གསོ་སྦྱོང་བསྡུས་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2016-01-08 20:55:30     རྩོམ་པ་པོ།   འའཇིགས་མེད་འཕྲིན་ལས་རྒྱ་མཚོ    ཀློག་ཐེངས།  

   ༄༅། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཞིང་། །མཁའ་ཁྱབ་འགྲོ་ཀུན་དོན་དུ་སེམས་བསྐྱེད་ནས། །ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་ཀྱིས། །འགྲོ་ལ་ཕན་ཕྱིར་གསོ་སྦྱོང་ངེས་རྟོགས་བཞིན། །བདག་གིས་ཀྱང་ནི་སང་གི་ཉི་ཤར་བར། །བསླབ་བརྒྱད་བསྲུང་ཞིང་ཚུལ་ཁྲིམས་བག་ཡོད་དང་། །བརྟུལ་ཞུགས་ཡན་ལག་དག་ལ་ལེགས་གནས་པས། །བླ་མེད་བྱང་ཆུབ་དམ་པ་འཐོབ་པར་ཤོག ལན་གསུམ། ཨོཾ་ཨ་མོ་གྷ་ཤཱི་ལ། སཾ་བྷ་ར། བྷ་ར་བྷ་ར། མ་ཧཱ་ཤུད་དྷ་ས་ཏྭ། པད་མ་བི་བྷུ་ཥཱི་ཏེ་བྷུ་ཛ། དྷ་ར་དྷ་ར། ས་མན་ཏ། ཨ་ཝ་ལོ་ཀེ་ཏེ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་ལན་ཉེར་གཅིག་བཟླས་ཏེ། ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །སོགས་སྨོན་ལམ་གདབ་བོ། །ཞེས་གྲོང་བ་ཕོ་མོ་རྣམས་ཀྱིས་སྨྱུང་སྡོམ་རེ་ལེན་འདོད་ཀྱང་ཆོ་ག་རྒྱས་པ་མི་ཐོན་པས། དེ་རྣམས་ལ་ཉུང་བསྡུས་གནད་ཚང་ཞིག་གལ་ཆེ་ཞེས་རིག་གནས་རབ་འབྱམས་ལ་བློ་གྲོས་ཉིན་བྱེད་ལྟར་གསལ་བ་འཚོ་བྱེད་དཀོན་མཆོག་རྒྱ་མཚོས་བསྐུལ་ངོར་གྱི་ན་བ་འཇིགས་མེད་འཕྲིན་ལས་རྒྱ་མཚོས་སྤེལ་བ་དགེའོ།

གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
རྩོམ་འདིའི་སྦྲེལ་ཐག http://www.tb1025.cn
 

 

བརྒྱུད་འགོད།