའི་ནང་དུ་པདྨ་དང་ཟླ་བའི་སྟེང་དུ་སྙིང་བོ་དང་གཟུངས་རིང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། བདེ་བར་གཤེགས་པ་བརྒྱད་ཀྱི་ཐུགས་རྒྱུད་བསྐུལ། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། དགེ་འདུན་གྱི་ཆོས་སྤྱོད་འཕེལ་བར་བྱས། འོད་ཟེར་སླར་འདུས་ནས་བུམ་པའི་ཆུའི་སྟེང་དུ་ཁྱབ་པའི་བདུད་རྩིར་གྱུར། ཨོཾ་ན་མོ་བྷཱ་ག་ཝ་ཏེ། བྷཻ་ཥ་ཛཱེxསྭཱཧཱ། སྔགས་བཟླས་པའི་རྐྱེན་གྱིས་བདེ་བར་གཤེགས་པ་བརྒྱད་འཁོར་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་སྐུའི་ཆ་ཐམས་ཅད་ནས་འོད་ཟེར་དཔག་ཏུ་མེད་པ་བྱུང་སྟེ་བུམ་པའི་ཆུ་ལ་ཐིམ་པས་བྱིན་གྱིས་བརླབ་པར་གྱུར།

 

གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
རྩོམ་འདིའི་སྦྲེལ་ཐག http://www.tb1025.cn

 

བརྒྱུད་འགོད།