འཇིགས་བྱེད་བུམ་པ་བཞུགས་སོ། །

    སྤེལ་དུས།  2016-01-01 16:15:43         ཀློག་ཐེངས།  

          ༄༅།།ཨོཾ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝས་སྦྱངས། བུམ་པ་སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་བཾ་ལས་བྱུང་བའི་རིན་པོ་ཆེ་བུམ་པ་དཀར་བོ་ལྟོ་བ་ཆེ་བ་མགྲིན་པ་རིང་བ་མཆུ་འཕྱངས་པ་ལ་སོགས་པའི་མཚན་ཉིད་ཐམས་ཅད་དང་ལྡན་པར་གྱུར། ཨོཾ་ཏཔྟེ་ཏཔྟེ་མ་ཧ་ཏཔྟེ་སྭཱ་ཧཱ། ལྷའི་ཆུ་བོ་གངྒ་དང་བུམ་པའི་ཆུ་དང་དབྱེར་མི་ཕྱེད་པར་གྱུར། བུམ་པའི་དབུས་སུ་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་ཡི་གེ་བརྒྱ་བའི་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་བླ་མ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་བདུད་རྩི་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ཏེ་སྔགས་ཕྲེང་ས་བོན་དང་བཅས་པ་ལ་ཐིམ་པས་དེ་ལས་བདུད་རྩི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཡིག་བརྒྱ་བཟླ། སྔགས་ཕྲེང་ས་བོན་དང་བཅས་པ་འོད་དུ་ཞུ་ནས་བུམ་པའི་ཆུ་དང་དབྱེར་མི་ཕྱེད་པར་གྱུར།


 

བརྒྱུད་འགོད།